ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

འབའ་པ་སྐལ་བཟང་འཕྲིན་ལས། ་ ་


 

 

 

ང་ནི་ཅི་མེད་ཡང་པའི་སྤྲང་པོ་ཞིག་ཡིན། ས་མཐའ་འདི་ནི་ལས་ཀྱིས་བཀོད་པའི་རྣམ་སྨིན་གྱིམྱོང་ས་ཡིན།ངས་རང་ཉིད་ཀྱི་དུས་གསུམ་གྱེར་པའི་འགྱུར་ཁུགས་མི་ཆད་པའི་ཆེད་ཚོན་ཁ་ཡོད་ཚད་འཐུང་ནས་འདི་ལྟར་གོག་འགྲོས་བྱེད་ཀྱི་ཡོད།


འགྲོ་བ་མི་ནི་
31.05.2017 20:37:11

འགྲོ་བ་མི་ནི་ལྷ་ཡི་ལྷ་ཡིན།
______འབའ་པ་སྐལ་བཟང་འཕྲིན་ལས།
       མི་སྡེ་སྤྱི་ཚོགས་ཀྱི་སྣང་ངོར་ཆོས་ལུགས་ཀྱི་བསྡུས་གཟུགས་ནི་"དཀོན་མཆོག་"གསོན་པོའི་སྣང་བརྙན་དུ་བསྐྲུན་ཏེ། "དཀོན་མཆོག"དེ་པས་མི་ལ་མཁོ་བའི་འཚོ་གོས་གནས་མལ་གྱི་དངོས་གྲུབ་བསྩལ་ནུས་པ་དང༌།རང་ཉིད་འཇིག་རྟེན་དང་ཁ་བྲལ་བའི་ཚེ་འཇིག་རྟེན་ཕ་རོལ་གྱི་དག་ཞིང་ཞེས་པ་དེར་ཁྲིད་ནུས་པའི་ཡིད་རྟོན་བྱས།དེར་བརྟེན་རང་ཉིད་ལ་ཁེ་ཕན་དེ་དག་ཐོབ་ཆེད་ཉིན་མཚན་དུས་དྲུག་ཏུ་"དཀོན་མཆོག"་དགྱེས་པའི་མཆོད་གཏོར་བྱས་ཤིང་འགའ་རེས་བུ་དང་ཆུང་མ་ཐ་མ་རང་ཉིད་ཀྱི་ཚེ་སྲོག་ཚུན་དཀོན་མཆོག་ལ་མཆོད་པར་འབུལ་ནས་ཟ་གོས་གནས་མལ་དང་ཕྱི་མའི་དངོས་གྲུབ་དག་སློང༌།  དེ་ལས་ཚབས་ཆེ་བར་"དཀོན་མཆོག"སྲུང་སྐྱོབ་དང་ཁོང་གི་མངའ་ཐང་རྒྱ་བསྐྱེད་དོན་དུ་དམག་འཁྲུག་བསླངས་ཏེ་ཉམ་ཐག་པའི་བདག་ཡོད་མེད་ཀྱི་ཚེ་སྲོག་འབུམ་ཕྲག་མང་པོ་དང༌།ལྷག་པར་དུ་འགྲོ་བ་མི་མང་པོའི་ཚེ་སྲོག་ཤོར།དེ་བཞིན་ཚེ་སྲོག་མང་པོའི་འཚོ་གོས་གནས་མལ་ལ་དོ་ཕོག་ཚབས་ཆེན་པོ་བཏང་ཡོད།



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 4 | བཀླཌ་ཐེངས།: 1884 | དེ་ལས་མང༌།...


 
ངའི་ཟིན་མིག་དང་ང་།
31.05.2017 20:34:44

ལོ་བཞི་ལྔའི་ཡར་སྔོན་ང་དང་ངའི་རྩོམ་གྲོགས་སྐོར་ཅིག་གིས་གནས་འདི་ན་སྣ་མང་གི་ཡིག་ངོགས་བཤད་པས་དུས་མདའ་བར་བྱས་ཡོད་ལ། དེའི་ཁྲོད་ནས་ངེད་ཅག་གི་ཀླད་ཁམས་ནང་བརླན་མི་ཆུང་བ་ཞིག་སྦངས་ཡོད།དུས་ཀྱི་འགྲོས་རིམ་དབང་གིས་"གནས་འདི་དག"ནི་སྐབས་ཤིག་བསྐྱུར་འཇོག་མཚམས་ནས་ང་ཡང་ད་བར་ལོ་ངོ་བཞི་ལྔ་ལ་ཉེ་བ་འདི་ན་སླེབས། དེ་རིང་སྟབས་དབང་སྟབས་འཕྲོག་གིས་ཟིན་སྒོ་ཕྱེ་དུས་གསང་ཨང་ད་དུང་ཡང་བརྗེད་མི་འདུག་ལ། ངའི་ས་མིག་ཀྱང་ད་དུང་རང་སོར་ལུས་འདུག  དེས་ན་ངས་ཟིན་མིག་འདི་དྲན་པར་ཉར་ཡོད་པའི་བརྡ་རུ་ཚིག་ཐུང་འདི་བཏབ།



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 3 | བཀླཌ་ཐེངས།: 1823 | དེ་ལས་མང༌།...


 
ཚུལ་ཁྲིམས་ཀྱི་འགྲུལ་བཞུད། ༼སྒྲུང་གཏམ།༽
15.06.2013 05:51:50

ཚུལ་ཁྲིམས་ཀྱི་འགྲུལ་བཞུད། ༼སྒྲུང་གཏམ།༽
༢༠༡༢-༨-༢༡ ༠:༡༧:༠༧
ཟང་ཟིང་ཆེ་བའི་མི་ཚོགས་ཀྱི་འཁྲུག་ཆ་དང་རླངས་འཁོར་སོགས་ཀྱི་སྐད་སྒྲའི་ཁྲོད་ཚུལ་ཁྲིམས་ཀྱི་གདོང་ལ་སུན་སྣང་མངོན་གསལ་ཞིག་གྱོན་ནས་མི་ཚོགས་གསེབ་ཁུག་མ་ཆེན་པོ་ཞིག་སྒལ་པར་འཁྱེར་ཏེ་འགྲོ་བཞིན་འདུག ཚུལ་ཁྲིམས་ནི་ད་བར་དགོན་པ་ཁོ་ནར་བཞུགས་ནས་ནང་པའི་གཞུང་ལུགས་ཁག་ལ་སློབ་གཉེར་གྱིས་དུས་འདའ་བ་ལས་གྲོང་དང་གྲོང་ཁྱེར་ཉུལ་བའི་བྱང་ཆ་གཏན་ནས་མེད། ཁོ་ད་ཐེངས་ཕྱི་ལ་ཐོན་དགོས་པ་དེ་ཡང་གཞན་ཅི་ཡང་མ་ཡིན་པར་དྷ་སར་བསྙེན་རྫོགས་སྒྲུབ་པའི་སླད་དུ་རེད།



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 3925 | དེ་ལས་མང༌།...


 
འབའ་ཐང་ཞེས་པའི་མིང་དོན་འཇུག་སྟངས་སྐོར་ཅུང་ཟད་དཔྱད་པ།
24.03.2012 20:11:29

༼གྲོགས་འཆམ་ར་བས་ཁ་འབོད་ཡང་ཡང་བྱས་པར་བརྟེན་སྔོན་ནས་བྲིས་པའི་རྩོམ་ཡིག་གཅིག་འདིར་འཇོག་པ་ཡིན།༽

འབའ་ཐང་ཞེས་པའི་མིང་འཇུག་སྟངས་ཐད་འབའ་ཐང་གི་ལོ་རྒྱུས་གསར་རྙིང་ཁག་ན་འཕགས་པ་མ་ འགག་པ་མི་ཡི་རྣམ་པར་རོལ་ནས་ས་དེ་གར་ཕེབས་སྐབས་སྲིད་པའི་ལྷ་ལུག་དཀར་པོས་འབལ་ཞེས་པའི་སྒྲ་སྒྲོག་པར་བརྟེན་འབལ་ཞེས་མིང་ཐོགས་པ་དང་།

བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 4 | བཀླཌ་ཐེངས།: 2795 | དེ་ལས་མང༌།...


 
ཏྰ་ལིའི་བླ་མའི་དཔའ་བརྟུལ།
23.10.2011 12:47:28

ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་སྐུ་འཁྲུངས་ནས་མི་ལོ་བརྒྱ་འཁོར་བའི་རྗེས་དྲན་དུ།
ཧི་མ་ལ་ཡི་གངས་ཀྱི་རི་བོར་འབར་གད་ཆེན་པོས་བསྒུལ་པའི་ཚེ།།
ནུས་པ་ཅན་ཚོས་རང་སྲོག་སྐྱོར་བཞིན་གནས་མལ་འཚོལ་བའི་ལུང་ཤུལ་ན།།
ཏྰ་ལིའི་བླ་མས་གངས་རི་བཏགས་པའི་ཁེར་རྐྱང་ངལ་བརྩོན་བསྒྱུར་བཀོད་ནང་།།
ལས་དང་སྨོན་ལམ་ནུས་མཐུ་བཙན་པའི་དཔའ་བརྟུལ་ཁྱེད་ཉིད་རོགས་མགོན་འཆར།།



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 4 | བཀླཌ་ཐེངས།: 2772 | དེ་ལས་མང༌།...


 
ཏ་ལའི་འདབ་མར་འཁོད་པའི་ང་།
01.09.2011 10:51:20
ཏ་ལའི་འདབ་མར་འཁོད་པའི་ང་།
རྒྱང་རིང་གི་ས་མཐའ་ཞིག་ནས་
ངོ་རྟགས་མ་ཆོད་པའི་རླུང་བུ་ཞིག་ལྡང
རླུང་བུའི་འཁོར་ཕྱོགས་མཚར་པོ་དེས
ང་དང་ཁ་ཐག་རིང་པའི་རྨི་ལམ་གྱི་གཏམ་རྒྱུད་དྲངས་འདུག


བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 2317 | དེ་ལས་མང༌།...


 
སྒྱུ་རྩལ་རྩོམ་རིག་ལས་འཕྲོས་པའི་སྐད་ཆ་འགའ།
31.08.2011 13:50:10

སྒྱུ་རྩལ་རྩོམ་རིག་ལས་འཕྲོས་པའི་སྐད་ཆ་འགའ། སྤྱིར་སྒྱུ་རྩལ་ཞེས་པ་ནི་ཐོད་བརྒལ་རང་བཞིན་གྱི་ནུས་ཤུགས་ཤིག་གི་བརྡ་མིང་་ཡིན་པས་སྒྱུ་རྩལ་ནི་ཐོད་བརྒལ་རང་བཞིན་ཅན་གྱི་སྒུལ་ཤུགས་ཞིག་གོ་དགོས་ལ། དེ་ལ་རིགས་བཀར་ན་ལུས་ངག་ཡིད་གསུམ་གྱི་སྒྱུ་རྩལ་དང་ཡང་ན་དྲུག་ཅུ་རེ་གྲངས་ཀྱི་དབྱེ་བ་ཡོད་ཆོག་ལ། ལུས་ཀྱི་སྒྱུ་རྩལ་ངོས་ནས་སྒྱུ་རྩལ་གྱི་རིན་ཐང་འཚོལ་དུས་ཀྱང་རྒན་པོ་ཡི་འཁྱོག་འགྲོས་ལྟ་བུ་ལུས་ཀྱི་རྒྱུ་རྩལ་ཁོངས་སུ་བསྡུས་ན་མི་འགྲིོག་པས་ངེས་པར་དུ་ཕྲ་ལྡེམ་གཡོ་འགུལ་གྱི་ཐོད་བརྒལ་རང་བཞིན་ལྡན་པའི་འགུལ་སྟངས་ཤིག་འདེམས་དགོས་པ་ལྟ་བུ་རེད།



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 2604 | དེ་ལས་མང༌།...


 
རླབས་ཆེན་ཚེ་སྲོག་མེ་རུ་བསྒྲོན་པ།
18.08.2011 12:23:35
ཁམས་རྟའུའི་དཔའ་བོ་ཚེ་དབང་ནོར་བུ་མཆོག་སྐྱོ་བས་རྗེས་དྲན་བྱས།
གཏམ་རྒྱུད་ཅིག་ལ་མིག་ཉུལ་བྱེད་པའི་སྐབས།།
སེམས་དང་བསམ་པ་འོ་མའི་རྒྱུན་གྱིས་བཞེངས།།
འོ་མའི་འཕྱུར་ཁ་ཁོག་ན་སྐྱོམས་པ་ན།།
སླར་ཡང་གསེར་འབྲུར་འབུར་བའི་ངག་སྐད་འབྱིན།།


བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 2521 | དེ་ལས་མང༌།...


 
རྒྱ་གཞུང་ལ་བརྡ་ལན་མཚོན་པའི་༨༨༩༩༩ཡི་བཀའ་ཁྲི་དམ་འབུལ།
07.08.2011 07:22:33

རྒྱ་གཞུང་ལ་བརྡ་ལན་མཚོན་པའི་༨༨༩༩༩ཡི་བཀའ་ཁྲི་དམ་འབུལ། འཛམ་གླིང་སྟེང་གི་ཆབ་སྲིད་པ་ཚོས་གོན་པ་གྱོན་སྟངས་མཇལ་འཕྲད་བཟོ་སྟངས།མཇལ་འཕྲད་སྐབས་ལག་འཇུ་བཟོ་སྟངས་ཐ་ན་འགུལ་བསྐྱོད་ཚུན་ལ་ཡང་རྒྱབ་ལྗོངས་མཚོན་དོན་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་རེ་ཡོད་པ་རེད། མཁས་དབང་བློ་བཟང་སེང་གེས་ཀྱང་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཞིག་གི་དབང་ལས་་(བརྒྱད་བརྒྱད་དགུ་དགུ་)པ་པ་ཇོའོ་ཇོའོ་དེ་རང་ཉིད་བཀའ་ཁྲིའི་མཛད་སྒོ་ཡི་དུས་ཚོད་དུ་གཏན་འབེབ་གནང་པ་རེད།

བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 7 | བཀླཌ་ཐེངས།: 4996 | དེ་ལས་མང༌།...


 
འཁྱག་སོབ་སོབ་ཀྱི་ནམ་ཟླ།
03.08.2011 10:29:39
འཁྱག་སོབ་སོབ་ཀྱི་ནམ་ཟླ།
གཏམ་རྒྱུད་གཅིག་གི་སྐེད་པར་བཟུང་དུས
བརྗོད་མི་བཏུབ་བའི་དྲི་བ་ཞིག་གིས་
ང་ཡི་རྣམ་ཤེས་ཀྱི་ལྟག་ནས་བཟུང
དུས་དེར་ མིག་ཆུ་ལྟ་བུའི་སྐད་ཆ་རེ་བཞུར་སོང་ལ
དགོད་སྒྲ་ལྟ་བུའི་རོལ་དབྱངས་རེ་ཡང་མཆེད་སོང་


བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 4346 | དེ་ལས་མང༌།...


 
བོད་ཀྱི་ཆོས་བརྒྱུད་བཞི་ཀ་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་རེད།
30.07.2011 03:09:25

བོད་ཀྱི་བང་ཆེན་གསར་ཁང་གིས་མཁས་དབང་རྒན་རྣམ་རྒྱལ་དབང་ཆེན་མཆོག་ལ་བཅར་འདྲི་བྱས་པ་དེ་འདྲེན་བཀོད་བྱས། མཁས་དབང་ཕ་ར་རྒན་རྣམ་རྒྱལ་དབང་ཆེན་མཆོག་ནི་འབའ་པ་ཕ་ར་སྤྱི་གསོ་ཚང་དུ་སྐུ་འཁྲུངས།བོད་དུ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་བཞུགས་གནང་ཏེ། མཁན་ཆེན་པདྨ་རྒྱལ་མཚན་མཆོག་དང་ཤག་སྐོར་མཁན་པོ་ཉི་མ་རྒྱལ་མཚན་གཉིས་ཀྱི་ཞབས་ལ་གཏུགས་ནས་མི་ལོ་བཅུ་ལྷག་གཞུང་ཆེན་ཁག་ལ་སློབ་གཉེར་གནང་།


བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 3 | བཀླཌ་ཐེངས།: 5087 | དེ་ལས་མང༌།...


 
གྲོགས་འཆམ་ར་ཐོན་པའི་བསུ་སྐད།
15.07.2011 07:31:32
གྲོགས་འཆམ་ར་ཐོན་པའི་བསུ་སྐད།
ཀི་ཧི་ཧི་ཡི་སྐད་ངག་སྒྲོག་པོ་ཅན།།
ས་མཐའ་ལུང་པས་བསྐལ་བའི་སྙིང་གྲོགས་མཆོག།
ད་རིང་དྲ་ངོས་ཧོབ་ཏེ་ཐོན་པ་དེ།།
ཁྱེད་ཉིད་སླར་ཡང་དར་པའི་རྟེན་འབྲེལ་རེད།།


བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 5162 | དེ་ལས་མང༌།...


 
ཉི་མའི་སྣང་བ་གྱེར་པ།
04.07.2011 22:53:40
བདག་གི་བླ་མ་བདག་ཉིད་ཆེན་པོ་༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་འཁྲུངས་སྐར་ལ་ཆེད་དུ་ཕུལ།
གངས་ཅན་འགྲོ་བའི་སེམས་ཀྱི་དབྱངས་རྟ་ཡང་ཡང་ངུ་ངག་དྲངས་པ་ལས།།
སྔོན་བཅས་དམ་ཚིག་གཡོ་འགུལ་ཐེབས་ནས་གངས་རིའི་སྣོད་བཅུད་རུམ་ལ་བཅུག།
ཟབ་ཡངས་ཐུགས་རྗེའི་འོ་མའི་གཤིས་ཀྱི་་ཟབ་མོའི་རྔམས་ཁའི་འདེགས་ཤུགས་ཀྱིས།།
དམར་སེར་སྤྲིན་གྱི་གོང་ཁ་གཏོར་ནས་འཛམ་གླིང་ས་ཡི་རྩེ་མོར་འཆར།།


བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 4931 | དེ་ལས་མང༌།...


 
གནམ་ཡིག།
10.06.2011 13:20:47
གནམ་ཡིག།
འཇིག་རྟེན་གྲུ་ཁ་འགྲམ་གྱི་ཚུར་ནང་ན།།
ལུང་ཐང་སྐྱ་མོ་འགྲམ་གྱི་ཕར་ནང་ན།།
སྦྲ་ནག་གྲུ་བཞི་ནང་གི་མེ་ཕུང་འགྲམ།།
ཕུ་ཁུ་ནང་མོལ་གར་མོ་བསྐྱར་དུ་བསླངས།།


བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 4880 | དེ་ལས་མང༌།...


 
བོད་གཞུང་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལས་འཕོས་སྟངས།
15.05.2011 02:06:10

༡ བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དམངས་ཀྱི་སེམས་ཁམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ནང་བོད་གཞུང་ཞེས་པའི་ཚིག་ཚབ་ཏུ་བཙན་བྱོལ་བོད་མི་ཡི་སྒྲིག་འཛུགས་ཞེས་འཁོད་པ་མཐོང་འཕྲལ་མི་མང་པོ་ཞིག་སེམས་ཁམས་སྟོང་སངས་སངས་ཤིག་ཏུ་འགྱུར་ཡོད་པ་རེད། རང་བཙན་གཙང་མ་ནས་ལམ་དབུ་མ།ལམ་དབུ་མ་ནས་རང་སྲིད་རང་སྐྱོང་། དེ་ནས་མིང་དོན་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་། དེ་ཡི་ཐོག་ད་དུང་མར་ཕབ་ནས་དེ་རིང་བོད་གཞུང་ཞེས་པའི་མིང་བྱང་དེ་གཏོར་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བར་བསླེབས་སོང་ལ།



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 5082 | དེ་ལས་མང༌།...


 
བསམ་ཚུལ་གསུང་རོགས།
09.05.2011 01:54:32

གོང་དུ་དྲ་གྲོགས་ཚོས་གླེང་བསླངས་པ་དག་ལས་མ་ཟད་བཅའ་ཁྲིམས་ཀྱི་ཟིན་བྲིས་ན་སྤྱི་ཁྱབ་དབུ་ཁྲིད་ཅིག་དགོས་མིན་ཐད་གྲོས་གཞིར་བཞག་ཡོད་འདུག་པར་མ་ཟད་བོད་གཞུང་གི་འགོ་ཁྲིད་དུ་བསྙད་པའི་མི་མང་པོ་ཞིག་གིས་སྤྱི་ཁྱབ་དབུ་ཁྲིད་འདེམས་དགོས་སྲིད་ཟེར་ནས་གསར་ལམ་ཁག་ན་བསྒྲགས་པ་མང་པོ་ཐོན་འདུག

བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 9 | བཀླཌ་ཐེངས།: 5596 | དེ་ལས་མང༌།...


 
མུན་པས་གཏུམ་པའི་ང་གཉིས་ཀྱི་བར་ཐག
04.05.2011 14:26:33
ལྟ་ཕྱོགས་མཐོང་ཕྱོགས་གནས་ལུགས་ལ་སོགས་བརྗོད་མི་ལངས་པའི་གནས་སྟངས་འོག།
ཁྱེད་དང་ང་གཉིས་ལག་ཟུང་སྦྲེལ་ནས་འབད་པ་ཆེན་པོས་ལ་ཆེན་བཤར།
ཆ་མི་མཉམ་པའི་འབྱུང་བཞིས་བསྐྲུན་པའི་དཀའ་སྡུག་ཡོད་ཚད་མཉམ་མྱོང་བྱས།།
དཀའ་སྡུག་འཚོ་བའི་ངལ་བ་ཁྲོད་ནས་ལ་རྩེའི་ལྷ་རྒྱལ་མཉམ་འཐེན་བྱས།།


བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 6 | བཀླཌ་ཐེངས།: 6016 | དེ་ལས་མང༌།...


 
ཐོན་ལ་ཉེ་བའི་ གྲོག་མ།
29.04.2011 03:25:44

ཐོན་ལ་ཉེ་བའི་<< གྲོག་མ།>>།། eeeངས ་གྲོ ག་མ ་འཁྲུངས་བྱུང་ལབ་དུས་མི་མང་པོ་ཞིག་གིས་ཡིད་ངོར་འབུ་གྲོག་མ་ཞིག་ལྷང་ངེར་འཆར་སྲིད་མོད་ངས་དེ་རིང་ཁྱོད་ཚོར་བསྒྲག་རྒྱུ་དེ་དོན་ད ངོས་ཀྱི་གྲོག་མ་མིན་པར་རྩོམ་ཡིག་ཕྱོགས་བསྒྲིགས་གྲོག་མ་ཞེས་པའི་དཔེ་དེབ་དེ་བསླེབས་རན་པ་རེད་ཟེར་ནས་བསྒྲགས་པ་ཡིན། དེབ་འདི་ནི་་སྙན་ངག་དང་སྒྲུང་གཏམ་སོགས་ཕྱོགས་བཏུས་ཀྱི་དཔེ་དེབ་ཞིག་ཡིན་པ་རེད།



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 6 | བཀླཌ་ཐེངས།: 6256 | དེ་ལས་མང༌།...


 
འགག་སྒོ་གསུམ་ལས་ཐར་པའི་བློ་བཟང་སེང་གེ།
27.04.2011 23:18:29

འགག་སྒོ་གསུམ་ལས་ཐར་པའི་བློ་བཟང་སེང་གེ སྤྱིར་ཟམ་གདོང་རིན་པོ་ཆེ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་ཀྱི་བཀའ་ཁྲི་དང་པོ་དེ་ཡིན་མོད་མང་པོ་ཞིག་གིས་བླ་མ་ཡི་འདུ་ཤེས་ཐོག་ནས་འདེམས་ཡོད། ད་ཐེངས་མང་ཚོགས་ཀྱིས་བློ་སེང་ཤེས་ཡོན་རྐྱང་པའི་སྟེང་ནས་འཚོལ་པ་ལས་ལྷ་དང་མཐོ་རིམ་སོགས་ཀྱི་འདུ་ཤེས་ཐོག་ནས་བློ་སེང་འཚོལ་མེད་ལ་རྙེད་ཀྱང་མེད་པས་བློ་སེང་ལངས་སྟངས་དེ་ཤེས་ཡོན་རྐྱང་པའི་སྟེང་ནས་ལངས་ཡོད།

བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 6 | བཀླཌ་ཐེངས།: 7568 | དེ་ལས་མང༌།...


 
པཎ་ཆེན་རིན་པོ་ཆེན་མཆོག་ལ་ཆེད་དུ་རྗེས་དྲན་བྱས་འདུག
23.04.2011 11:48:56

ཁམས་པའི་བརྙན་འཕྲིན་ཁང་གིས་པཎ་ཆེན་རིན་པོ་ཆེན་མཆོག་ལ་ཆེད་དུ་རྗེས་དྲན་བྱས་འདུག ཉེ་ལམ་ཁམས་པའི་བརྙན་འཕྲིན་ཁང་གིས་ཁམས་པའི་དགའ་ཚལ་དུ་པཎ་ཆེན་རིན་པོ་ཆེན་མཆོག་རྗེས་དྲན་གྱི་ལེ་ཚན་ཞིག་བཀོད་སྒྲིག་བྱས་འདུག དེ་ན་པཎ་ཆེན་རིན་པོ་ཆེན་མཆོག་གི་གངས་ཅན་བོད་ལ་བཞག་པའི་མཛད་རྗེས་མང་པོ་ཞིག་གསལ་སྟོན་བྱས་འདུག་པ་དང་ལྷག་པར་དུ་གླུ་བ་གླུ་མ་སྐོར་གཅིག་གིས་པཎ་ཆེན་རིན་པོ་ཆེན་མཆོག་རྗེས་དྲན་བསྟོད་གླུ་ཡང་ལེན་འདུག



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 7243 | དེ་ལས་མང༌།...


  ཤོག་ངོས། 1 ནས། 6
| -