ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཀུན་དགའ།

མིང་།                      ཀུན་དགའ། ༼མིང་གཞན་མགོན་པོ་དོན་འགྲུབ༽

ཕ་ཡུལ།                   སྡེ་དགེ་འཇོ་མདའ།

ད་ལྟའི་སྡོད་གནས།    བལ་ཡུལ།

ལས་གནས།             རྡ་སའི་ས་གནས་ཆུ་སྒང་གི་ཚོགས་ཟུར།

གུས་པ་ཀུན་དགའ་འམ་མགོན་པོ་དོན་འགྲུབ་དེའི་སྔོན་བོད་དུ་སྡོད་སྐབས་ལྷ་སར་ཞི་བའི་ངོ་རྒོལ་ཁྲོད་ཐེངས་མང་མཉམ་ཞུགས་བྱས་མྱོང་ཡོད། སྤྱི་ལོ་༡༩༩༧ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་ཞིང་། ཐོག་མར་༸་གོང་ས་༸སྐྱབས་མགོན་རིན་པོ་ཆེའི་ཞལ་མཇལ་གྱི་བསྐལ་བཟང་ཐོབ་དེ་ནས་རྡ་སར་གནས་སྡོད་ཀྱི་སྐད་ཡིད་ལ་སྦྱོང་བརྩོན་ལྷུག་མེད་བྱས།དེའི་ཞོར་རྡ་སར་སྡེ་དགེ་ཚོགས་པ་གསར་འཛུགས་དང་ཚོགས་པའི་འགན་ཁུར་བྱས། སྐབས་དེར་བཙན་བྱོལ་སྤྱི་ ཚོགས་ནང་ཆུ་སྒང་གསར་རྙིང་བར་གྱི་རྩོད་རྙོག་རྒྱུན་མ་ཆད་པ་ཡོད་སྟབས་གུས་པས་རང་ནུས་གང་ཐོན་གྱིས་ནང་ཁུལ་མཐུན་འབྲེལ་དམ་གཙང་ཡོང་ཐབས་ཀྱི་ལས་འགུལ་སྤེལ་ཏེ་ཆུ་སྒང་གསར་རྙིང་གི་རྩོད་རྙོག་དེ་སྐྱབས་བཅོལ་བོད་གཞུང་གིས་ཁྲིམས་ཐོག་ནས་གཙང་སེལ་བྱུང་ཡོད། དེ་ནས་རིམ་པས་རྡ་སའི་ས་གནས་ཆུ་སྒང་གི་རྒྱུན་ལས་ཚོགས་གཙོའི་འགན་ཁུར་གྱི་མི་མང་ནང་ཁུལ་མཐུན་ལམ་ཆིག་སྒྲིལ་ཡོང་ཐབས་ཀྱི་མི་མང་འདུ་འཛམ་དང་། བོད་ནས་གསར་དུ་འབྱོར་རིགས་ཀྱི་ཆེད་སྐད་ཡིག་གི་འཛིན་གྲྭ་ཞིག་གསར་དུ་བཙུགས་པར་ད་ལྟའི་བར་རྒྱུན་ལས་རིམ་པས་རྒྱུན་སྐྱོང་བྱེད་བཞིན་ཡོད་པ་དང་།གནས་མཆོག་མཚོ་པདྨར་ཆུ་སྒང་ས་གནས་རྒྱུན་ལས་གསར་འཛུགས་ཞུས་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།



ཁྱེད་ཀྱི་དྲ་གྲོགས།:


དྲ་གྲོཌ།
མཁར་སྒང་བསོད་ནམས་དབང་ལྡན།, གངས་ཕྲུག་ གི་ ཚ་བོ, རླུང་ར་བ་ བློ་དགའ་།
| -