གསར་འགྱུར་གསར་པ།:

དགོངས་ཚུལ་གསར་པ།

བོད་ཀྱི་གླུ་གཞས།


ComScore

ཟིན་བྲིས་དེ་ལས་མང་བ།

2010.09.10 04:44:25
ཟླ་བ་བཟང་མོ།

༈ དེ་རིང་འདིར་དྲྭ་གྲོགས་ཞིག་གིས་བུད་མེད་ཚོས་མ་འཇོན་ས་མང་དག་གཅིག་བཤད་འདུག
དེ་ལ་ལན་ཞིག་རྒྱག་འདོད་བྱུང་། ལན་འདེབས་འདི་དྲང་པོ་ཡིན། ང་དང་ཁྱེད་ཚོའི་བར་ཐུག་རྒྱུ་ཅི་མེད་ཀྱང་། སྐད་ཆ་དྲང་མོ་བཤད་རྒྱུ་གལ་ཆེན་པོ་རེད།
ཆོས་བརྒྱུད་ཁག་གྲྭ་བའི་སློབ་མས་སྟོང་བཞིན་པའི་སྡུག་སྐད་འདི་ནི། ཧ་ཅང་ཡག་པོ་ཞིག་རེད། ང་ཚོ་བོད་པ་ལ་གྲྭ་བ་ཡིས་མ་འདང་ས་དེ་འདྲ་མེད། དེས་མ་ཚད་གྲྭ་བ་མང་དྲགས་པའི་བཀའ་སློབ་༧གོང་ས་མཆོག་གིས་ཀྱང་གསུངས་སོང་བ།

མགོ་སྟོང་ཁ་ཤས་ཀྱིས་བོད་ཀྱི་མི་རིགས་བྲི་བཞིན་པའི་དཀའ་ངལ་འདི། བུད་མེད་ཚོའི་ཐོག་ནས་ཡོང་བར་ངོས་འཛིན་བྱུང་སྟེ། དེ་ནི་རང་ཉིད་མགོ་སྟོང་ཡིན་པའི་རྒྱུ་མཚན་ངོམ་པ་རེད།

མི་རིགས་འཕེལ་རྒྱས་གཏོང་བ་ལ། བུད་མེད་གཅིག་པུ་མིན་པ། སྐྱེས་པ་དང་ལྷན་དུ་མཉམ་ལས་ཀྱི་རང་བཞིན་ལྡན་དགོས་པ་ཞིག་རེད།
གལ་སྲིད་བོད་མི་སྟོང་བཞིན་ཡོད་ན། བོད་ཀྱི་ཕོ་མོ་གཉིས་ཆ་གྱིས་མ་བྱས་མ་བལྟས་ཟེར་དགོས། ད་དུང་བུ་ཚོའི་ནང་ནས་མཐུས་ཤོར་འཚབ་ཆེན་གཏོང་ཡོད།

བོད་ཀྱི་བུ་ཕྱེད་མང་བ་གྲྭ་བ་ཡིན་ལ་མིན་ལ་བྱས་སོང་དུས། བུད་མེད་ཀྱི་བརྒྱ་ཆའི་སྡུར་ཚད་དང་། ཁྱིམ་གནས་སྐྱེས་པའི་བར་ཧེ་བག་ཤོར་ནས། མི་རིགས་གོད་ཆག་ཤོར་བཞིན་ཡོད།

ད་དུང་བུ་ལྷག་མ་དེ་ཚོས་ཀྱང་རང་གི་ཁྱིམ་དང་བུད་མེད་ཕྲུ་གུ་བཅས་སྐྱོང་རྒྱུའི་དཀའ་ངལ་དེ་བཟོད་མ་ཐུབ་པ་དང་། གདོང་ལེན་མ་ཐུབ་པའི་ཉེར་ལེན་ལས་མི་རིགས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།

ད་དུང་འདིའི་ཐད་རྒྱུ་མཚན་མང་པོ་ཡོད།


  བུ་མོ་དམར་རྗེན་མ
 

2010.09.10 08:02:24


 
 
2010.09.11 05:40:20

༄༅།ཁྱེད་ཀྱིས་དེ་སྔོན་རྒྱལ་ཁབ་དང་མི་རིགས་ལ་ཞེན་ཁོག་ཆེ་འདོག་གིས་དགེ་འདུན་པ་རྣམས་རྒྱལ་ཁབ་དང་མི་རིགས་རྩ་རླག་གཏོང་མཁན་ཡིན་ལུགས་ཀྱི་རྒྱུ་མཚན་ལྟར་སྣང་ཁ་ཤས་བཀོད་འདུག་ན་ཡང་།རང་རྒྱལ་ཁབ་ཀྱི་ཁྱད་ནོར་གང་ཡིན་དང་།སྐྱ་སེར་གྱི་དབྱེ་མཚམས་ལ་ཞིབ་ཏུ་མ་བརྟག་པའི་རྨོངས་པ་ཞིག་ཡིན་པ་འདྲ་།དང་པོ་།ད་ལྟ་གོ་ལ་ཟླུམ་པོ་འདིའི་སྟེང་དུ་ངོམ་ཆོག་པའི་ང་ཚོ་ལ་ཁྱད་ནོར་གཅིག་ཡོད་པ་དེ་གང་དུ་འདུག་འཚོལ་ཞིག་།གཉིས་པ་།སྐྱ་སེར་གྱི་དབྱེ་མཚམས་དང་དགེ་འདུན་པ་ཟེར་བ་དེ་ཁྱད་ཆོས་གང་ཞིག་ལ་བརྟེན་ནས་བཏགས་པ་་ཡིན་མིན་འདུལ་བའི་སྡེ་ལ་ལོ་ཤས་ཞིག་ལ་སློབ་སྦྱོང་བྱོས་དང་།གཟན་གཤམ་དམར་པོ་གྱོན་མཁན་ཚང་མ་རབ་བྱུང་ངོས་འཛིན་མཁན་དགེ་འདུན་སྡེ་ལ་ལྡང་ཟུག་ཆེ་བའི་རྨོངས་བརྟུལ་ཁྱེད་ཚོས་རྒྱུ་མཚན་ཡང་དག་མེད་པའི་འཆལ་གཏམ་མ་མང་བ་རིགས་པས་བརྟག་དཔྱད་ཞིབ་ཏུ་བྱེད་དགོས་པ་འདུག་གོ་

 
 
2010.09.11 10:38:50

གཉིས་ཀའི་སྐད་ཆ་བདེན་པ་འདྲ་གཅིག་འདུག

 
 
2010.09.11 23:13:57

གྲྭ་རྐྱང་ཚོས་མ་འཇོན་རབས་ཀྱི་ཉི་མ་ནག་པོ་དེ་ཤར་སོང་ན།
ད་གཟོད་བོད་པ་ཚང་ཚར་ཚར་རེད་ད་་་
ཡིན་ནའང་འདས་པའི་ལོ་རྒྱུས་གཉན་འཕྲེང་ཅན་རེ་གླེང་ནས་་་
དེང་གི་གྲྭ་བ་ལ་རྒྱབ་འགལ་རྐྱང་རྐྱང་གི་ཁག་ངན་འགེལ་བ་ནི་མི་འོས་པ་ཞིག་ཀྱང་ཡིན།
རེད་དེ།
བོད་ཀྱི་བུ་མོ་རྣམས་ཀྱི་ཐོབ་ཐང་བརྩོད་ཀྱང་འདྲ་
མ་བརྩོད་ནའང་རུང་།
གང་ལྟར་སྡིངས་ཆ་མང་པོ་ཞིག་སྟོང་ཆ་ལྷག་ནས་བསྡད་ཡོད་རེད།
དེ་ཚོ་ནི་གྲྭ་རྐྱང་ཚོས་གནོད་ཤུགས་མ་རེད་ལ།
བུད་མེད་རང་རང་གི་
རང་གི་ཐོབ་དང་གོ་ས་
འགན་ལེན་མ་ཐུབ་པ་ལོས་ཡིན་བསམ་ནས་ཡོད།

 
 
2010.09.12 00:04:15

ཟླ་བ་བཟང་མོའམ་བུ་མོ་དམར་རྗེན་མ་ལགས་།

ཁྱེད་ཀྱིས་འདྲེ་་ཤར་སྒོར་གཞག་། གླུད་ནུབ་སྒོར་བཏང་འདུག་།

ཁྱེད་ཀྱིས་ཞིབ་ཏུ་གཟིགས་དང་། ང་ཡི་ཟིན་བྲིས་ཀྱི་ནང་དུ་བཙན་བྱོལ་ནང་གི་ཨ་མ་ཚོས་
རང་གི་མི་རིགས་ཆེད་དུ་བུ་ཕྲུག་སྐྱེས་འཕེལ་མ་ཐུབ་པའི་སྐྱོན་དང་།

དེའི་ནང་ནས་བོད་ཀྱི་ནང་ཆོས་རིགས་པ་འདི་རྒྱུན་འཛིན་བྱེད་མཁན་ཞིག་གསོ་བསྐྱོངས་བྱེད་མི་འདུག་
ཞེས་བརྗོད་པ་ལ་ལན་འདེབས་མ་བྱ་པ་་ཅི་ཡིན་།
གལ་ཏེ་ཁྱེད་ཀྱིས་གྲ་བ་མང་བའི་སྐྱོན་གྱིས་བཙན་བྱོལ་ནང་གི་་སློབ་གྲ་ཡི་དམའ་རིམ་ནས་སྒོ་
བརྒྱགས་དགཔས་བྱུང་ཡོད་ན་། བཙན་བྱོལ་ནང་གི་བུད་མེད་ཚོའི་ཆོ་ག་གདན་ས་ཁག་ཏུ་ཡོད་པའི་
བོད་ནས་གསར་དུ་ཕེབས་མཁན་ཚོ་རེད་དམ་།

དེ་མ་རེད་། ་བོད་ནས་གསར་དུ་ཕེབས་མཁན་ཚོ་དང་། བཙན་བྱོལ་ནང་དུ་འཚར་ལོངས་བྱུང་མཁན་ཚོའི་དབར་དུ་
ཁྱིམ་ཐབ་འཛིན་མཁན་ནི་ཧ་ཅང་གི་་ཉུང་ཉུང་རེད་།
དེ་ཁྱེད་ཀྱི་ས་མ་མཐོང་པ་རེད་དམ་། ཁྱེད་ཀྱི་མཐོང་ཁུལ་བྱས་པ་རེད་།

རྒྱུ་མཚན་དེའི་ཕྱིར་། གདན་ས་ཁག་ཏུ་བོད་ནས་ཕེབས་མཁན་གྱི་གྲ་བ་ཇི་ཙམ་མང་ཡང་།
བཙན་བྱོལ་ནང་གི་སློབ་གྲ་སྒོ་བརྒྱགས་དགོས་པ་དང་།
བུ་ཕྲུག་སྐྱེས་ཚད་ཉུང་དུ་ཕྱིན་པ་ལ་འབྲེལ་ཅི་ཞིག་འདུག་
ཤོད་ད་།

འདི་ལན་འདེབས་དང་། དགག་པ་ཅི་ཞིག་བརྒྱག་རྒྱུ་ཡོད་ན་ཡང་ང་ཡི་ཟིན་བྲིས་ནང་དུ་ཤོག་།
དེ་ནས་རྩོད་ཆོགས་རེ་ཞིག་བདེ་མོ་

 
 
2010.09.12 05:04:22

གྲོགས་པོ་ཚོས
གཡག་ཞ་རས་རྩྭྭ་གཟའ་སྟངས་བྱས་འདུག
བོད་པའི་གྲྭ་བས་བོད་ཀྱི་ཆབ་སྲིད་འདི་ཕན་ཡོད་ཟེར་རྒྱུའི་ཚད་གཅིག་ཞོགས་དང་

བོད་ཟེར་བ་འདི་མི་རིགས་དང་རྒྱལ་ཁབ་ལ་ཟེར་དགོས་པ་ལས
དེའི་ཆོས་ལུགས་ཤིག་ལ་རྒྱལ་ཁབ་སུས་ཀྱང་ངོས་འཛིན་བཞྀན་མེད།
དེ་ཚོས་ཤེས་པ་བྱས་ནས་ངའི་འགྲམ་ཤོག
འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡིན་ན་དེ་ནས་ལྟོས་དང་། གྲྭ་བས་བོད་གཙོང་བའི་ལོ་རྒྱུས་ལས་བྱས་རྗེས་བཞག་པའི་ལོ་རྒྱུས་མེད་པ་རེད།
ད་དུང་ནང་ཆོས་བྱེད་སྟངས་མ་ཤེས་ནས་བོད་མི་རང་ལ་མགོ་སྐོར་གཏོང་ཡོད། དེས་མ་ཚད་བོད་རང་བཙན་ཡང་ཤོར་བཅུག་པ་རེད་ད།
དེ་ཚོ་ཤེས་པ་བྱོས

ནང་ཆོས་དར་ནས་བུད་མེད་ཚོ་ལ་གོ་སྐབས་ཐོབ་མེད་པ་དང་། དེ་ནས་བོད་ཀྱི་རྒྱལ་ཁབ་ཉམས་འགོ་བཙུགས་པ་རེད་

 
 
2010.09.12 08:32:46

ཟླ་བཟང་མོ་ལགས་
བོད་པའི་གྲ་བ་ཚོས་བོད་ཀྱིོ་ཆབ་སྲིད་ལ་ཕན་ཐོག་ཡོད་མཚན་གཞི་ཁྱེད་མཐོང་ཡང་མ་མཐོང་ཁུལ་རེད་དམ་།
དོན་དངོས་ཀྱི་ཐོག་ཏུ་མ་མཐོང་བ་རེད་

༧གོང་ས་སྐུ་ཕྲེང་རིམ་བྱོན་དཀོན་མཆོག་གོང་ཕུད་རེད་། ངས་གླེང་གི་མིན་།

གཞུང་དགའ་ཕོ་བྲང་འདིས་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གསལ་བསྒྲགས་དང་།
ལོ་དེ་དག་གི་རིང་དུ་བོད་རང་བཙན་བྱས་བསྡད་ཐུབ་པ་དེ་སུས་བྱས་པ་རེད་།

དེ་ཧ་མ་གོ་ན་།
བཀའ་བློན་མ་བྱམས་པ་བསྟན་དར་རེད་།

བཙན་བྱོལ་སྲིད་གཞུང་འདི་ཁྲིམས་ཀྱི་དབང་སྒྱུར་ཡོད་པའི་གྲོས་ཚོགས་ཀྱི་ལམ་ལུགས་ལ་ཐོག་མ་ལོ་བཅུ་ཡི་རིང་ལ་ཁྲིད་
མཁན་དེ་སུ་རེད་
དེ་དེང་རབས་ཀྱི་་སློབ་གྲར་ཐོན་པའི་བོད་ཀྱི་བུད་མེད་རེད་དམ་།
མ་རེད་དེ་ནི་མཁས་དབང་ཟམ་གདོང་རིན་པོ་ཆེ་རེད་།

ཡང་བཀའ་བློན་ཐད་ཀར་འོས་བྱས་པའི་འཛིན་སྐྱོང་གི་འགོ་ཁྲིད་ལམ་ཕེབས་ནས་ཕྱིས་སུ་སུ་བཀའ་བློན་སླེབས་
བསྡད་ཆོག་ཆོག་བྱས་མཁན་དེ་སུ་རེད་
བུད་མེད་དམ་
བླ་གྲ་བ་རེད་།

ཡང་རྒྱལ་སྤྱིའི་ནང་དུ་བོད་ཟེར་དེ་གོ་དང་ཚོར་རྒྱུ་ཡོད་དེ་།
བླ་མ་དགེ་བཤེས་ཐོན་པ་ཚོས་ཆོས་འཁོར་ནས་བྱུང་བ་རེད་དམ་།

དེང་དུས་སློབ་གྲར་ཐོན་བུད་མེད་ཚོས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་སླེབས་བྱུང་རེད་་ཧཧཧཧ་།

མདོར་ན་ཁྱེད་ཀྱིས་ང་མཆན་བུ་ལན་རྩ་ནས་ཐེབས་མི་འདུག་།

 
 
2010.09.14 10:53:08

འགྲོ་བ་བཟང་མོ་ལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད།
གལ་སྲིད་གནའ་སྔ་མོ་ནས་བླ་མ་དང་། 
གྲྭ་བས་བོད་འདི་མ་བཟུང་པ་ཡིན་ན་ད་ལྟའི་དུས་ལ་གནས་སྟངས་འདི་འདྲ་སྐྱོ་པོ་ཆགས་ཀྱི་མ་རེད།
འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ།
དབང་ཤུགས་ཅན་གྱི་བླ་མ་དང་གྲྭ་བས་བོད་ཀྱི་སྲིད་ཇུས་འདི་ལ་ལག་པ་འཆང་སོང་བས་བསྐྱལ་པ་རེད།
མདོར་བསྡུས་ན་ཇི་སྲིད་དུ་བོད་འདི་བླ་མ་དང་།
གྲྭ་བས་ཟིན་ན་དེ་སྲིད་དུ་བོད་འདི་སྐྱབས་ཐུབ་ཀྱི་མ་རེད།


 
 
2010.09.15 03:30:26

རྒྱུ་མཚན་གང་ཡང་མེད་པ་བོད་ཀྱི་ཁྱེད་ནོར་སྨྲ་བ་ནི།
ད་དུང་བོད་འདི་ལ་སྙིང་ཉེ་འདོག་གིས།
རྡོ་ཡར་འདེགས་ནས་སོ་སོའི་རྐང་པ་ཐོག་མར་གཡུག་མཁན་ཕོ་རྒོད་རང་རེད།
རྗེས་སུ་སོ་སོའི་རིག་གནས་དང་། ཁྱེད་ནོར་སོགས་ལ་ལེགས་པར་དཔྱད་ནས་ཡོངས་རོགས་ཞུ།།

 
 
2010.09.15 07:53:02

ཟླ་བ་བཟང་མོ་ཞེས་པའི་མིང་འོག་ཏུ་ཉལ་བའི་ཁྱོད། བུ་དང་བུ་མོ་གང་ཡིན་ཡང་ཁྱད་པ་མི་འདུག འོན་ཀྱང་ཁྱོད་ཀྱིས་བཤད་པའི་སྐད་ཆ་ཕལ་ཆེ་བདེན་པ་ལྟ་བུ་མཐོང་ནས་རྒྱབ་སྐྱོར་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། དེ་མིན་ལི་ཐང་ཕུན་བཀྲ་ལྟ་བུ་གནའ་དེང་གི་ཤེས་རིག་གང་ལ་ཡང་རྒྱུས་མངའ་མེད་པའི་ཀླད་མེད་མགོ་རིལ་སྐྲ་རྫུན་གྱོན་མཁན་དེའི་སྨྱོན་གཏམ་གྱིས། ང་ཚོ་བོད་ཀྱི་གནའ་དེང་ཤེས་བྱའི་དཀྱིལ་འཁོར་ལ་ཞབས་འདེབས་ཅི་ཡང་ཞུ་ཐུབ་ཀྱི་མེད་པ་ངས་ལོས་ཤེས། ད་དུང་དེ་དང་དེ་ལ་སོགས་པ་མགོ་རིལ་རྣམས་ཀྱིས་ཕྱོགས་ཞེན་དང་འཐེན་འཁྱེར་གྱི་འཆལ་གཏམ་ལ་ང་ཚོས་མཐའ་གཅིག་དགག་པ་རྒྱག་རྒྱུའི་ཆོད་སེམས་བརྟན་པོ་དགོས། བོད་པ་ཚོ། བློ་མ་ཕམ། སེམས་ཤུགས་མ་ཆག རྟག་ཏུ་ང་ཚོ་མདུན་ནས་མདུན་དུ་བསྐྱོད་དགོས། བོད་པ་ཚོ། བློ་རིག་སྒྲིམས་ཤིག་་་་་་་་་་་་་་་་་་་་་་་་། མགོ་རིལ་ཚོའི་ཁ་ལ་མ་བལྟ།

 
 
2010.09.24 10:38:38

ཨ་ཅག་ལགས།
ངེད་་གཉིས་ཁ་་སེམས་མཐུན་པོ་ཡིན་དཱ།
རྗེས་མ་་ནས་ཨ་ཁུ་ཨ་ནེ་ནི་ང་ཚོས་བླ་སྲོག་ཡིན་པ་ཤེས་པར་བྱས་ཁ་གཏོང་རྒྱུ་མིན།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -