གསར་འགྱུར་གསར་པ།:

དགོངས་ཚུལ་གསར་པ།

བོད་ཀྱི་གླུ་གཞས།


ComScore

ཟིན་བྲིས་དེ་ལས་མང་བ།

2010.09.06 02:03:18
འཆམ་ར་དྲི་མེད་རྒྱལ་མཚན།

༈ ཁུ་བྱུག་མོན་ནས་ཡོང་བ་ཐག་རིང་ཡང་།།
གངས་ཅན་བོད་ལ་གྲགས་པ་བསྐལ་བ་བཟང་།།
རིགས་མཐུན་གྲོགས་པོ་རྒྱང་ལ་གྱེས་ན་ཡང་།།
མདུན་ཅོག་གཅིག་ཏུ་འཛོམས་པ་བསྐལ་བ་བཟང་།།
༈ ཉི་ཟེར་གྱི་ལྷན་འཛོམས།
རྟོག་སད་ཀྱི་ཨག་སྐད། drimey o 3
༼མི་རིགས
འབའ་པ་སྐལ་བཟང་འཕྲིན་ལས།
ལས་དབང་མུན་པའི་འོབས་སུ་བསྟིམས་ན་ཡང་།།
བསུབ་ཐབས་མེད་པའི་ཤ་རུས་སྦོམ་པོ་འདིས།།
ཁ་བའི་མིང་བྱང་དགུང་ལ་འདེགས་པའི་ཕྱིར།།
མི་རབས་གསར་པའི་དཔུང་འདི་ལངས་ནས་སོང་།།
འབའ་པ་འཆི་མེད་ཚེ་རིང་
ལས་རླུང་དྲག་པོས་རྒྱབ་ནས་འདེད་དུས།།
འགན་འཁྲི་ལྕི་མོས་ས་མཐར་འབུད་དུས།།
གསུབ་ཐབས་མེད་པའི་རྨ་ཁ་དོད་དུས།།
གདོང་དམར་པ་ཡི་ངོ་རིས་གསལ་བྱུང་།།
བེ་རི་དཔལ་ལྡན་རྣམ་རྒྱལ
ཁ་བའི་ལས་དབང་དཔའ་བོའི་དུར་སར་ཐིམ།།
སྐྱབས་བཅོལ་མིང་བྱང་ནག་པོ་ཐོད་དུ་བྲིས།།
ཡོད་ཚད་རྗེས་སུ་ལུས་པའི་གཤམ་འོག་ན།།
རུས་པ་མཁྲེགས་པོའི་དཀར་མདངས་ཡལ་མི་སྲིད།།
ལྩོག་རི་ཕུར་བུ་ཚེ་རིང་
ལོ་རྒྱུས་གླེགས་བམ་བསུས་པའི་འགག་རྩ་དེར།།
རུལ་སུངས་དཔུང་པའི་ཁྲག་རྩ་མཐོར་བཏེགས་ནས།།
མདའ་ཁ་ནང་ལ་གཏད་པའི་སྔ་གཞུག་ཏུ།།
ཆག་སྒོ་ནག་པོའི་དུད་སྤྲིན་ཕ་ས་བསྒྲིབས།།
འཆམ་ར་དྲི་མེད་རྒྱལ་མཚན
མི་རིགས་
གནམ་གྱི་གྲང་ཁར་ནས་ཟག་པའི་ཐིག་ལེ་ཞིག་
ས་ཆེན་དང་སྨག་ནག་འདྲེས་དུས་
འོད་དཀར་གྱིས་འཁྱུད་པའི་ཉི་མ་སེར་པོ་
drimey o 2
༼རྩོམ་རིག
འབའ་པ་སྐལ་བཟང་
རྡོ་ཆག་བཙན་བསྒྲིགས་ལྟ་བུའི་གཡང་ས་དང་།།
ཆུ་རྐྱང་ཕོར་གང་ལྟ་བུའི་རི་གཟར་ལས།།
བརྒལ་མཆོངས་རབ་རིབ་ཉམས་ལྡན་བཅད་ལྷུག་སོགས།།
ཁོ་བའི་ཉམས་སུ་བསྟར་བའི་རིང་ལུགས་ཡིན།།
འབའ་པ་འཆི་མེད
ཨུ་ཚུགས་བཙན་པོས་སྙུག་གུ་བཟུང་ནས།།
ཚིགས་བཅད་དམ་དུམ་ཤོག་ངོས་དཔར་ནས།།
མི་རིགས་ཤིག་གི་བླ་སྲོག་འབོད་པའི།།
མི་འགྱུར་དམ་བཅའ་སྙིང་ལ་བཀོད་ཡོད།།
བེ་རི་དཔལ་ལྡན།
གནའ་བོའི་སྲོལ་རྒྱུན་རིག་པའི་རྨང་གཞི་སྟེང་།།
དབྱུག་པ་ཅན་གྱི་བཤད་པས་ལེགས་བརྒྱན་ཅིང་།།
འཇིགས་མེད་མཁས་པས་ལེགས་པར་བསྐྱེད་བསྲིངས་ཏེ།།
ཁོ་བོའི་རྩོམ་རིག་རི་མོ་མི་དམན་ཙམ།།
ལྕོག་རི་ཕུར་བུ།
ཕ་མའི་ཤུལ་བཞག་གཅུན་པའི་ཚོར་ཤུགས་ཀྱིས།།
དུས་ཀྱི་རགས་ཁ་རྒོལ་བའི་གདོང་ཁར་ཐོན།།
གདོང་གཤིས་དག་མོའི་རྒྱུད་པ་འཚོལ་བའི་སླད།།
རིགས་ལ་བཀལ་བའི་མིང་བྱང་སྐལ་བ་སྦྲུམ།།
འཆམ་ར་དྲི་མེད
རྩོམ་རིགས་
གསེར་ནག་པོའི་སྒལ་ཚིགས་
མི་རིགས་ཀྱི་རུས་རྐང་དང་
སྐད་ཡིག་གི་ལྷུ་ཚིགས་ལ་ཐིམ་ན་
གཟིམ་མེད་ཀྱི་དཔལ་འབར་སྒྲོན་མེ་ཞིག་
drimey o 1
༼མཇལ་འཛོམས།
འབའ་པ་སྐལ་བཟང།
ཐུན་མོང་སྣང་དུ་ཆོག་པའི་ལམ་སྣེ་ནས།།
ཕུགས་འདུན་ལྷན་དུ་འཚོལ་པའི་རིགས་གྲོགས་ཁྱུས།།
རང་སྙིང་ལག་པའི་རྩེ་ནས་བཏོན་བྱས་པའི།།
དོན་དམ་ལྷན་འཛོམས་འདི་ནི་དྲན་ཤིང་ཡིན།།
འབའ་པ་འཆི་མེ
ལྕོགས་ཚོད་གཅིག་གིས་དྲ་ལམ་འགྲིམས་དུས།།
མཐུན་སྣང་གཅིག་འོག་གྲོགས་སུ་གྱུར་དུས།།
སྙིང་ཁམས་ཉེ་བའི་མཉམ་འཛོམས་བྱུང་དུས།།
མི་རབས་ཤིག་གི་རྐང་པ་འཛུགས་སོང་།།
བེ་རི་དཔལ་ལྡ
ཁ་བས་དབེན་པའི་ལྷོ་མཐའི་གྲུ་ཁ་ན།།
རིགས་རུས་ཁྲག་གི་རྒྱུད་པ་ལྷན་འདྲེས་པའི།།
མགོ་ནག་མི་ཡི་རུས་འཆང་དཔུང་ཚོགས་ཤིག།
ལྷན་དུ་འཛོམས་འདི་དྲན་རྟེན་དངོས་ཡིན་སྙམ།།
ལྕོག་རི་ཕུར་བུ་
ལས་དབང་དམུ་ཐག་ས་མཐའི་ཡུལ་ན་འཇུས།།
དུས་ཀྱི་གོམ་འདྲིས་འཚོ་བའི་གྲུ་ཁར་སྤོར།།
སྟོང་འདང་རྨི་ལམ་མངོན་པའི་ཕུགས་རེའི་ཆེད།།
སེམས་ཀྱི་འདུན་མ་གླེང་པའི་ངག་སྒོ་ཕྱེ།།
འཆམ་ར་དྲི་མེད།
རི་ལ་ཁ་བ་མེད་པའི་ས་མཐའ་ཞིག་ནས།།
རུས་རྐང་དམར་པོའི་མེ་ཡིས་ཞུ་བའི་དུས་ན།།
ཟུངས་ཁྲག་གཡས་སུ་འཁོར་བའི་ཕོ་རྒོད་ཁྱུ་ཞིག།།
རིགས་པའི་ཕོ་ཤེད་ངོམ་སྟེ་འདི་ན་འཛོམས་བྱུང་།།
༢༠༡༠་༩་༥་ཉིན་ང་ཚོ་རིགས་གྲོགས་ཁྱུ་ཞིག་ཉི་ཟེར་གྱི་མཇལ་འཛོམས་དང་པོ། གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་བྱུང་དུས། དྲན་པའི་འཁྲི་ཤིང་དང་། མཇལ་འཛོམས་ཀྱི་ལོ་རྒྱུས་ཤིག་ལ་དམིགས་ཁུལ་གྱིས་རིགས་གསུམ་གྱི་བརྗོད་བྱ་སྟེ། མི་རིགས་ཀྱི་ལས་དབང་། རྩོམ་རིགས་ཀྱི་ཁ་ཕྱོགས། མཇལ་འཛོམས་གྱི་མྱོང་ཚོར་བཅས་གླེང་བའི་དྲན་སྣང་ཐོར་བུ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་ལགས་སོ།

  རྡོག་རྩ་ཆིག་སྒྲིལ།
 

2010.09.06 04:19:18

ངོ་མ་ཕོ་རྒོད་ཚོ་ལྷན་མཛོམས་བྱུང་བ་དེ་བརྟེན་འབྲེལ་བཟང་བས་བཀྲ་ཤིས་བདེ་ལེགས་ཞུ།།

 
 
2010.09.06 05:04:19

ཨ་ལ་ལ།་ང་རང་དེར་མེད་པར་ཕངས་པ་ལ།གལ་ཏེ་ང་རང་དེར་ཡོད་ན་ཕལ་ཆེར་དཀྱིལ་དེར་བསྡད་ཡོད་རྒྱུ་རེད།་ཨ་ཧཧཧ།
ད་འདི་ནས་རྗེས་སུ་ལུས་པའི་ཀ་ཕྲིང་ཞིག་གིས་ཁྱེད་རྣམས་ལ་ལེགས་སྐྱེས་སུ་སྟེགས།
ཀ་བ་བུམ་པའི་བློ་རིག་གསེབ་ནས།
ཁ་བ་ཅན་གྱི་བུ་རྒོད་ཁྱུ་ཚོགས།
ག་དུས་ཡིན་ཡང་འདུན་མ་གཙང་མས།
ང་ཚོའི་དོན་སྙིང་འགྲུབ་པར་གྱིས་ཨང།

 
 
2010.09.06 11:36:37

སྐུ་ཞབས་འཆམ་ར་ལགས་ལྷོ་ཕྱོགས་མུན་གྷོ་རུ་ཕེབས་ཡོད་པ་འདྲ་མཚམས་འདྲི་ཞུ།།
ལྟེ་ཁྲག་དམར་པོ་སྒང་དྲུག་ལྗོངས་སུ་ཐོར་།།
ལས་དབང་བཙན་པོས་འབྱུང་བཞིའི་ལུས་ཕུང་འདི་།།
སྒང་དྲུག་ལྗོངས་ནས་རིང་དུ་བྲལ་ན་ཡང་།།
སྒང་དྲུག་ཕུ་ནུ་་ལྷན་དུ་འཛོམས་ལ་སྤྲོ་།།


གུས་པ་ལི་ཐང་་ཕུན་ཚོགས་བཀྲ་ཤིས་ཀྱིས་ ཕྱི་ལོ་ ༢༠༌༡༠ ཕྱི་ཟླ་ ༩ པའི་ ཚེས་ ༦ ཉིན་གྱི་དགོང་མོར་བྲིས།

 
 
2010.09.06 11:39:25

དྲི་མེད་ལགས།ངས་ཁྱེད་ཚོ་མིག་མཁར་འཆར་ཐེངས་རེ་ལ།སེམས་ན་ཆེས་དག་པའི་གླུ་དབྱངས་རེ་ཤོར་འགྲོ།དེ་ནི་ཁྱེད་ཚོ་ནི་ང་ཡི་དཔྱིད་དཔལ་དང་དབྱར་གཞུང་ཡིན་པསོ། ལྷན་འཛོམས་འདི་ནི་རྡོག་སྒྲ་ཡིན་པས་ནམ་ཡང་བཙན་པོའི་རྟའི་རྨིག་སྒྲ་བཞིན་ཕྱོགས་མཐར་མཆེད་དགོས། ངས་ནམ་ཡང་རེ་སྨོན་འཆོར་ས་ལགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

 
 
2010.09.07 21:42:51

གུང་དཔལ་འབར་ལགས་དང་།
གངས་ལྷ་ལགས
དེ་བཞིན་ཕུན་བཀྲ་ལགས་དང་
དཔལ་ལྡན་ལགས་བཅས་ལ་ཁྱེད་ཅག་གི་མཚམས་འདི་དང་། སྨོན་ཚིག་ལ་དགའ་བསུ་ཞུ།

 
 
2010.09.06 11:48:04

བེ་འབའ་ལྕོག་འཆམ་ལྔ་བོས་ལྷན་དུ་འདུས་ནས་གང་གཏོར་བརླག་བཏང་འདོད་པ་ཡིན།ལྷག་བར་དུ་བེ་རུ་དཔལ་ལྡན་ཟེར་བ་དེས་དྲ་རྒྱར་དཀྲུགས་ནས་བཟུང་།འདི་ཚོས་གཅིག་བཟོ་རྒྱུ་ཡོད་མདོག་དང་གཉིས་བྱེད་རྒྱུ་ཡོད་མདོག་གི་དཔུང་བསྒྲིགས་བྱས་པར་ང་ངོ་མ་སྙང་རྗེ། ཁྱོད་ཚོར་ཚུགས་ཐུབ་དང་རྐང་འཛུགས་ཅན་སུ་ཡོད་དམ།ཧཧཧཧཧཧཧཧཧཧཧཧཧཧཧཧཧ

 
 
2010.09.07 21:50:45

ཨ་ཁུ་བཟོད་པ་ལགས
ཁྱེད་ཕེབས་པར་ཁམས་བཟང་ཞུ།
ཁྱེད་ཀྱིས་ཅི་ཞིག་གི་དམིགས་འདུན་ཁྱེར་ནས་བཤད་པ་ལས་རིང་དུ་གྱེས་ཏེ། བདེན་དོན་དང་ཁ་ཐག་ཉེ་ས་ཞིག་ནས་གླེང་ན། འདི་ནི་ང་ཚོ་གྲོགས་པོ་སྐོར་ཞིག་ལྷན་དུ་འཛོམས་སོང་བའི་འདྲ་པར་དང་། ཕྱོགས་གཅིག་ཏུ་བསྒྲིགས་པའི་རང་རང་གི་རིག་རྩལ་ལས་ཐོན་པའི་རྩོམ་ཡིག་ཞིག་མཉམ་དུ་སྤེལ་བ་ལས། ང་ཚོས་དཔུང་དང་རུ་ཁག་སྒྲིག་པ། ཕྱོགས་དང་རིས་སུ་ཕྱེས་པའི་རྣམ་པ་དང་ལྟ་བ་གང་ཡང་མིན་པས་དེ་ལུགས་གོ་ན་ལྷ་རབ་ཡིན།
ད་དུང་གཅིག་བཤད་ན། འདི་ནི་ང་རང་ཡུལ་སྐོར་དང་། གནས་སྐོར་སོང་བའི་དྲན་ཐོའང་ཡིན་པས་འདི་དྲྭ་ཐོག་སྤེལ་བ་ལ་ཐོབ་ཐང་མེད་པ་དང་། ཁྲིམས་སྒྲིག་གང་དང་ཡང་འགལ་ཟོལ་མེད་སྙམ།

དེ་ལྟར་ཡིད་འཇགས་མ་ཐུབ་ན་སྡུག་གྱོང་ཅེས་པའི་ཚིག་དེས་རང་རང་ལ་གོ་བརྡ་སྤྲད་ངེས་པ་ལས་ཅི་བྱ་མེད་ལས་ཆེའོ།

 
 
2010.09.06 12:51:05

དངོས་གནས་གོང་གི་སྤུན་གྲོགས་རྣམས་ཀྱི་ནང་དུ་་་་དབྱིགས་གཉེན་ལགས་ཚང་མི་འདུག་ཨ། སྤུན་གྲོགས་ཁྱེད་ཚོ་མཐོང་དུས་དགའ་སྐྱོ་གཉིས་ཀྱི་ཚོར་བ་ཞིག་སླེབས་བྱུང་བས་ཁྱེ་རང་ཚོས་གཅིག་གསུང་དང། ག་རེ་ཡིན་ས་རེད།


 
 
2010.09.07 21:59:27

གྲོགས་ཅོ་རི་ལགས
ཁྱེད་ཀྱིས་བཤད་པ་ལྟར་རེད། ཤམ་བྷ་ལའི་དྲ་གྲོགས་འབྲས་སྤུངས་ཕྱོགས་ཀྱི་མི་ངོ་ཤེས་པ་དབྱིག་གཉེན་དང་། ཕུན་བཀྲ་ལགས་ངོ་མཇལ་མ་བྱུང་བས་ཕོངས་སེམས་བྱུང་།
ད་དུང་ཁྱེད་ཀྱི་གྲྭ་བཤག་དེ་གང་ལ་རེད་ཅེས་ངས་སྔ་དྲོ་ཞིག་ལ་བཙལ་ཡང་རྙེད་མ་བྱུང་།

 
 
2010.09.06 22:49:21

ཅོ་རི་ཉི་མ་ལགས་ཀྱིས་གཅིག་ཚང་མི་འདུག་གཉིས་མི་འདུག་བཤད་སྟངས་ལ་བལྟས་ན་ཁོ་ཚོའི་ལྷན་འཛོམས་འདི་གང་གི་ཕྱོགས་རིས་དཔུང་ཁག་གཅིག་ལངས་ནས་སྤྱིོ་ཚོགས་འཆམ་མཐུན་ལམ་གཏོར་བརླག་གཏོར་མཁན་གྱིི་རབས་ཤིག་འཚར་ཡོང་པའི་ཟོལ་འདུག
དེ་ནི་བལྟས་ངན་རེད།ང་ཚོར་མི་མཁོ།
ཅོ་རི་ཉི་མ་ཕྱོགས་འགལ་ཚོགས་པ་དེ་ཡི་སློབ་སྟོན་པའམ་འཛུབ་སྟོན་པ་ཡིན་ནམ་

 
 
2010.09.07 07:41:31

རྒྱལ་མཚན་ལགས་་་་ཁྱེད་ཀྱིས་ཅི་ཞིག་བཤད་བསྡད་ཀྱི་ཡོད་དམ། ཁོ་ཚོ་སྤུན་གྲོགས་འཛོམ་པ་རེད་མ་གཏོགས་་་ཚོགས་པ་བཙུགས་ཀྱི་ཡོད་པ་མ་རེད་འདོད། ཁྱེད་ཀྱིས་ང་ཚོར་མི་མཁོ་ཞེས་བྲིས་འདུག་ཀྱང་་ཁྱེད་ལ་སུ་ཡིས་ཨེ་མཁོ་དྲིས་བྱུང་།

ཁྱེད་ཚོ་ལ་མཁོ་ན་ཡང་སྤྲོད་ཀྱི་མིན་ད། ཧཧཧཧཧཧ

 
 
2010.09.12 09:22:04

ཁ་བའི་ཕོ་གཞོན་ལྷན་དུ་འཛོམས་ནས། །ཁ་སེམས་མཐུན་པའི་རྩོམ་ཡིག་བྲིས་པ། །ཁ་ཕྲུག་་བདག་གི་མིག་ལམ་མངོན་ཚེ། །ཁ་ཞེ་མེད་པའི་ཡིད་སྨོན་འཆོར་སོང་།།

 
 
2010.09.15 00:17:42

བཟང་ངན་མེད་པའི་དྲྭ་གྲོགས་འདིར་འཁོད་ཡོངས་ལ་མཚམས་འདྲི་དང་ཕེབས་བསུའི་སྣེ་ལེན་ཞུ་འདོད་ཡོད།

གཏམ་དཀར་པོ་གངས་རིའི་རང་མདངས་ཡིན།།
སེམས་བསམ་པ་དུང་དཀར་ཆ་གཅིག་ཡིན།།
མིག་མཁྲིས་ནད་གཟན་པོས་མནར་བ་ན།།
ཁྱོད་སེར་བོ་མཐོང་བ་བཅོས་ཐབས་དཀའ།།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -