ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཤམ་བྷ་ལའི་ཕོ་ཉ།

སྐྱེས་ཚེས།:: 30.11.1997

༄༄། །རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནི་བཞུགས་སྒར་དྷ་རམ་ས་ལར་རྟེན་ གཞི་བྱེད་པའི་ཁེ་མེད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྟེ། རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས་པ་༼ཧི་མ་ལ་ཡ་བོད་ཀྱི་རིག་གནས་ཁྱབ་ སྤེལ་ཁང་༢༠༡༠ལོར་དངོས་སུ་དེབ་སྐྱེལ་ཞུས།༽པའི་མཚན་ཐོག་ནས་༢༠༠༧ལོའི་བོད་མིའི་ རང་དབང་སྒེར་ལངས་ཀྱི་ཉིན་མོ་དང་སྟབས་བསྟུན་ནས་གཞོན་ནུ་ཁག་ཅིག་གིས་མ་སྐུལ་ དང་བླངས་ཀྱིས་གསར་འཛུགས་ཞུས།

གསར་ཁང་གི་ཆེས་ཐོག་མའི་ལས་འཆར་གྱི་གྲས་ བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཡོད་པའི་བོད་ཀྱི་ཆ་འཕྲིན་དྲ་ རྒྱ་www.thetibetpost.comདེ་༢༠༠༨ལོའི་ཟླ་༥ཚེས་༡༡ཉིན་ཨི་ཊ་ལིའི་ལྷོ་ཊི་རོལ་ རང་སྐྱོིང་ཁུལ་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧྥི་རན་སི་པལ་མཆོག་དང་ བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མཆོག་གཉིས་ནས་དབུ་འབྱེད་གནང་ སྟེ་དངོས་སུ་གསར་འགྱུར་སྤེལ་འགོ་བརྩམས་ཡོད། གསར་ཁང་འདི་༢༠༡༡ལོར་ཧྥི་རན་སིར་རྟེན་གཞི་བྱེད་ཡོད་པའི་རྒྱལ་མཚམས་མེད་པའི་ རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་(Reporters-Without- Borders:-www.rsf.org)སུ་འཛུལ་ཞུགས་ཐུབ་ཡོད།

རྒྱ་ནག་དམར་པོའི་གཞུང་ གི་བཙན་འོག་ཏུ་བོད་ནང་དུ་གསར་འགོད་རང་དབང་མེད་པ་དང་དེ་བཞིན་བོད་ནང་གི་བོད་ མི་ཚོར་གཏམ་བརྗོད་རང་དབང་མེད་པས་ན། བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ནི་བོད་མིའི་མང་གཙོའི་ཀ་བ་བཞི་པ་ཙམ་ མིན་པར་གཞིས་ལུས་བོད་མི་མང་གི་ད་ལྟའི་འབོད་སྒྲའི་མཚོན་རྟགས་ལྟ་བུ་ཡིན་པར་ བརྟེན། ཁོང་རྣམ་པའི་དངོས་ཡོད་གནས་ཚུལ་ཁག་དུས་ཐོག་ཁྱབ་སྤེལ་དང༌། དེ་བཞིན་ྋགོང་ས་མཆོག་གིས་བོད་མི་རེ་ངོ་རེ་ནས་རྒྱ་རིགས་མི་མང་ལ་བོད་དང་བོད་ མིའི་གནས་ཚུལ་ངོ་མ་ངོ་སྤྲོད་གསལ་བཤད་གནང་གལ་ཆེ་བའི་བཀའ་སློབ་རིམ་ཕེབས་ལྟར། འདི་ག་གསར་ཁང་ནས་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་རྒྱ་ཡིག་ཐོག་ཁྱབ་སྤེལ་ ཞུས་དང་ཞུ་བཞིན་ཡོད། ཕྱི་རྒྱལ་ཡུལ་གྲུ་གང་སའི་གསར་འགོད་རིག་པའི་མཐོ་རིམ་སློབ་ཁང་དང་མཉམ་འབྲེལ་ ཞུས་ཏེ་སློབ་གཉེར་བས་གཙོས་དངས་བླངས་པ་ལྔ་བཅུ་ལྷག་ལ་གསར་འགོད་སྦྱོང་བརྡར་ གྱི་ཞོར་དུ་བོད་དོན་ངོ་སྤྲོད་དང༌། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་མུམ་བྷེ། པུ་ནེ་སོགས་ནས་གསར་འགོད་རིག་པའི་མཐོ་རིམ་སློབ་མ་༡༡ལྷག་ལ་གསར་འགོད་པའི་ སྦྱོང་བརྡར་ཕུལ་ཐུབ་པ་བྱུང་ཡོད།

བརྗོད་གཞིའི་གྲས་སུ་ྋགོང་ས་མཆོག་གི་ བཀའ་སློབ་ཁག་གིས་མཚོན་བོད་ཀྱི་ཆབ་སྲིད་དང་ཆོས་རིག ཁོར་ཡུག དཔལ་འབྱོར་དང་ཤེས་ཡོན། ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་སོགས་སྐད་ཡིག་དེ་གསུམ་དུ་ཁྱབ་སྤེལ་ཙམ་ མིན་པར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་རིམ་བཞིན་ཕྱོགས་བསྐྱོད་ཞུ་བཞིན་ ཡོད་ལ། གཞིས་ཆགས་ཆེ་ཁག་གསུམ་དེ་བྷེལ་ཀོབ་དང་མོན་ཌི་གྷོ་ཌི། ཧུན་སུར་བཅས་ལ་ཕྱོགས་བསྐྱོད་ཞུས་ཏེ་ཁུལ་དེ་དག་ཏུ་ཡོད་པའི་བོད་མིའི་སྒྲིག་ འཛུགས་ཀྱི་དོན་གཅོད་རྣམ་པ་དང་བོད་མི་ཞིང་ལས་པ། ཚོང་ལས་མི་སྣ། དགོན་སྡེ་ཁག་གི་དབུ་སློབ། སློབ་གྲ་ཁག་གི་དགེ་ལས་སློབ་ཕྲུག་རྣམས་ལ་ཐད་ཀར་གདོང་དང་གདོང་ཐུག་གིས་བཅར་ འདྲི་དང་གླེང་མོལ་ཞུས་ཡོད་ལ། དེ་བཞིན་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་དོན་གནང་ ཕྱོགས་ལ་བཅར་འདྲི་ཞུ་བ། ལྷག་པར་དུ་བཞུགས་སྒར་གྱིས་མཚོན་ད་ལྟ་དཀའ་ངལ་འཕྲད་བཞིན་པའི་བཙན་བྱོལ་བོད་མི་ ཁག་ཅིག་ལ་ཁོང་རྣམ་པའི་དངོས་ཡོད་གནས་སྟངས་ཐོག་གླེང་མོལ་དང་བཅར་འདྲི་ཞུས་དང་ ཞུ་བཞིན་ཡོད་པར་ཕན་ཐོགས་མི་དམན་པ་ཐོབ་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་ འཕྲིན་ཞེས་པའི་གསར་ཤོག་ཅིག་བདུན་གཉིས་རེའི་མཚམས་སུ་དབྱིན་ཡིག་ནང་ཐེངས་གཅིག་ དྲ་ལམ་དུ་འགྲེམས་སྤེལ་ཞུ་བཞིན་པར་བལྟ་ཀློག་གནང་མཁན་མི་ཉུང་བ་ཞིག་འབྱུང་ བཞིན་པ་དང་རིམ་པས་དབྱིན་ཡིག་གསར་ཤོག་དེ་བཞུགས་སྒར་དུ་འགྲེམས་སྤེལ་ཞུ་རྒྱུ་ ཡིན། དེ་བཞིན་རྒྱ་ཡིག་དུས་དེབ་ཅིག་ཀྱང་འགྲེམས་སྤེལ་ཞུ་རྒྱུའི་རེ་བ་བཅངས་ཡོད།

ྋགོང་ ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་མི་ཚོར་མང་གཙོའི་རང་དབང་དང་ འགྲོ་བ་མིའི་ཐོབ་ཐང༌། གསར་འགོད་དང་གནས་ཚུལ་བཅས་ལོངས་སུ་སྤྱོད་པའི་རང་དབང་ཆེན་པོ་ཡོད་པ་དང༌། དེ་དག་གི་ལམ་ནས་བོད་རང་དབང་སླར་གསོ་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་ རིག་གཞུང༌། ཡུལ་སྲོལ་གོམས་གཤིས་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་བསྐྱར་ གསོ་བྱེད་རྒྱུར་རྒྱ་ཆེའི་གཞིས་ལུས་བོད་མི་ཚོས་བཙན་བྱོལ་དུ་གནས་པའི་སྤུན་ཟླ་ ཚོར་རེ་བ་དང་ཡིད་ཆེས་ཆེན་པོ་གནང་བཞིན་ཡོད་པ་ལྟར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་ངོས་ནས་ཀྱང་ཁོང་རྣམ་པའི་རེ་སྨོན་ ཡིད་ལ་བཅངས་ནས་སྲི་ཞུ་ལྷད་མེད་ལྷོད་མེད་ཞུ་རྒྱུའི་ཆོད་སེམས་བརྟན་པོ་བཟུང་ ཡོད།།

གཞན་ཡང་གསར་ཁང་འདིར་བོད་ཡིག་རྐྱང་པ་ཡིན་པའི་༼ཤམ་བྷ་ལའི་ཕོ་ཉ། ༽www.shambalapost.com དང༌། རྒྱ་ཡིག་དྲ་རྒྱ།www.potalapost.com ༼པོ་ཏཱ་ལའི་ཕོ་ཉ།༽ དུས་དེབ་ལ་དམིགས་པའི་དབྱིན་ཡིག་རྐྱང་པའི་དྲ་རྒྱ༌།www.lhasapost.com ༼བོད་རིག་གཞུང་དྲ་ཚིགས་དང༌།༽www.outlooktibet.com ༼བོད་ཀྱི་སྒེའུ་ཁུང་།༽བཅས་ཡོད་པ་དེ་དག་མུ་མཐུད་ཡར་རྒྱས་གཏོང་ཐབས་ཞུ་བཞིན་ ཡོད་པ་བཅས་འདི་ག་ལས་ཁང་གི་ངོ་སྤྲོད་མདོར་བསྡུས་སུ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་༢༠༡༢ལོའི་ཟླ་༧ཚེས་༦ཉིན་བཟང་པོར་ བསྐྱར་བཅོས་ཞུས།

ཧི་མ་ལ་ཡ་བོད་ཀྱི་རིག་གནས་ཁྱབ་སྤེལ་ཁང་འགན་འཛིན་ལྷན་ཚོགས།
༡༽ ཚོགས་གཙོ་དགེ་ཐུབ་བསྟན་ཡར་འཕེལ།
༢༽ དྲུང་ཆེ་བདེ་སྐྱིད་མེ་ཏོག
༣༽ ཚོགས་མི་དགེ་བཤེས་ཉི་མ་དབང་ཕྱུག
༤༽ ཚོགས་མི་དགེ་བཤེས་བློ་བསྟན།
༥༽ ཚོགས་མི་དྲི་མེད་རྒྱལ་མཚན།
༩༽ ཚོགས་མི་ལྕམ་སུ་མེན།
༡༠༽ ཚོགས་མི་ཨ་ཤོག་བྷོ་དྷི།

སློབ་སྟོན་པ།
༡༽ ཨི་ཏ་ལིའི་ལྷོ་ཏི་རོལ་རང་སྐྱོང་ཁུལ་གྱི་གྲོས་ཚོགས་ཀྱི་ཚོགས་ཟུར་པ་ཌོག་ཏར་ཧྥི་རན་སི་པལ་མཆོག
༢༽ ཨོ་སི་ཊི་རིའི་མཉེན་ཆས་སྒྲིག་བཟོ་བ་སྐུ་ཞབས་ཐོ་མ་སི་ཀེ་མེལ་མཆོག
༣༽ སྤྱི་ཟུར་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་མཆོག
༤༽ རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཨེ་ཤི་ཡའི་སྡེ་ཚན་འགན་འཛིན་ཟུར་པ་སྐུ་ཞབས་ཝིན་སན་ཌི་བྷོ་རོ་སེལ་མཆོག


རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་རྩོམ་སྒྲིག་སྡེ་ཚན།
༡༽ སྤྱི་ཁྱབ་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང༌།
༢༽ ཐེ་ཝན་དུ་བཅར་བཞུགས་རྒྱ་ཡིག་རྩོམ་སྒྲིག་པ་ཀེ་རེ་ཧུན།
༣༽ བོད་ཡིག་རྩོམ་སྒྲིག་པ་ཆུ་དམར་དོན་འགྲུབ།
༤༽ བོད་དབྱིན་རྩོམ་སྒྲིག་ལས་རོགས་སྐལ་བཟང་སྒྲོལ་མ།
༥༽ ལས་འཆར་དོ་དམ་པ་ཨོ་སི་ཊི་རི་ཡ་བཅར་བཞུགས་སྐུ་ཞབས་ཐོ་མ་སི་ཀེ་མེལ།
༦༽ ཡོ་རོབ་དངས་བླངས་གསར་འགོད་པ་རྗེམ་སི་དང་སེམ་མུ་ཡོལ།
༧༽ ཨོ་སི་ཊོ་ལི་ཡའི་ས་གནས་དངས་བླངས་གསར་འགོད་པ་ཀར་ལི།
༨༽ ཨ་རི་དངས་བླངས་གསར་འགོད་པ་ཨེ་མེ།



ཁྱེད་ཀྱི་དྲ་གྲོགས།:


དྲ་གྲོཌ།
གངས་རིན་ཆེན།
| -