གསར་འགྱུར་གསར་པ།:

དགོངས་ཚུལ་གསར་པ།

བོད་ཀྱི་གླུ་གཞས།


ComScore

ཟིན་བྲིས་དེ་ལས་མང་བ།

2010.09.10 03:23:33
ལི་་་་ ཕུན་བཀྲ།

བཙན་བྱོལ་ནང་གི་བུད་མེད་ཚོས་སྒྲུབ་མ་ཐུབ་པའི་ལོ་རྒྱུས་ཀྱི་ནང་དུ་ལྷག་ཉེན་ཆེ་བའི་གནད་དོན་དེ་ནི་མི་རིགས་རྩ་སྟོང་ཀྱི་ཉེན་ཁ་དེ་རེད། འདིའི་སྐོར་དེ་གསལ་ཙམ་བརྗོད་ན་། ཕྱི་ལོ་ ༢༠༠༨ ལོའི་ནང་དུ་བོད་དུ་ཞི་བའི་གྱེན་ལངས་བྱས་པ་ནས་བཟུང་སྟེ་བཙན་བྱོལ་ནང་གི་བུད་མེད་ཚོའི་ནག་ཉེན་དེ་ཧ་ཅང་གི་ར་སྤྲོད་གསལ་པོ་བྱས་ཡོད་།
གང་ཡིན་ཞེ་ན་།
ད་བར་དུ་བོད་འདི་ལ་འཛམ་གླིང་གི་ནང་དུ་ངོམས་རྒྱུ་ཡོད་པ་དང་།    གོ་རྒྱུ་ཚོར་རྒྱུ་ཡོད་པ་ཞིག་བྱུང་བའི་གཞི་རྩ་དེ་ནི་བོད་ཀྱི་ནང་ཆོས་རིགས་པ་འདི་ཡིན་པ་ནི་སུ་གང་ལ་
འགྲེལ་བརྗོད་བྱེད་མི་དགོས་པ་ཞིག་རེད་།
འོ་ན་།
དེ་འདྲ་ཡིན་ན་བོད་ཀྱི་ཆོས་རིགས་གནས་སློབ་གཉེར་བྱེད་སའི་གདན་ས་ཆེན་པོ་བཞི་དང་།
ས་སྐྱ་།  བཀའ་རྙིང་།  བོན་དང་བཅས་པའི་གདན་ས་ཁག་བཙན་བྱོལ་ནང་དུ་ཡོད་ཅིང་།    ཆོས་བརྒྱུད་དེ་དག་གི་བླ་མ་མཁས་དབང་རྣམས་ཡང་བཙན་བྱོལ་ནང་དུ་ཕེབས་ཡོད་ཀྱང་ཆོས་བརྒྱུད་ཆེན་པོ་
བཞི་ཡི་ནང་དུ་སློབ་གཉེར་བྱེད་མཁན་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བའི་བུ་ཕྲུག་ཚོསའཛིན་བསྐྱོངས་བྱེད་ཡོད་དམ་སུས་་བྱེད་ཡོད་།་

དེ་ནི་བཙན་བྱོལ་ནང་གི་བུད་མེད་ཚོ་ངོ་ཚ་དགོས་པ་ཞིག་ལ་ཆོས་བརྒྱུད་ཁག་གི་སློབ་གཉེར་གྱི་རྒྱུན་འཛིན་དེ་ནི་བོད་ནང་གི་ཨ་མ་ཚོས་གསོ་བསྐྱོངས་བྱེད་ཡོད་།
བོད་ནང་གི་ཨ་མ་ཚོས་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་དག་བློས་བཏང་བྱས་པའི་མཇུག་འབྲས་ལ་།   ཆོས་བརྒྱུད་བཞི་དང་།   བཙན་བྱོལ་གཞུང་གི་སློབ་གྲ་དང་བཅས་པའི་ནང་དུ་ལོ་རེ་ནས་བོད་ནས་བོད་ཕྲུག་སྟོང་ཁྲག་མང་པོ་འབྱོར་བཞིན་ཡོད་ཀྱང་།
ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་གྱེན་ལངས་བྱས་པ་ནས་བཟུང་བཙན་བྱོལ་གཞུང་གིས་གཉེར་བའི་སློབ་ཁག་གི་།
དམའ་རིམ་འཛིན་གྲ་ནས་སྒོ་བརྒྱགས་འགོ་བཙུགས་ཟིན་ཞིང་།      ཆོས་བརྒྱུད་ཁག་གི་འཛིན་གྲ་གསར་པའི་ནང་དུ་ཞུགས་མཁན་ཇེ་ཉུང་དུ་ཕྱིན་ནས་།  ཛ་དྲགས་ཤིག་གི་མཚམས་སུ་སླེབས་བཞིན་ཡོད་།
ཕྱི་ལོ་༢༠༠༩ ཟླ་ ༡༢ཚེས་༢༦ཉིན་ཤེས་རིགས་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ཏུ་
༼ གོང་ས་མཆོག་གིས་བཀའ་སློབ་གནང་དོན་ད་ང་ཚོའི་སློབ་གྲ་འཛིན་འོག་མ་སྟོང་ཆགས་ཀྱི་ཡོད་སྟབས་དེ་དག་འཕྲོ་བརླག་མ་འགྲོ་བའི་ཆེད་དུ་།
ཧི་མ་ལ་ཡི་རི་ཁུལ་ནས་སློབ་ཕྲུག་གསར་འཇུག་བྱེད་དགོས་ཞེས་བཀའ་གནང་སོང་ ༽
ཁ་སང་རྦེལ་ཀོབ་ཏུ་བོད་མི་མང་རྒྱལ་ཡོངས་ཚོགས་ཆེན་དུ་།   བཀའ་བླ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུངས་བཤད་ཀྱི་ནང་དུ་།
ཕྱི་ལོ་ ༡༩༨༦ དང།  ༡༩༩༨  ལོ་དང་  ༢༠༠༩ ལོ་བཅས་ཀྱི་ནང་དུ་བཙན་བྱོལ་དུ་བུ་ཕྲུག་སྐྱེས་ཚད་ཧ་ཅང་གི་ལོ་རེ་ནས་ལོ་རེ་ཇེ་ཉུང་དུ་ཕྱིན་ཡོད་འདུག་།
བོད་ནང་དུ་བུ་ཕྲུག་སྐྱེས་ཚད་ཇེ་ཉུང་ཕྱིན་པའི་རྒྱུན་རྐྱེན་ནི་བཙན་དབང་གིས་སྐྱེ་སྒོ་བཀག་ཡོད་།
ད་འོ་ན་།
བཙན་བྱོལ་ནང་དུ་།    ཅིའི་ཕྱིར།    ་་བུ་ཕྲུག་སྐྱེས་ཚད་ཇེ་ཉུང་དུ་ཕྱིན་པ་རེད་དམ་ཅེ་ན་།
དེ་ལ་འགྲེལ་བརྗོད་གཅིག་མ་གཏོགས་མི་འདུག་དེ་ནི་།   རང་དབང་གིས་སྐྱེ་སྒོ་བཀག་པ་རང་རེད་།
མདོར་ན་ཆོས་བརྒྱུད་ཁག་དང་།   སློབ་གྲ་བཅས་ཀྱི་ནང་དུ་བོད་འབྱོར་བུ་ཕྲུག་ཇེ་ཉུང་དུ་ཕྱིན་མ་ཐག་ཏུ་སློབ་གྲ་ཁག་རིམ་བཞིན་སྒོ་བརྒྱག་དགོས་པའི་མཚམས་སུ་སླེབས་པ་དེ་ནི་།
བཙན་བྱོལ་ནང་གི་བུད་མེད་ཚོས་སྒྲུབ་མ་ཐུབ་པའམ་སྒྲུབ་མ་འདོད་པའི་བོད་མི་རིགས་རྩ་སྟོང་བཏང་བའི་ནག་ཐིག་དང་།  བོད་ཀྱི་ཆོས་རིག་རྒྱུན་འཛིན་མ་ཐུབ་པའི་ལོ་རྒྱུས་ཀྱི་ནག་ཉེས་ཆེས་ཤོས་དེ་བསགས་འདུག།

  
 

2010.09.10 06:13:54

དྲ་གྲོགས་ལགས་ངོ་མ་ཁྱེད་ཉིད་ཀྱིས་དྲང་བཤད་བྱེད་པ་འདི་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ།།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -