ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ལི་ཐང་བློ་བསྟན།



26.11.2013 03:47:37

ལི་ཐང་དགོན་པའི་དར་རྒུད་ཀྱི་བྱུང་བ་ལ་སྦྱར་བའི་སྙན་ངག་༼དྲི་ཟའི་བུ་མོའི་མགྲིན་གླུ།༽

འཛམ་གླིང་ས་ཡི་ཡང་རྩེར་འགྱིང་པའི་གངས་ཅན་བོད་ཀྱི་ཤར་མཐའ་ན།།
དགེ་ལེགས་སྟོང་གི་མཚན་མ་འབར་བའི་སུམ་རྩེན་ཞིང་གི་སྣོད་བཅུད་ཀུན།།
སྤྲོ་འཛུམ་ཡིད་ཀྱིས་དགྱེས་དགུར་རོལ་ཏེ་མི་ཡི་ཡུལ་དུ་འཕོས་པ་ལྟར།།
མདོ་ཁམས་ལི་ཐང་ཞིང་གི་བཀོད་པར་ངོ་མཚར་གཏམ་རྒྱུད་འབུམ་གྱིས་བཏུམས།།


  
བསམ་ཚུལ། 0 བཀླཌ་ཐེངས།: 1616  

17.11.2013 23:32:40

༼སླར་ཡང་ལངས་དགོས༽
ཡིད་སེམས་ངལ་དུབ་ཀྱིས་མནར་བའི་ལི་ཐང་པའི་སེར་སྐྱ་ཡོངས་ལ།
མེ་བདུད་ནག་པོའི་མཆེ་སྡེར་འོག་ནས།།
དད་རྟེན་བྱིན་ཅན་ཐལ་བར་ཤོར་སོང༌།།
གདུང་བའི་སེམས་པ་སྟོབས་ཤུགས་བསྒྱུར་ནས།།

  
བསམ་ཚུལ། 0 བཀླཌ་ཐེངས།: 1280  

31.08.2013 04:24:32

ཕོ་རབ་དམ་པའི་རང་གཤིས།
སྐྱོ་ན་ནམ་ཡང་མིག་ཆུ་མི་གཏོང་ཞིང་།།
སྡུག་ན་ནམ་ཡང་ཡིད་ཐང་མི་ཆད་པར།།
གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་པ་ཡི།།
ཕོ་རབ་དམ་པའི་རང་གཤིས་རྟག་ཏུ་བསྲུངས།།


  
བསམ་ཚུལ། 2 བཀླཌ་ཐེངས།: 1536  

21.05.2013 23:11:19

མཁས་རྒུའི་ཡིད་ཀྱི་བརྟན་པ་རབ་འཕྲོག་ཆོས་ཀུན་རྟེན་འབྱུང་གཏམ་གྱི་དཔྱ།།
ས་གསུམ་སྐྱེ་དགུ་ཀུན་ལ་བསྒྲགས་ནས་འཇིག་རྟེན་གསལ་བའི་མིག་ཏུ་གྱུར།།
སྙན་པའི་བ་དན་མཁའ་ལ་གཡོ་ཏེ་བསྟོད་པའི་མེ་ཏོག་ཆར་ཆེན་འབབ།།
ལྷ་མིའི་རྣམ་འདྲེན་ྋརྒྱལ་དབང་མཆོག་ལ་སྒོ་གསུམ་ཕྱག་གི་མཆོད་པ་འབུལ།།


  
བསམ་ཚུལ། 1 བཀླཌ་ཐེངས།: 1744  

20.05.2013 07:50:00

མཇུག་ཡོངས་སུ་མ་རྫོགས་པའི་བརྩེ་དུང་གི་སྙན་ངག་འདི་ནི་བསྟན་འཛིན་དང་ཆོས་སྒྲོན་གཉིས་ཀྱི་གཏམ་རྒྱུད་ལས་འཕྲོས་པ་ཞིག་ཡིན། འདི་ནི་དམར་པོ་ཁྲག་གིས་བཞེངས་པའི་མི་ཚེའི་ལོ་རྒྱུས་རིང་མོ་ཞིག་དང་། སྲ་འཁྲེགས་བྲག་ལས་གྲུབ་པའི་འགྱུར་མེད་ཀྱི་དམ་བཅའ་བརྟན་པོ་ཞིག་ཀྱང་རེད།



  
བསམ་ཚུལ། 0 བཀླཌ་ཐེངས།: 2099  

15.05.2013 23:18:43

༄༅།།གྲུབ་པའི་དབང་ཕྱུག་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བསྟན་འཛིན་འཕྲིན་ལས་དཔལ་བཟང་པོའི་རྟོགས་པར་བརྗོད་པ་དད་གསུམ་རྣམ་པར་རོལ་པའི་བཤེས་གཉེན་དགྱེས་པའི་མཆོད་སྡོང་།


  
བསམ་ཚུལ། 3 བཀླཌ་ཐེངས།: 1750  

23.11.2012 08:01:22

ཚ་བའི་མེ་རི་འབར་བའི་ཀློང་དཀྱིལ་དུ།།
ཡ་མཚན་དངོས་བྱུང་དུང་གི་ཟླ་བ་བཞིན།།
མཐོང་མྱོང་མེད་པའི་འཇིག་རྟེན་ཟླུམ་པོ་རུ།།
ལས་དབང་བཙན་པོས་བཀོད་བསྒྲིགས་བྱས་པར་བསམ།།
  
བསམ་ཚུལ། 2 བཀླཌ་ཐེངས།: 1482  

03.12.2011 02:20:02

ལོག་རྟོག་རྣམ་གཅོད།

༣༣༽གངས་ཅན་བོད་ཀྱི་ཆིག་སྒྲིལ་ནི་མ་འོངས་བོད་ཀྱི་ལས་དབང་དང་ཤིན་ཏུ་འབྲེལ་ནས་ཡོད་པ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མཁྱེན་ངེས་རེད། དེས་ན་ང་ཚོས་ཆིག་སྒྲིལ་གྱི་འབྱུང་ཁུངས། ངོ་བོ། རྣམ་པ། འགྱུར་བ་སོགས་ངེས་པར་དུ་མཁྱེན་དགོས། ང་ཚོ་བོད་ལ་བཙན་པོའི་དུས་རབས་དང་།


  
བསམ་ཚུལ། 1 བཀླཌ་ཐེངས།: 1767  

19.11.2011 04:03:47

རྒྱལ་ཕམ་ཁ་སྤྲོད།

ཐོག་མའི་གསལ་བཤད་ཐུང་ངུ།

༣༢༽དེང་སང་བོད་ཕྱི་ནང་གཉིས་སུ་རྩོད་རྙོག་ཞིག་གི་འགོ་བཙུགས་ཡོད་དེ། དེ་ནི་དེང་སང་བོད་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་འབྱུང་བའི་གཞི་ལ་རྩོད་ཀྱིན་ཡོད། དེང་གི་གཞོན་སྐྱེས་མང་པོ་ཞིག་གིས་བོད་དུ་ནང་ཆོས་དར་བའི་དབང་གིས་བོད་ལ་དཀའ་ངལ་དེ་དག་འཕྲད་ཀྱི་རེད་ཟེར།


  
བསམ་ཚུལ། 5 བཀླཌ་ཐེངས།: 1910  

29.08.2011 04:32:04

ཟུར་མང་བཀའ་བརྒྱུད།
དེ་ཡངས་འཛམས་གླིང་ཡང་རྩེ་གངས་ལྗོངས་ཆེན་པོའི་ཤར། ཁམས་ནང་ཆེན་ཟུར་མང་མཁས་སྒྲུབ་གསེར་རི་ཕྲེང་བ་ལྟར་བྱོན་པའི་གནས་ཁྱད་པར་ཅན།༸དཔལ་བཀྲ་ཤིས་ཟུར་མང་ལྷན་གྲུབ་གླིང་གི་བྱེས་ཀྱི་གདན་ས་འཕགས་ཡུལ་སྦས་མོ་ལྗོངས་ཀྱི་དབུས་ཡིད་འོངས། གླིང་ཟླུམ་ནགས་ཀྱི་ཚལ། དཔལ་ཀརྨ་ཟུར་མང་བཤད་སྒྲུབ་ཆོས་འཁོར་གླིང་འདིར།
  
བསམ་ཚུལ། 1 བཀླཌ་ཐེངས།: 1964  

27.07.2011 05:22:16

༣༡༽འཇང་དགུན་ཆོས་ཞེས་པ་ནི་སྤྱི་བཏང་དབུས་ཀྱི་སའི་ཆར་གཏོགས་འཇང་ཡུལ་དུ་གདན་ས་གསུམ་གྱིས་གཙོ་པའི་དགོན་སྡེ་ཁག་གཅིག་གིས། བོད་ཟླ་བཅུ་གཅིག་པའི་ནང་ཚད་མ་རྣམ་འགྲེལ་གྱི་རྩོད་གྲྭའི་འཆད་ཉན་བྱེད་ཀྱི་ཡོད་པས། དེས་ན་འཇང་ཡུལ་དུ་རྣམ་འགྲེལ་དགུན་ཆོས་འཚོགས་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ཆོས་ཐོག་དེ་ལ་འཇང་དགུན་ཆོས་ཞེས་རང་བཞིན་གྱིས་མཚན་དུ་ཆགས་ཡོད།


  
བསམ་ཚུལ། 1 བཀླཌ་ཐེངས།: 3053  

23.07.2011 04:07:02

༣༠༽ཆུ་འཛིན་ཕུང་པོས་རྒྱལ་ཁམས་བསྐོར་ཏེ་གྲུ་ཆར་སིལ་མའི་གཟི་བྱིན་ངོམ།།
ཉི་མ་ཟླ་བའི་འགྲུལ་བཞུད་མྱུར་མོས་ཀུན་བཟོད་བུ་མོར་དྲོད་ཁ་སྟེར།།
སྐར་ཚོགས་སྟོང་གིས་ནམ་མཁའི་དབྱིངས་སུ་འོད་ཆེམ་ཆེམ་གྱི་འཛུམ་བག་གྲོལ།།
གངས་ཅན་བོད་པའི་སྙིང་དམར་གས་པའི་བཟོད་མེད་ན་ཟུག་སུ་ལ་བརྗོད།།

  
བསམ་ཚུལ། 0 བཀླཌ་ཐེངས།: 2913  

04.07.2011 04:09:49

༢༩༽དེང་མི་འགའ་ཤས་ཀྱི་སྒྱུ་རྩལ་ཞེས་ཟེར་དུས་སྦས་པ་དང་གབ་པའི་དོན་འབའ་ཞིག་ལ་གོ་བ་ལས་སྒྱུ་རྩལ་ངོ་མའི་གོ་དོན་རྟོགས་མི་འདུག  དེས་ན་རྩོམ་ཡིག་སོགས་སྒྱུ་རྩལ་གྱི་ལས་རིགས་ལ་འཇུག་སྐབས་རང་གཞན་གང་ལ་ཡང་གོ་རྒྱུ་མེད་པའི་འཆལ་གཏམ་དང་ཆ་ཆོ་མང་པོ་ཞིག་སྤེལ་བའི་ལས་ལ་བརྩོན་བཞིན་མཐོང་། མི་སྒེར་རང་ཉིད་ཀྱིས་ངོས་འཛིན་བྱས་པའི་སྒྱུ་རྩལ་གྱི་ངོ་བོ་དང་རྣམ་པ་སོགས་གཙོ་འདོན་བྱས་ནས་འོག་ཏུ་འཆད་པ་འདོད།


  
བསམ་ཚུལ། 1 བཀླཌ་ཐེངས།: 3878  

17.05.2011 23:35:11

༢༨༽ཀ་སོགས་དབྱངས་རྟ་སྙན་མོ་མཁའ་མཐའ་ལ་ཐིམ་ནས།།
ཁ་ཤ་ལེབ་མོ་ནུབ་ཕྱོགས་མགོ་སེར་ལ་འཚོང་བཞིན།།
ག་པ་གཡག་ཕྲུག་ལྟ་བུའི་གདོང་དཀར་གྱི་ཚོན་མདངས།།
ང་ཡི་མིག་ཟུང་མདུན་དུ་བརྒྱ་བརྒྱ་དང་སྟོང་སྟོང་།།

  
བསམ་ཚུལ། 1 བཀླཌ་ཐེངས།: 3124  

11.05.2011 23:56:10

༢༧༽མཁས་རྒུའི་ཡིད་ཀྱི་བརྟན་པ་རབ་འཕྲོག་ཆོས་ཀུན་རྟེན་འབྱུང་གཏམ་གྱི་དཔྱ།།
ས་གསུམ་སྐྱེ་དགུ་ཀུན་ལ་བསྒྲགས་ནས་འཇིག་རྟེན་གསལ་བའི་མིག་ཏུ་གྱུར།།
སྙན་པའི་བ་དན་མཁའ་ལ་གཡོ་ཏེ་བསྟོད་པའི་མེ་ཏོག་ཆར་ཆེན་འབབ།།
ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་མཆོག་ལ་སྒོ་གསུམ་ཕྱག་གི་མཆོད་པ་འབུལ།།
བསམ་ཚུལ། 0 བཀླཌ་ཐེངས།: 3268  

15.01.2011 04:54:43

༢༦༽གཤམ་གྱི་གནས་ཚུལ་དེའི་འབྱུང་ཁུངས་ནི་ཁོང་ཉིད་༼ཁོང་ནི་ཕ་ཡུལ་ལི་ཐང་ནས་ཡིན་ཞིང་ད་ལོར་རྒྱ་གར་ལ་གནས་སྐོར་དུ་ཕེབས་ཡོད། ད་ལྟ་གནས་མཆོག་ཝ་ར་ཎ་སིར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མདུན་དུ་གསུང་ཆོས་ཞུ་བཞིན་མཆིས། ཁོང་ཕྱིར་ཕ་ཡུལ་དུ་འགྲོ་མཁན་ཡིན་སྟབས་ཁོང་གི་མིང་དངོས་སུ་སྨོས་མེད།༽ ཡིན་ལ། ཁོང་གིས་གསུང་རྒྱུར།


  སྐད་ཡིག་གི་ཆེད་དུ།
བསམ་ཚུལ། 3 བཀླཌ་ཐེངས།: 2716  

10.01.2011 22:59:49

༢༥༽ང་གངས་ཅན་བོད་ཀྱི་རྒྱལ་ས་གཉིས་པ་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལས་ནས་ཐོན་ཏེ། རླང་འཁོར་དང་མེ་འཁོར་སོགས་དེང་རབས་ཀྱི་འགྲུལ་བཞུད་ལ་མཁོ་བའི་འཕྲུལ་རིགས་མང་པོ་ཞིག་བརྒྱུད་ནས། ད་ལྟ་རང་གི་ཕ་ཡུལ་གཉིས་པ་ལྟ་བུ་ཤིན་ཏུ་གོམས་འདྲེས་ཆེ་བའི་ས་ཆ།


  
བསམ་ཚུལ། 5 བཀླཌ་ཐེངས།: 2819  

20.11.2010 01:26:56

——ཁྲིམས་འགལ་གཏེར་སྔོག་ལ་གདོང་གཏད་ཀྱི་ཁྲིམས་ལུགས་ཤེས་བྱའི་ཀློག་དེབ། རྩོམ་སྒྲིག་པ། བསྟན་འཛིན་བཀྲ་ཤིས། མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་ སྐྱོང་ལྷན་ཚོགས། ༼བོད་ཀྱི་རིག་མཛོད་དྲ་བ་ནས་གདན་དྲངས་པའི་གཏེར་ཁ་སྔོག་འདོན་གྱིས་ལས་གཞིས་བོད་ཀྱི་སྣོད་བཅུད་ཡོངས་ལ་གནོད་འཚེ་ཇི་ཙམ་བྱས་མིན་སོགས་གསལ་ཡོད།༽
  
བསམ་ཚུལ། 3 བཀླཌ་ཐེངས།: 3587  

08.11.2010 02:32:06

༢༤༽བོད་གཞིས་བྱེས་གཉིས་ཀྱིས་སྐད་ཡིག་གི་སླད་དུ་ངོ་རྒོལ་སྐད་འབོད་བྱས་པའི་རྒྱུད་རིམ་ཁྲོད་ཆེས་མི་འདྲ་ས་ནི་ངོ་བོ་དང་། རྣམ་པ། དམིགས་ཡུལ་བཅས་རེད། གཞིས་བཞུགས་བོད་མི་རྣམས་རང་མི་རིགས་ཀྱི་སྐད་ཡིག་ལ་དུང་ཞེན་ཤིན་ཏུ་ཆེ་བས། གོ་སྐབས་བྱུང་ན་རང་གི་ལྟོ་གོས་ཙམ་དང་། མནོག་ཆུང་འགྲོ་བསྐྱོད་ཀྱི་ངལ་བ་སེལ་ཆེད་དུ་མི་དམིགས་པ་རང་མི་རིགས་ཀྱི་ཆེད་ཁོ་ན་ལ་བརྩོན་བཞིན་ཡོད།


  སེམས་གཏམ།
བསམ་ཚུལ། 4 བཀླཌ་ཐེངས།: 3074  

03.11.2010 02:18:18

༢༣༽རྒྱལ་བསྟན་སྲོག་གི་ཀ་བའི་ཉག་མ་ཡི།།
ལོ་རྒྱུས་གཤེད་དུ་ཁྲོས་པ་དམར་པོའི་མེ།།
ཞེ་སྡང་རླུང་གིས་བསྐུལ་ཏེ་གོ་ལའི་ཁྱོན།།
ཁྲེལ་མེད་ཐལ་བ་ནག་པོས་གཡོགས་འདི་ཅི།

  
བསམ་ཚུལ། 0 བཀླཌ་ཐེངས།: 3179  

ཤོག་ངོས། 1 ནས། 3
| -