གསར་འགྱུར་གསར་པ།:

དགོངས་ཚུལ་གསར་པ།

བོད་ཀྱི་གླུ་གཞས།


ComScore

ཟིན་བྲིས་དེ་ལས་མང་བ།

2010.09.08 00:51:22
འཆམ་ར་དྲི་མེད་རྒྱལ་མཚན།

༈ འཛམ་གླིང་ཡངས་སྟེང་གི་དམག་དཔོན་ཆེན་པོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་
མཆོག་ལ་བསྟོད་པ་
རྡུལ་བྲལ་ལྷ་རེག་དཀར་པོའི་འཕྱང་འཕྲུལ།།
གངས་དཀར་ལྷུན་པོའི་འདབས་ནས་སྐྱེས་ཤིང་གངས་རི་དཀར་པོའི་སྙིང་སྟོབས་རྒྱས།།
ཡར་ཀླུངས་གཙང་པོའི་འགྲམ་ནས་འཚར་ཞིང་དྭངས་གཙང་ཆུ་མོའི་དམིགས་རྒྱང་ཟུགས།།
ཤར་ཕྱོགས་ཁམས་པའི་ཡུལ་ནས་ཆས་ཤིང་དཔུང་ཤེད་དགྲ་བོའི་སྙིང་ལ་ངོམ།།
ཛ་སག་དམག་གི་ཆོ་ལོ་མཐོ་བའི་ཨ་འབྲུག་མགོན་པོ་ཁྱེད་ལ་བསྟོད།།

ཡོད་དགུའི་དངོས་པོ་དཀྱིལ་ལ་སྤུངས་ས་གྲུ་འཛིན་རི་བོ་དཔངས་མཐོ་ཡང་།།
ལྷག་བསམ་དཀར་པོའི་ཁ་དར་མེད་པར་ཆུ་སྲིན་གདུག་པའི་མཆེ་བས་རྨུག།
མི་སེར་རྒན་པོའི་སྙིང་ཁ་ན་ནས་ཐབས་བྱུང་རིག་པའི་འཕྲུལ་འཁོར་བཤམས།།
གཡུལ་ལ་ཆས་པའི་རྒྱལ་བྱིན་འདྲ་བ་གངས་ལྗོངས་མི་ཡི་དཔའ་བོར་བསྟོད།།

བསོད་ནམས་ལས་ཀྱི་བྲེ་གཞོང་སྟོངས་ནས་མགོ་ནག་མི་ཡི་གོད་ཆག་འབར།།
ཤ་ཚའི་འདུན་པ་གངས་ལ་འཁོར་ནས་བློ་ཤེད་ཡོད་དགུ་བོད་ལ་ཕྱུང་།།
འཛམ་གླིང་མཛེས་པའི་གསེར་ཁྲི་སེར་པོ་ཚོགས་གཉིས་རྫོགས་པའི་རྟེན་དུ་བསླངས་།།
ཁྲག་གི་ཐིགས་པས་བོད་ཁམས་ཉུལ་བའི་ས་ནག་སྒང་གི་དཔའ་བོར་བསྟོད།།

སྡེ་བ་གཞུང་གི་ཐུགས་སྤྲོའི་བར་ནས་ཚོང་བ་རྒན་པོའི་ཡིད་སེམས་འཁྲུགས།།
རང་གཞིས་དྲོན་མོ་སྤྱི་ལ་སྤུངས་ནས་ཟུངས་ཟད་བོད་ཀྱི་ལུས་ཁམས་གསོས།།
དགྲ་བོའི་སྙིང་ལ་སེར་ཁ་གས་པའི་དམག་གི་དཀྱིལ་འཁོར་དབུས་ལ་བཤམས།།
ལྷག་བསམ་དཀར་པོའི་དུང་དཀར་འབོད་པའི་སྦྱིན་བདག་ཆེན་པོ་ཁྱེད་ལ་བསྟོད།།

ལྕགས་ཚ་གྲུ་བཞིའི་ཡངས་པའི་ཐང་ནས་སྤོབས་པ་མཐོ་བའི་དམག་སྒར་སྒྲིག།།
སྒྲིག་འཛུགས་གསེར་སྐུད་ཕྲ་མོའི་དཀྱིལ་དུ་ཁམས་པའི་རྒྱ་སྟག་དཔའ་བོ་བཅུག།།
དགྲ་བོའི་སྟེང་དུ་མཆོང་ཐེངས་རེ་ལ་ཁྲག་གི་ཐིགས་པས་ས་གཞི་གཙོས།།
གཡུལ་ལས་རྒྱལ་བའི་རྟིང་མ་མཐོ་བའི་ཛ་སག་མགོན་པོ་ཁྱེད་ལ་བསྟོད།།

སྡེ་བ་གཞུང་གི་དམག་མི་ཞ་བོས་རེ་བའི་རི་མོ་ཆུ་ལ་བསྐུར།།
གོ་མཚོན་མེད་པའི་ཕོངས་སེམས་ཤིག་གིས་གནམ་མཚོ་ཕྱུག་མོར་བསྐོར་འདོད་སྐྱེས།།
ཕར་སོང་དམག་གི་འགོ་བ་བྱས་ནས་གོ་མཛོད་ལེན་པའི་རུ་བསྟར་སྒྲིག།།
གཞིས་བྱེས་དམག་གི་རྒྱང་ཐག་གྱེས་པའི་དཔའ་བོ་རྒྱབ་ཆད་ཁྱེད་ལ་བསྟོད།།

ནམ་མཁའི་སྐར་ཚོགས་མཁའ་ལ་འཐོར་དུས་དགྲ་བོའི་དམག་གིས་ས་གཞི་ཁེངས།།
རལ་གྲི་ངར་མའི་གཡུལ་ངོ་གཤོམ་དུས་ཚངས་པས་དགྲ་ཁ་བཀྱེ་བ་འདྲ།།
རྫོགས་མེད་དམག་གི་གཙང་པོ་འབབ་དུས་སྙིང་སྟོབས་དགུ་འགྱུར་སེམས་ལ་འཕྱུར།།
འདམ་གང་མཚོན་གྱི་གནོད་པ་མེད་པའི་དགྲ་མགོ་རྒོད་པ་ཁྱེད་ལ་བསྟོད།།

ལག་ཆ་བཟང་པོ་ལག་ཏུ་འབྱོར་ཡང་སྤྱོད་ཤེས་མེད་པའི་གྲོང་དམག་ཞིག།
དམག་བྱུས་མཁས་པའི་དམག་དཔོན་མེད་པ་འཕྲལ་མ་འདུས་པའི་ཡུལ་དམག་ཅིག།
གཞུང་དང་དམངས་ཀྱིས་རྒྱགས་ཕྱེ་མེད་པ་དགྲ་ལ་རྒོལ་བའི་དང་དམག་ཞིག།
མཛད་པའི་བཀའ་དྲིན་བོད་ལ་ལྕི་ཡང་རྗེས་དྲན་མེད་པའི་ཁེར་རྐྱང་ཞིག།

མང་སྣེ་ཉུང་གིས་མཐའ་བརྟན་མེད་པ་དམག་ཉེས་ལུས་ལ་ཕོག་པ་ན།།
འཛམ་གླིང་སྒེག་མོས་རོགས་སྐྱོར་མེད་ཅིང་ཆིག་སྒྲིག་དཔུང་གི་ཤུགས་མེད་པ།།
རང་གི་སེམས་པ་སྡུག་གིས་བརྣང་ཡང་དམག་ཤུགས་སྣོན་པའི་གཞུང་མེད་མཁན།།
ཛ་སག་དམག་གི་འུ་ཐུག་ཆོ་ལོས་ཕྱིས་སུ་རྒྱན་པ་ཁྱོད་ལ་བསྟོད།།

རང་ལ་གཟའ་བའི་རྒྱགས་ཕྱེ་ཆད་ཀྱང་དགྲ་ལ་རྒོལ་བའི་སྙིང་སྟོབས་འབར།།
འཐབ་འཛིང་སྟོང་གི་གཡུལ་ཁ་བཀྱེས་ནས་དཔའ་བོའི་གྲགས་པ་མཐོ་ན་ཡང་།།
བསོད་ནམས་རི་མོ་མཐའ་ནས་ཡལ་ཏེ་གངས་དཀར་ལྷུན་པོ་དགྲ་ཡིས་བཟུང་།།
རྒྱབ་ཆད་དམག་གི་སེམས་པ་ཁྱེར་ནས་མི་ཡུལ་ཕྱོགས་སུ་བཙན་རྫོང་བཟུང་།།

བྱས་པའི་མྱོང་བ་གདན་ལ་བཏིངས་ནས་དམག་བྱུས་རིག་པའི་སོ་ཁ་བརྡར།།
ཕར་རྒོལ་སྙིང་སྟོབས་བྲང་འོག་འཕྱུར་ཞིང་དམིགས་འབེན་དགྲ་བོའི་སྲོག་རྩ་ཉུལ།།
བསྟན་འཛིན་སྐྱེས་བུ་མི་ཡུལ་བསུས་ནས་འབངས་མིའི་སྡུག་བསྔལ་དྲོད་ཀྱིས་གསོས།།
དགྲ་བོའི་བོག་ར་གཏད་ས་ངོ་མ་བསྟན་སྲུང་དཔའ་བོ་ཁྱོད་ལ་བསྟོད།།

ཕྲག་དོག་དམར་པོའི་ཁྲག་མཚོ་ནག་པོ་གངས་སུལ་ཞིག་ནས་ཁོལ་བ་ན།།
ཁ་གཏད་དགྲ་བོའི་གྲོད་ཁོག་བརྒྱང་པའི་ཕོ་ངན་ནང་ནས་ལང་བ་ན།།
རལ་གྲི་ངར་མའི་སོ་ཁ་གཟན་པོ་ཕུ་ནུའི་སྲོག་ལ་བསྣུན་པ་ན།།
རང་ཆུས་ཤོར་ནས་དགྲ་བོ་དགོད་པའི་ན་ཟུག་ཁྱེར་མཁན་ཁྱོད་ལ་བསྟོད།།

རང་སྲོག་རྩིས་ཆེན་བོད་ལ་ཕུལ་ཤིང་བྱས་པའི་བཀའ་དྲིན་བོད་ལ་བཞག།།
སྲོང་བཙན་སྒོམ་པོའི་འབངས་སྡེ་ཡིན་པའི་དཔའ་སྟོབས་ཡངས་པའི་ཁྱོན་ལ་བཞག།།
རང་བཙན་ཡིན་པའི་ཕར་རྒོལ་དཔང་རྟགས་ལོ་རྒྱུས་ཡིག་ཚང་ནང་དུ་བཞག།།
བཞག་པའི་སྐུ་དྲིན་བོད་ལ་ཆེ་ཡང་བོད་མིས་བརྗེད་པ་ཁྱོད་ལ་བསྟོད།།

སྡེ་བ་གཞུང་གི་གསོས་ཕག་མིན་ཡང་དགོས་པའི་དུས་སུ་ཤར་རེ་ལངས།།
དམག་བྱུས་མཁས་པའི་རུ་དཔུང་མིན་ཡང་དགྲ་བོར་འཇིགས་པའི་དཔའ་སྟོབས་ངོམ།།
རང་རྒྱུ་རྩིས་ཆེན་བསྡུ་མཁན་མེད་ཀྱང་དམག་སྒར་འཛུགས་པའི་རྟེན་དུ་ཕུལ།།
ཁྱེད་ལ་ཡོད་པ་བོད་ལ་དག་པའི་ཕོ་རྒོད་དཔའ་བོའི་ལོ་རྒྱུས་བསྟོད།།

རྗེས་ཤུལ་རི་མོ་ས་ལ་བཀྲ་ཞིང་ནམ་མཁའི་ཁམས་ནས་འོད་དུ་འཚེར།།
ཨ་མའི་བུ་རྒོད་སོང་བའི་ཤུལ་ནས་སྙན་པའི་གྲགས་པ་རླུང་དང་འགྲོགས།།
ཕ་བཟང་བུ་ཡི་ལག་རྗེས་རེ་ནས་སེར་པོ་གསེར་གྱི་པ་ཏྲ་འཁྱིལ།།
བདེན་པའི་སྙན་ཚིག་སྟོང་གིས་བཏེགས་ཀྱང་ཐེག་པ་དཀའ་བ་ཁྱོད་ལ་བསྟོད།།

བདེན་པའི་གནས་ལུགས་ཁོག་ཏུ་མིད་ཀྱང་ཁ་ནས་བསྟོད་པའི་མེ་ཏོག་སྐྱུག།།
ཁྱེད་ལ་དགྱེས་པའི་མཆོད་པ་འོས་ན་བདག་སེམས་སྤྲོ་བས་སྨྱོས་སྲིད་ཀྱང་།།
ཁྱེད་ཀྱི་ཐུགས་བཞེད་སྣང་མེད་བྱས་པའི་ངོ་གནོང་དྲེག་པ་འཐུག་སྟངས་འདིས།།
ཁྱེད་རང་འབོད་དུས་ཁྲེལ་སྣང་ཞིག་གིས་གློ་སྙིང་བར་ནས་ན་གིན་འདུག།

རིག་ཤེས་མྱུར་མོས་ག་ཤེད་ཅིག་ནས་གངས་ཅན་བོད་པ་མཐོང་ལགས་སམ།།
སྡུག་གི་མགོ་བོ་སྟ་རེས་བཙགས་ནས་ངུ་འབོད་བྱས་པ་གཟིགས་ལགས་སམ།།
དཔའ་རྩལ་སྣ་དགུ་རུམ་ལ་བཅུག་ནས་ཁྱེད་རང་གཅིག་པུ་ཕེབས་ལགས་སམ།།
ཁྱེད་ལ་བཅངས་པའི་བརྩེ་བ་འབུམ་གྱིས་མི་ཡུལ་ཕྱོགས་ནས་འབོད་ཀྱིན་ཡོད།།

འབར་རྫས་ངན་པ་ཁྱོད་ལ་གཟན་པ་ཁ་བ་རྒུད་པའི་ངན་ལྟས་ཡིན།།
མི་ཡུལ་ཕྱོགས་ལ་ལོ་གཉིས་བཞུགས་རྗེས་ཁྱེད་རང་ཕེབས་པ་མིག་ཆུ་ཡིན།།
ཁྱེད་དང་འདྲ་བའི་དཔའ་བོ་མེད་པ་རྒྱུ་འབྲས་བསྣོག་པའི་འཇུག་འབྲས་ཡིན།།
སྡུག་གྱོང་སྣ་དགུའི་སྨྲེ་སྔགས་བསྒྲགས་ཏེ་གངས་ཅན་བོད་པ་ལུས་བསྡད་ཡོད།།

ཕྱི་ལོ་༢༠༡༠་༥་༡༢། ཉིན་བོད་ཀྱི་དམག་དཔོན་ཆེན་མོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་བཀའ་དྲིན།
རྒྱུ་མཚན་ཤེས་པའི་སྒོ་ནས་རྗེས་སུ་དྲན་ཏེ་བཙན་བྱོལ་བོད་ཀྱི་རྒྱ་སར་བྲིས་པའོ།།


  རྡོག་རྩ་ཆིག་སྒྲིལ།
 

2010.09.08 03:10:01

འཚར་ཤིང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འཚར་ཞིང་།
དངས་གཙང་་་་་་་་་་་་་་་་་་་་་་་་དྭངས་གཙང་།
དཔང་མཐོ་་་་་་་་་་་་་་་་་་་་་་་་་་་་་་་་དཔངས་མཐོ།
འཁྲུལ་འཁོར་་་་་་་་་་་་་་་་་་་་་་་་་་འཕྲུལ་འཁོར།
འཛམ་གླི་་་་་་་་་་་་་་་་་་་་་་་་་་་་་་་་་་་འཛམ་གླིང་།
ཁྲག་གི་ཐིག་པས་་་་་་་་་་་་་་་་་་་་ཐིགས་པ།
བདེ་བ་གཞུང་།་་་་་་་་་་་་་་་་་་སྡེ་བ་གཞུང་།
འཆོང་ཐེངས་་་་་་་་་་་་་་་་་་་་་་་་མཆོང་ཐེངས།
ཕོངས་སེམས་ཞིག་གིས་་་་་་་་་་་་ཕོངས་སེམས་ཤིག་གིས།
གྲོང་དམག་ཞིག།།་་་་་་་་་་་་་་་་་་་་་་་་་གྲོང་དམག་ཅིག
བསྡར།།་་་་་་་་་་་་་་་་་་་་་་་་་་་་་་་་་་་བརྡར།
དམག་བྱུང་་་་་་་་་་་་་་་་་་་་་་་་་་་དམག་བྱུས།
བཀྲ་ཤིང་་་་་་་་་་་་་་་་་་་་་་་་་་་་་བཀྲ་ཤིས།
དྲེག་པ་་་་་་་་་་་་་་་་་་་་་་་་་་་་་་་་་་་་དྲེགས་པ།
འཇུག་འབྲས་་་་་་་་་་་་་་་་་་་་་་་མཇུག་འབྲས།
འདི་ག་ཁྲིམས་ཁང་ནས་ཞིབ་འཇུག་བྱས་པས་ཡིག་ནོར་འདི་དག་དོན་སོང་བས་བཅོས་སྒྲིག་གནང་རོགས།


 
 
2010.09.08 04:12:01

ཁྱེད་ལ་ཐུགས་རྗེ་ཆེ་ཞུ།
འོན་ཀྱང་བཅོས་དགོས་ངེས་ཁག་ཅིག་ལས་ཚང་མའང་བཅོས་དགོས་ངེས་མ་མཐོང་བས་དེ་ལུགས་རང་སོར་བཞག་ཡོད་ལགས

 
 
2010.09.10 06:04:55

དྲ་གྲོགས་ལགས་སྤྱིར་ཁྱེད་ཉིད་ལ་དག་སུམ་སོགས་ཡག་པོ་ཡོད་པ་དང་བློ་སྟོབས་ཀྱང་ཆེ་བས་ཐུགས་རྗེ་ཆེ་། འོན་ཀྱང་ཟིན་བྲིས་འདི་འདྲ་བའི་རིགས་ལ་དག་བཅོས་མང་ན་སྙན་པོ་མི་མཐོང་བས་། དག་བཅོས་དགོས་ངེས་ལ་མ་བཏོགས་མ་ཞུས་ན་ཞེས་འབོད་སྐུལ་གྱིས་ཚུལ་དུ་ཡིན་པས་དགོངས་འགལ་མེད་པ་ཞུ

 
 
2010.09.08 03:21:17

གངས་རིའི་འདབས་ནས་ལྟེ་ཁྲག་འཕོས་ཤིང་གངས་དཀར་རི་བོའི་ལྷུན་པོའི་སྤོར།།
མི་འཇིགས་སེང་གེའི་རྒྱལ་དར་འཕྱར་ནས་དམར་པོའི་དམག་གི་དཔུང་ཆེན་ཚོགས།།
གཟི་འོད་འབར་བའི་རལ་གྲི་རྣོན་པོས་སྙིང་གི་སྲོག་རྩ་རྩད་ནས་བཅད།།
ཀི་སྒྲ་ཞིག་གིས་གནམ་ས་དབྲལ་བའི་དཔའ་བོ་ཁྱེད་ཉིད་ནམ་ཡང་དྲན།།



 
 
2010.09.08 05:34:40

གྲོགས་དྲི་མེད་ལགས།
ཕྱི་ནང་མེད་པའི་སྤྱི་ཚོགས་ནང་དུ་ཚེ་སྲོག་ཕུལ་ཀྱང་དམའ་འབོད་བྱས།
བློ་དཀར་འགྱུར་མེད་གཞུང་ལ་གཏད་ཀྱང་ཟ་ངོམས་ཅན་ཚོས་མཐོང་ཆུང་བྱས།
ཉམ་ཐག་བོད་མིའི་བདེ་སྡུག་བསམ་ཀྱང་གཡོ་རྒྱུ་ཅན་ཚོས་ཁྲམ་དགོད་བྱས།
མདོ་ཁམས་པ་ཡི་ཕོ་རྒོད་དམིགས་ཡུལ་དབུ་མའི་ལམ་གྱིས་ནག་སུབ་བྱས།



 
 
2010.09.08 06:36:01

གྲོགས་འཆམ་ར་ལགས་ཁམས་བཟང་
འཆམ་ར་ལགས་ཁྱེད་ཀྱིས་ཛ་་སག་ཞེས་འབོད་པའི་དམག་དཔོན་གྱི་གོ་མིང་ཅན་་།
ཨ་འབྲུག་ཚང་གི་དཔའ་ཡ་མེད་མགོན་པོ་བཀྲ་ཤིས་ལ་བསྟོད་པའི་སྒོ་ནས་དངོས་དོན་ངོ་མ་བྲིས་འདུག་།
ངས་ཀྱང་ཁྱེད་ལ་བསྟོད་བསྔགས་ཡང་ཡང་འཕུལ་།

དྲི་མེད་རིག་པའི་ལྷ་ལམ་ཡངས་པོ་རུ་།།
དངོས་དོན་སྨྲ་བའི་མི་འཇིགས་སྤོབས་་པ་ཡི་།།
ཆ་ཤས་ཡོངས་རྫོགས་ཟླ་བའི་དཀྱིལ་འཁོར་ལ་།།
ལོག་སྨྲ་འབྱུང་པོ་་སུ་ཡིས་འགྲན་་པ་ནུས་།།

ལི་ཐང་་ཕུན་བཀྲིས་ནས་ ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༩ ཚེས་ ༨ ཉིན་སྤེལ་།།

 
 
2010.09.08 06:42:21

རྒྱང་རིང་དུ་གྱེས་པའི་གྲོགས་མཆོག་དམ་པ་བེ་རི་བ་དང་

ཡིད་མཐུན་གྱི་གྲོགས་པོ་དམ་པ་ཅོ་རི་བ

དེ་བཞིན་ཕུན་བཀྲ་ལགས་བཅས་ལ་ཕེབས་བསུ་ཞུ་རྒྱུ་ཡིན།

 
 
2010.09.08 10:10:35

མཚུངས་མེད་གྲོགས་ཀྱི་དངས་མ་འཆམ་ར་དྲི་མེད་ལགས། སྐུ་ཉིད་སྔར་རྗེས་སུ་དྲ་སྟེང་ལ་ཕེབས་འདུག་ཀྱང། ཁོ་བོའི་འཚམ་འདྲི་རེ་ཞུ་ཡ་བྱུང་མ་སོང། དགོངས་དག་ཞུ།
ད་རིང་སྐུ་ཉིད་ཀྱི་གངས་རིའི་ལྗོངས་ཀྱི་ཕུལ་བྱུང་གི་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་ལ་བསྟོད་པ་ཞིག་བྲིས་འདུག་པས་གུས་པ་ཧ་ཅིང་དགའ་པོ་བྱུང། ཐུཊ་རྗེ་ཆེ།
ལྟེ་ཁྲག་གངས་རིའི་ལྗོངས་ཀྱིས།།
མདོ་ཁམས་ཡུལ་ལ་འཕོས་ཀྱང།།
རྨད་བྱུང་སྙིང་སྟོབས་ཆེ་བས།།
འཛམ་གླིང་གྲཊ་པའི་དཔའ་བོ།།

 
 
2010.09.09 03:02:32

རྒན་ཉི་མ་ལགས
ཁྱེད་ཀྱི་མཚམས་འདྲི་ལ་གུས་འདུད་ཞུ

སྨད་དེ་མདོ་ཁམས་སྨད་རེད།།
གངས་ཅན་བོད་ཀྱི་སྨད་རེད།།
སྨད་ཀྱི་དཔའ་བོ་འདས་པོའི།།
རྗེས་དྲན་ཞུ་མཁན་འདུག་གམ།།

བོད་ལ་དགོས་རྒྱུ་མི་རེད།།
མི་ལ་དགོས་རྒྱུ་ཁོག་རེད།།
ཨ་འབྲུག་མགོན་པོའི་ཁོག་དེ།།
སེར་པོ་གསེར་གྱི་ཡ་རེད།།

ཨ་འབྲུག་མགོན་པོ་མྱི་རེད།།
མི་རྟག་པ་དེ་འདྲེ་རེད།།
གངས་ཅན་བོད་པ་ལྷ་རེད།།
ལྷ་ཡི་སེམས་པ་འདྲེ་རེད།།

 
 
2010.09.10 05:46:05

ངོ་མ་རེད་རྗེས་དྲན་ཞུ་དགོས་ངེས་རེད་།
རྗེས་དྲན་འདྲ་ཞུས་ན་ཁོང་ལྟར་བུ་ལུས་ཡིན། འོན་ཀྱང་དེང་སང་་མི་་ཁག་ཅིག་གི།
འོ་རེད་མང་པོ་ཞུ་མི་དགོས་ཤིན་ཏུ་ལེགས་པས་ཐུགས་རྗེ་ཆེ་ཞུ

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -