གསར་འགྱུར་གསར་པ།:

དགོངས་ཚུལ་གསར་པ།

བོད་ཀྱི་གླུ་གཞས།


ComScore

ཟིན་བྲིས་དེ་ལས་མང་བ།

2010.09.08 22:57:52
གངས་དགའ་འཁྱམ་པོ།

རྒྱང་འབོད།
ཉི་མ་སེར་པོ་དང་བར་ཐག་མེད་པའི་ས་གཞི།
ལག་པས་སྟོང་སྙོབས་འཐེན་དུས།
སྐར་མ་ཡང་ས་ལ་འཐེན།
ངས་ཁྱེད་ཀྱི་བསམ་པའི་ནམ་ཁ་ལ།
རི་མོ་མང་པོ་འབྲི་སྲིད།

རྣམ་ཤེས་དང་བེམ་རོ་འདྲེས་པའི།
བདག་གི་མལ་ས་ནས། ལུས་ཀྱི་ཤ་མདོག་དང་།
སེམས་ཀྱི་ཁ་དོག་རྒྱང་བལྟ་བྱེད་བཞིན།
གློ་བ་མཁལ་མ་ཡང་ལག་སྙོབས་བྱེད་སྲིད།
ལུས་སྨད་ཀྱི་ནང་འཇམ་ཡང་གྲུས་འགྲོ།
དེ་དུས་བདག་གིས་རྒྱང་འབོད་བྱེད་ན།
ས་གནམ་གྱི་བར་ཐག་སྔར་བཞིན་ཡལ་འགྲོ་ལ།
རྟ་ཕོའི་གོམ་སྒྲ་ཡང་རླུང་ལ་འགྲན་ཡོང་།
མ་ཟད་བདག་གི་རྨི་ལམ་གྱི་རྩྭ་ཐང་ཡང་སྐད་ཅིག་གི་རྫོགས་འགྲོ།

  
 

2010.09.09 01:08:20

རྒྱང་འབོད་དེ་བདག་གིས་གོ་དུས་།
སེམས་བསམ་པའི་སྟེང་ནས་སྐྱོ་བས་གནར
ང་ཚའི་བར་ཐག་འདི་ལྟར་བཅད་པ་ནི
ལྷ་ཀླུ་གདོན་བགེགས་སུ་ཡང་མིན
དེ་ནི་མི་ཡིས་མི་ལ་གནར་གཅོད་གོ་རིམ་གྱི་འཕངས་འབྲས་རེད
ང་ཚོ་ནི་འཕངས་མི་དགོས།
ང་ཚོས་ང་ཚོ་འཚོལ་དགོས་ལ
འཚོལ་ནས་རྙེད་པའི་གདེང་དགོས།

 
 
2010.09.09 01:13:38

རྒྱང་རིང་ཁྱོད་ང་ཡི་སེམས་ཀྱི་ཉི་མ།

 
 
2010.09.09 01:33:20

ལག་པས་སྙོབ་སྟངས་དེ་
གསེར་གྱིས་བྲིས་པའི་རི་མོ་ཡིན
ཁྱེད་ཀྱི་སྟོང་སྙོབ་དང་
ང་ཡི་གང་སྙོབ་གཉིས
གནས་ས་ལྟ་བའུ་ཧེ་བག་ཡོད
ངས་ཇི་ལྟར་སྙོབ་ཀྱང་ཅི་ཡང་རྙེད་མི་སྲིད
ཁྱེད་ཀྱི་སྟོང་སྙོབ་ལ་ཁ་མདོག་ཡོད་པས
ཁྱེད་ཀྱི་སྟོང་སྙོབ་དེ་སྟོང་སྙོབ་མིན་པའི་སྟོང་སྙོབ་ཡིན
མུ་མཐུད་ནས་སྟོང་སྙོབ་གྱིས

 
 
2010.09.09 09:17:29


ལབ་པས་སྟོང་སྙོབས་་་་་་་་་་་་་་་་་་་་་་་་་་་་་་་་ལག་པས་སྟོང་སྙོབས།
ནམ་ཁ་ལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ནམ་མཁའ་ལ།
ལབ་སྙོབས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལག་སྙོབས།
་སྐད་ཅིག་གི་རྫོགས་འགྲོ།་་་་་་་་་་་་་་་་་་་་་་་་་སྐད་ཅིག་གིས་རྫོགས་འགྲོ

འདི་ག་ཁྲིམས་ཁང་ནས་ཞིབ་འཇུག་བྱས་པས་ཡིག་ནོར་འདི་དག་དོན་སོང་བས་ཡིག་ནོར་ཡིན་པར་ང་འཕྲོད་ཚེ་བཅོས་སྒྲིག་གནང་རོགས།

 
 
2010.09.09 10:58:07

སྨག་རུམ་ཁྲོད་ནས་ངུ་སྟངས་ཤིག
བྲག་གཡང་གསེབ་ནས་འབོད་སྟངས་ཤིག་གིས
རྒྱངས་བཞུད་བས་སེམས་ཁམས་ཁྱེད་ཀྱི་མདུན་དུ་བསྲིངས་འོང་།
དེ་ནི་དམ་ཚིག་གཅིག་གི་ཐུར་འོག་ནས་འཚར་ལོངས་ཤིག་གི་རིམ་ཡིན།
༼༢༽
ང་ནི་ཁྱེད་དང་ལས་དབང་གཅིག་ལ།
ནམ་ཡང་ཁྱེད་ལ་བརྩེ་ནས་ཡོད།
ཡིན་ན་འང་་་་་་་་་་ཁྱེད་ནམ་ཡང་གཟབ་དགོས།
ཁྱི་སྤྱང་དགོད་སྟངས་དང་།
ས་ཡོམ་རྒྱག་སྟངས་འདིའི་སྔ་གཞུགས་སུ།
སུ་ཡང་སོས་དལ་དུ་ཕེབས་མ་མྱོངས།
དེར་བརྟེན་ཁྱེད་ནི་ཕ་སའི་རྩམ་པ་དངོས་ཡིན།
༼༣༽
ཁྱེད་ནམ་ཡང་དཀར་ངོགས་ཀྱི་འཇིག་རྟེན་སྣེ་ཁྲིད་བའི་སྐྱ་རེངས་ཤིག་དང་།
ངའི་སེམས་ཁོང་དུ་འཁྱིལ་བའི་འོད་ཀྱི་ཐིག་ལེ་ཞིག་
ངས་ཁྱེད་ལ་ནམ་ཡང་་་་་་་་་་རེ་བ་ཡིད་ཆེས་བྱེད་ཀྱི་ཡོད།



 
 
2010.10.31 22:07:58


 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -