ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཤ་ཀླན་འཇམ་དབྱངས་གྲགས་པ།



29.03.2012 03:12:05

དེ་སྔར་ཅོ་རི་ཉི་མ་ལགས་ཀྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་ཤམ་བྷ་ལའི་དྲ་བའི་ཞུ་དག་པ་འགའ་བདམས་ཡོད་ལ། ཕྲན་པའི་མིང་ཡང་ཐོ་གཞུང་དེའི་ནང་དུ་འདུག་པས་དང་པོར་ཅུང་འཚེར་སྣང་བྱུང་མོད། ཞིབ་ཏུ་བསམས་ན་དེ་ནི་མི་ཞིག་གིས་མི་ཞིག་ལ་ཆེ་མཐོང་སྤྲོད་པ་དང་། རེ་བ་བྱས་པ་ཡིན་པས། རེ་བ་བཞིན་འགྲུབ་ཐུབ་རུང་མ་ཐུབ་རུང་། ཚོད་ལྟ་ཞིག་བྱས་ན་མི་འགྲིག་པ་གང་ཡང་མི་འདུག་དྲན། ལྷག་པར་དུ་ལྷ་རམས་པ་འཇམ་ནོར་སོགས་མཁས་པ་ཁ་ཅིག་ནི་ཆོས་དང་འབྲེལ་བའི་བྱ་བ་སྣ་ཚོགས་སུ་འཇུག་དགོས་པས་ཞུ་དག་པའི་ལས་གནས་ལས་དགོངས་ཞུ་གནང་ཟིན་པས་ད་ལྟ་ཞུ་དག་པའི་ས་མིག་དེ་སྟོང་པ་ལྟ་བུར་ལྷག་འདུག
  གསལ་བསྒྲགས།
བསམ་ཚུལ། 4 བཀླཌ་ཐེངས།: 1451  

18.03.2012 23:18:07

ཀློག་པ་པོ་ལགས། འོག་གི་རྩོམ་ཡིག་འདི་ནི་ལྷ་རམས་འཇམ་ནོར་ལགས་ཀྱི་རྩོམ་ཡིག་ལེགས་གྲས་ཤིག་རེད།ངས་ཁོང་ལ་ཡིག་ནོར་དང་དོན་ནོར་ལ་གཟབ་དགོས་ཚུལ་གྱི་གནས་ལུགས་ཇི་ལྟར་བཤད་ཀྱང་། ཁོས་ཚུར་ཧམ་པ་དང་ཁ་ཤེད་ཁོ་ནས་ལན་བཏབ་པས་དེ་རིང་ཁོང་གི་རྩོམ་ཡིག་འདི་ལ་རགས་ཞུ་ཞིག་ཞུས་ཏེ་འདིར་བཀོད་པ་ལགས། འོག་གི་རྩོམ་ཡིག་ལས་རྟགས་( )འདིའི་ནང་ཡོད་པ་རྣམས་ནི་ཆད་པ་དང་འོག་ཏུ་རྟགས___འདི་ཡོད་རྣམས་ནི་བརྗོད་པ་ནོར་བ། འབུར་གཟུགས་སུ་བཀོད་པ་རྣམས་ནི་ཡིག་ནོར་བཅས་ཡིན་པས་དེ་ལུགས་དགོངས་འཇགས་ཞུ།

  མེ་ལོང་།
བསམ་ཚུལ། 23 བཀླཌ་ཐེངས།: 1574  

31.01.2012 23:05:56

ཉི་མ ཕྱོགས་རིས་ཆེ་བའི་དཔོན་པོ་ཞིག་ལྟར
ལུས་ཕྱེད་ཀྱིས་འཕང་མཐོ་བའི་དངོས་པོ་དག་ལ་འོད་ཟེར་བཀྱེ
ཐལ་རྡུལ་འདྲེས་པའི་རླུང་བུ་ཞིག་ལྡང་འོང་སྟེ
ངའི་ལུས་སེམ་གཉིས་ཀ་འཁྱག་པར་བསྒྱུར
༼འདྲ་པར་འགའ་ཞིག་སྙན་ངག་འདི་དང་ཁ་བྲལ་ཐབས་མེད་པས་ལྷག་མ་རྣམས་འདི་ནས་གཟིགས།http://jamyangdakpa.blogspot.in/2012/01/blog-post_8617.html

  རང་མོས
བསམ་ཚུལ། 0 བཀླཌ་ཐེངས།: 1515  

30.01.2012 04:13:08

འོད་ཟེར་གྱིས་བརྩམས།
འཇམ་དབྱངས་གྲགས་པས་དབྱིན་ཡིག་ཏུ་བསྒྱུར།
ངས་དེབ་ཅིག་བླངས་ཏེ།
ཤོག་ངོས་འགའ་བཀླགས་རྗེས་ཟུར་དུ་བཞག
སྒེའུ་ཁུང་གི་ཕྱི་རོལ་དུ།   པེ་ཅིན་ནི།


  འགྱུར།
བསམ་ཚུལ། 2 བཀླཌ་ཐེངས།: 1559  

18.01.2012 22:43:20

ཁ་སང་རྐྱེན་ཅི་ཞིག་གིས་ཡིན་མི་ཤེས་མོད། དྲ་ཐག་ཅིག་འདིར་འཐེན་ཡད་ཀྱང་གཏན་ནས་ཤར་མ་ཐུབ། དེ་བས་དེ་རིང་འདིར་ཡང་བསྐྱར་དྲ་ཐག་ཅིག་འཐེན་ཡོད།


  དྲ་བ་གཞན།
བསམ་ཚུལ། 0 བཀླཌ་ཐེངས།: 1370  

14.01.2012 05:17:57

རྩོམ་པ་པོཿམདའ་བཙན་པོ། འོས་སྦྱོར་བཿའཇམ་དབྱངས་གྲགས་པ། མདའ་བཙན་པོའམ་ཚེ་རིང་བཀྲིས་ནི་སྙན་ངག་གི་མི་རབས་གསུམ་པའི་ཚོགས་མི་ཟུར་པ་ཞིག་རེད་ལ། མི་ལོ་གཉིས་ཙམ་གྱི་གོང་དུ་མི་རབས་གསུམ་པས་གྲགས་འགུལ་མི་ཉུང་བ་ཞིག་བྱས་པའི་སྐབས་སུ་མི་རབས་གསུམ་པའི་ཚབ་མཚོན་མི་སྣར་བདམས་ཐོན་བྱུང་། ཁོང་གིས་སྙན་ངག་སྐོར་ཞིག་ཏུ་སྲོལ་རྒྱུན་གྱི་འདུ་ཤེས་བཙན་པའི་རང་ཡུལ་དུ་བཙོག་པར་བརྩི་བའི་སྐད་ཆ་འགའ་བཤད་པས་ཁོང་གི་སྙན་ངག་ལ་ཁ་བཙོག་སྙན་ངག་དང་མཇེ་སྙན་ངག་སོགས་མིང་འདོགས་འདྲ་མིན་ཐོགས།

  འོས་སྦྱོར།
བསམ་ཚུལ། 1 བཀླཌ་ཐེངས།: 1795  

13.01.2012 04:24:31

མདང་དགོང་མར་ཉལ་རྨི་ལམ་དུ་ཚང་མ་སླེབས་བྱུང
གྲྭ་བ བླ་མ གྲྭ་གཟུགས བླ་གཟུགས།
ཚང་མ་སླེབས་བྱུང
དཔོན་པོ་དེས་སྡང་མིག་བགྲད་བཞིན་སླེབས་བྱུང
མཁས་པ་དེས་མགོ་བོ་དཀྲུགས་བཞིན་སླེབས་བྱུང

  རང་མོས
བསམ་ཚུལ། 5 བཀླཌ་ཐེངས།: 1584  

30.12.2011 23:02:23

ཏྲོམ་ཟི་གོ་སི་ཏྲ་ཐྲན་སི་ཐྲོ་མེར་༼༡༩༣༡ཟླ་བ་བཞི་བའི་ཚེས༡༥ལ་འཁྲུངས༽ནི་སུའེ་ཏེན་གྱི་རྩོམ་པ་པོ་དང་། སྙན་ངག་པ། ལོ་ཙཱ་བ་བཅས་ཡིན་པ་དང་། ཁོང་གི་སྙན་ངག་དག་སྐད་རིགས་དྲུག་ཅུ་ལྷག་ཙམ་དུ་བསྒྱུར་ཟིན་འདུག ཐྲན་སི་ཐྲོ་མེར་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་སི་ཁཱན་དྲི་ན་ཝིའི་རྩོམ་པ་པོ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

  འོས་སྦྱོར།
བསམ་ཚུལ། 1 བཀླཌ་ཐེངས།: 1600  

24.12.2011 08:42:57

ཀྭ་ཡེ་གསོན་དང་ལྷ་རམས་འཇམ་ནོར་ལགས།།
ཁོ་བོའི་མཚོན་ལྟར་རྣོ་བའི་ཚིག་དག་གིས།།
ལུས་ཀྱི་རྩ་ལམ་བཤགས་ན་དགོངས་དག་ཞུ།།
ཁོ་བོའི་མེ་ལྟར་ཚ་བའི་གནས་ལུགས་ཀྱིས།།

  བརྒལ་བརྟག
བསམ་ཚུལ། 3 བཀླཌ་ཐེངས།: 1864  

23.12.2011 00:49:21

ང་ཤམ་བྷ་ལའི་དྲ་བར་ཞུགས་ནས་ཉིན་འགར་ཕྱིན་པའི་རྗེས་སུ་དྲ་བདག་དང་དྲ་གྲོགས་ཚང་མའི་ཕྱོགས་སུ་བསམ་ཚུལ་ཐུང་ཐུང་ཞིག་ཞུ་འདོད་བྱུང་། དེའང་འོག་ཏུ་ལེ་ཚན་ཐུང་ངུ་འགར་བཀར་ནས་ཞུ་བ་ཡིན།


  བསམ་ཚུལ།
བསམ་ཚུལ། 7 བཀླཌ་ཐེངས།: 2123  

20.12.2011 23:53:40

འདུ་འཛི་དྲག་པོའི་རླུང་དམར་ཁྲོད་ནས་བདག་ལ་གོ་སྐབས་མ་མཆིས་མོད།།
དུང་ཟླ་ཚེས་འདྲའི་སྐར་ཆེན་ཤར་འདྲའི་ཁྱེད་བཞིན་ཡིད་ངོར་ཤར་ཐེངས་རེར།།
ས་ཆེན་ཤོག་བུར་རྒྱ་མཚོ་སྣག་ཚར་བདག་ཉིད་ལྷ་ཆེན་ཚངས་པ་ཆེར།།
སྤྲུལ་ཏེ་ཁྱེད་ལ་བསྟོད་པའི་སྙན་ངག་བསྐལ་བའི་བར་དུ་འབྲི་ན་བསམ།།
བསམ་ཚུལ། 0 བཀླཌ་ཐེངས།: 1977  

16.12.2011 23:48:44

མཇུག་གཏམ།
ཉོན་མོངས་མ་རིག་ཆེན་པོས་མནར་ལ་དམ་ཆོས་གླེགས་བམ་གཡོན་དུ་འཛིན།།

ཤེས་བྱའི་དྲ་བས་བཅིངས་པའི་འགྲོ་ལ་ཤེས་རབ་རལ་གྲི་གཡས་ན་གདེང་།།

བཅུ་དྲུག་ལང་ཚོས་འགྲོ་ཀུན་ཡིད་འཕྲོག་དུག་གསུམ་དྲི་མ་
རྩད་ནས་འཇིལ།།
འཇམ་དབྱངས་ལྷ་ལ་གུས་པས་མཆོད་དོ་བདག་སོགས་བརྩེ་བས་རྗེས་སུ་བཟུང་།།

  རྩོམ་རིག་གི་སྐོར།
བསམ་ཚུལ། 1 བཀླཌ་ཐེངས།: 2041  

15.12.2011 23:29:15

བོད་ཀྱི་རྩོམ་རིག་གླེང་ན་བོད་ཀྱི་སྒྲུང་གཏམ་གྱི་སྒྱུ་རྩལ་དང་གྲངས་འབོར་གླེང་དགོས་ཤིང་། དེའི་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་དང་མྱུར་ཚད་ལ་ཕྱོགས་མང་པོ་ཞིག་ནས་ཚད་འཇལ་ཐུབ་པ་རེད། དེ་བས་འདི་ནས་ངས་མཐོང་ཐོས་མྱོང་བའི་སྒྲུང་གཏམ་སྐོར་ཞིག་གི་མིང་དཀར་ཆག་གི་ཚུལ་དུ་བསྒྲིགས་ཏེ་སྤྱན་འབུལ་བྱས་ཡོད་པས་རྣམ་པ་ཚོ་ནས་སུ་ཞིག་གིས་དོ་སྣང་དང་ཞིབ་འཇུག་བྱེད་སྲིད་ན་ཕན་རླབས་ཅུང་ཡོད་པར་སྙམ།

  རྩོམ་རིག་གི་སྐོར།
བསམ་ཚུལ། 8 བཀླཌ་ཐེངས།: 2557  


| -