བུད་མེད། གྲྭ་བ། སྡོམ་པ།
རང་ཉིད་ཀྱི་ཚོར་སྣང་དམར་རྗེན་མ།
བུད་མེད་ཀྱི་དགྲ་རུ་བཟུང་བའི། བོད་ཀྱི་སྡོམ་རལ། ལོ་རེ་ལོ་རེ། ལྭ་བ་དང་འདྲ་བ་སྣེ་མོ་ནི་གྲུག་འགྲོ
མ་ཟད། བུད་མེད་ཀྱི་ཤ་འཇམ་དང་རེག་ན།
གློག་ཆུ་དང་འཕྲད་པ་བཞིན་རྩ་མེད་དུ་འགྱུར་འགྲོ།
ངོ་མ། སྡོམ་པ་ལྭ་བ་ཞིག་དང་རྨང་ནི་མཚུངས།
ཕ་ཡུལ་གྱི་ལོ་ལོན་ཞིག་གིས །
ནང་འཇམ་སྟོད་ཐུང་ཞིག མི་ལོ་ཉེ་ཤུ་གྱོན་རབས་བཤད།
ཆོས་པ་ཚོས། རྗེ་བླ་མ་སྡོམ་གཙང་བཤད་དུས།
གོས་ཐུང་དེས་ཡིད་ཆེས་རྨང་ནི་གཏོར།
ད་དུང་། སྡོམ་པ་ནི་སེང་རྡོར་གྱི་ཁ་ལ་མེད་ལ།
སྡོམ་རྒྱུས་ཚོའི་རྒྱུད་ལ་ཡང་མེད།
དེས་ན། ཟབ་མདོ་སྟོན་པ་ལྟར། ཡོད་ཚད་ལ་མེད།
སྟོན་པ་ཡང་། ཆབ་སྲིད་པ་ཞིག
སྡོམ་པ་ཡང་། ཁྲིམས་ལུགས་ཤིག
ད་ལྟའི་ཁྲིམས་བཞིན་སྡོམ་པ་ཡང་།
རྨང་ནི་མེད་པའི་ཕྱི་རོལ་གྱི་ཡུལ་སྤྱི་ཙམ།
གཟན་ཤམ་སྡོམ་པ་མིན་ན།
བོད་ཀྱི་གྲྭ་བཙུན་ལ་སྡོམ་པ་མེད།
དགེ་བཤེས་ཚོའི་སྡོམ་པ། སེང་རྡོར་གྱིས་མཁྱེན་ལ།
གྲྭ་བཙུན་གྱི་སྡོམ་པ། གྲྭ་ཆུང་ཚོས་ཀྱང་ཤེས།
སད་མི་བདུན་གྱི་སྡོམ་པའི་ཕྱི་ཤུད་མ་ཕུད་པར་བཤད་ན་མཛའ་ལ།
ཆ་རྐྱེན་གྱི་ངོས་ནི། ནང་རུལ་ལས་ཅི་ཡང་མ་ཡིན།
དེ་ལྟར་རུལ་བའི་ཆོས་ཅན་འདིས། སྡོམ་པ་ཡོད་ཚད་རུལ་བ་ཡིན།
ངོ་མ་བདེན་གྱི་གཏམ་དཔེ་ཞིག་གི་སྡོམ་པར་ཚ་འདྲི་བྱེད་ཀྱང་།
ད་དུང་མ་གོ་ལྟར་གནས་ཡོད།
དགའ་ལྡན་ཕོ་རྒྱོ་མ་རྒྱབ་ན། དགོན་ཚུགས་ཟམ་པ་ཟིན་ལེ་མིན།
ཚིག་འདིས་སྡོམ་པ་གཞི་ནི་གཏོར་ཚར་བས།
རུལ་སུངས་ཀྱི་འཇིག་རྟེན་ན།
འཚོ་བའི་མངལ་ཁ་མེད་པའི་གྲྭ་བཙུན།
རང་དབང་གི་འཚོ་བ་མེད་པའི་གྲྭ་བ།
བརྩེ་དུང་གི་མི་ཚེ་མེད་པའི་གྲྭ་བ།
མི་ཡི་ཕྱིད་ཀ་མེད་པའི་གྲྭ་བ།
བྲན་གཡོག་གི་འདུ་ཤེས་མ་བོར་པའི་གྲྭ་བཙུན།
བུད་མེད་ཀྱི་འཛུམ་གདངས་རིག་ན།
སྡོམ་པ་ཁྱོད་ཅི་ཡང་མིན།
མིན་རུང་ང་འདྲ་ཚོའི་སྔོན་ལ།
ཁྱོད་བཤད་མི་ཕོད་པའི་བཙན་པོ། ཐུགས་མི་ཕོད་པའི་བཀག་རྒྱ།
2010/9/1
|
|||||||
| -

