གསར་འགྱུར་གསར་པ།:

དགོངས་ཚུལ་གསར་པ།

བོད་ཀྱི་གླུ་གཞས།


ComScore

ཟིན་བྲིས་དེ་ལས་མང་བ།

2010.09.05 21:23:22
ཐུབ་བསྟན་དངོས་གྲུབ།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་།དང་བླངས་ཀྱི་ལས་འགུལ་བ་་འགའ་ཞིག་གིས་བཏོན་པའི་བཀའ་ཁྲིའི་འོས་མི་དང་།རང་ཉིད་དང་བླངས་ཀྱིས་ལངས་པའི་བཀའ་ཁྲིའི་འོས་མི་གཉིས་ལས་གྲུབ་པའི་འོ་མི་བཅུ་ཕྲག་གཅིག་ལས་རྒལ་བ་ཞིག་ད་ཆར་ཀུན་གྱི་མིག་སྔར་གསལ་ཞིང་ཡོད།

འོ་ན་འདི་དག་ལས་གཞན་པ་བཀའ་ཁྲིའི་འོས་ཆོས་ཚང་བ་མེད་དམ་སྙམ་ན་མ་ཡིན་ཡང་།ཡོང་ལ་ཉེ་བའི་སྐབས་གསུམ་པའི་བཀའ་ཁྲི་ལ་འདི་དག་ལས་གཞན་པ་ཞིག་གཏན་ནས་ཡོང་མི་ཐུབ་པའམ་ཡོང་མི་སྲིད་པར་ཁོ་བོས་ཚོད་དཔག་བྱེད་བཞིན་ཡོད། འོན་ཀྱང་ཚང་མས་མཐོང་བཞིན་པའི་འོས་མི་འདི་དག་ལ་ཡང་བཀའ་ཁྲིར་འོས་བབས་ཡོད་མེད་ཅི་རིགས་ཤིག་ཡོད་པ་ནི་དཔྱོད་ཤེས་ཀྱི་བསམ་བློ་ཅན་ཞིག་ཡིན་ན་ཟུར་བལྟས་ལེབ་མཐོང་ལྟར་བུ་རེད།
སྤྱིར་འབྱུང་འགྱུར་གྱི་བཀའ་ཁྲི་དེ་ཇི་འདྲ་ཞིག་ཡོང་མིན་དང་དེ་ལ་ཁྱད་ཆོས་ཅི་འདྲ་ཞིག་ཚང་དགོས་མིན་གྱི་ཐད་ལ་ཀུན་ཁྱབ་ཀྱི་སེམས་ཁྲལ་ནི་ལྷན་སྐྱེས་ཀྱི་ཚོར་འདུ་རེད་ཟེར་ན་ཡང་མི་འགྲིག་པ་མེད་མོད། ད་དུང་ང་ལ་སེམསཁྲལ་ལྷག་མ་ཞིག་ཡོང་གི་འདུག།།
ང་ཚོ་མི་མང་བྱིངས་ལ་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཤེས་ཀྱི་རྣམ་དཔྱོད་དང་ཉམས་མྱོང་ཞན་ཁར་འགའ་རེས་འབྱུང་འགྱུར་གྱི་རྩ་དོན་ཟེར་བའི་གླུ་དབྱངས་སྙན་མོ་ཞིག་དང་ཀུན་ཁྱབ་སེམས་ཁུར་གྱི་གདོང་འབག་མཛེས་མོ་ཞིག་གི་འོག་ནས་ནང་ཁུལ་གྱི་རྩོད་རྙོག་ཕྲན་བུ་ཞིག་རྒྱལ་ཁ་ཐོབ་ཆེད་དང་གང་ཟག་གཅིག་གཉིས་ཤིག་གི་རྐུབ་སྟེགས་མི་ཤོར་བའི་ཆེད་དུ་ཆབ་སྲིད་དང་གཡོ་རྒྱུའི་ཟློས་གར་གསོན་པོ་མི་ཉུང་བ་ཞིག་འཁྲབ་བཞིན་པ་འདིས་མི་མང་བྱིང་ལ་མགོ་སྐོར་ཐེབ་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཞིག་ཡོང་གི་འདུག།
འདི་ནི་ངའི་སེམས་ཁྲལ་ལྷག་མ་དེ་རེད།གང་ལྟར་ཡོང་ལ་ཉེ་བའི་བཀའ་ཁྲིའི་འོས་འཕེན་སྐབས་སྤྱང་གྲུང་དོད་པོའི་ངང་ནས་སྒེར་སོ་སོའི་འོས་ཤོག་གཅིག་པུ་ཆུད་ཟུས་སུ་མ་སོང་བྱེད་དགོས་རྒྱུ་ནི་ཆེས་གལ་ཆེན་ཞིག་ཏུ་མཐོང་།དེ་ཡང་འགའ་རེས་རང་གི་འོས་ཤོག་དེ་སུ་ལ་ལྡུག་མིན་ནི་རང་དབང་དུ་རློམས་པའི་རླན་རྟགས་ཤིག་གིས་གཏན་ནས་འོས་ཐུབ་མི་སྲིད་པ་དཔེར་ན་༼བཀྲིས༽ལྟ་བུར་ཞིག་ལ་ཤེས་བཞིན་དུ་འོས་འཕེན་བྱེད་པའི་སྔོན་རྟགས་ཤིག་དང་། ཡང་འགའ་རེས་དོན་དངོས་ཐོག་རང་གི་སེམས་གཏིང་གི་འོས་མི་དེ་དཔེར་ན་༼དོན་འགྲུབ་༽ལྟར་བུ་མིན་རུང་ནང་ཁུལ་རྩོད་རྙོག་ཀྱི་དྲི་ངན་ཞིག་གིས་གཟི་སྟེ་དེ་ལ་འོས་འཕེན་བྱེད་པའི་སྔོན་རྟགས་ཤིག་མངོན་བཞིན་ཡོད་པ་ནི་ད་ཆར་འོས་མིར་འདུན་སྟངས་དང་འོས་མིར་ལངས་སྟངས་འདི་དག་གི་བྱེད་གཟུགས་ལས་དཔོག་ཐུབ་པ་ལྟར་བུ་རེད།

གལ་ཏེ་དེ་ལྟར་བྱུང་ཚེ་རང་ཉིད་ཀྱི་འོས་ཤོག་ཆུད་ཟོས་སུ་སོང་བ་མ་ཟད་རང་ལ་ཡོད་པའི་རང་དབང་དེ་རང་ཉིད་ཀྱིས་བཅོམ་པ་དང་དམངས་གཙོའི་ཁེ་དབང་ལ་ལོངས་སུ་སྤྱོད་མ་ཤེས་པར་འདོད། འོ་ན་རང་གི་འོས་ཤོག་གཅིག་པུ་ཆུད་ཟོས་སུ་མ་སོང་བ་ཇི་ལྟར་བྱ་དགོས་སམ་སྙམ་ན་དང་ཐོག་རང་གི་བདམ་བྱར་གྱུར་པའི་མི་དེ་མ་མཐར་ཡང་སྔོན་འགྲོའི་འོས་མིར་ཡོང་ཐུབ་པའི་གདེངས་སྤོབ་དང་ཚོད་དཔགས་བྱེད་ཐུབ་པའི་མི་བུ་ཞིག་ལ་ངེས་པར་དུ་རང་གི་འོས་ཤོག་དེ་བླུག་དགོས།
ཡང་ཕྱོགས་གཞན་ཞིག་ནས་དྲང་བདེན་དང་ལྷག་བསམ་མ་ཡིན་པའི་ཐབས་ལམ་འདྲ་མིན་གྱི་སྒོ་ནས་སྐྱེ་བོ་ག་གེ་མོ་ཞིག་བཀའ་ཁྲིའི་རྐུབ་སྟེགས་ལ་སྐྱེལ་ཐུབ་ཀྱང་དེ་ཙམ་གྱིས་ཕན་ཐོགས་མི་ཡོང་བ་ཤེས་པའི་བློ་གྲོས་ཀྱི་མིག་ཁ་འབྱེད་པའི་ངང་ནས་རང་གི་འོས་ཤོག་དེ་དོན་དམ་དུ་བཀའ་ཁྲིར་འོས་བབས་ཡོད་པའི་མི་འུ་ཞིག་ལ་འོས་འཕེན་ཐུབ་ཚེ་རང་གི་འོས་ཤོག་དེ་ཆུད་ཟོས་སུ་མ་སོང་པའམ་རང་ཉིད་ཀྱི་རང་དབང་དེ་རང་ཉིད་ཀྱིས་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་མ་ཡིན་ནམ།


  
 

2010.09.06 03:15:18

སྟོན་པའི་བཀའ་ཁྲིའི་འོས་མི།་་་་་་་་་་་་་་་་་་་་་་་་་་་་་བཏོན་པའི་་་་་་་་་་་་་། ཞེས་འབྲི་ན་ལེགས།
དགོས་མི་གྱི་ཐད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དགོས་མིན་གྱི་ཐད།
བྱིང།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བྱིངས།
ལོངས་སུ་སྤོད་ཤེས།་་་་་་་་་་་་་་་་་་་་་་་་་་་་་་་ལོངས་སུ་སྤྱོད་ཤེས།
ཉམ་མྱོང་།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཉམས་མྱོང་།
སྙིན་མོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྙན་མོ།
བརྩོད་རྙོག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྩོད་རྙོག
འཕྲན་བུ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཕྲན་བུ།
རྒྱལ་ཁ་ཐུབ་ཆེད།་་་་་་་་་་་་་་་་་་་་་་་་་་་་་་་རྒྱལ་ཁ་ཐོབ་ཆེད།
འདེམས་བྱར།་་་་་་་་་་་་་་་་་་་་་་་་་་་བདམ་བྱར།
མི་འུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མི་བུ།
་ག་གད་མོ་ཞིག་་་་་་་་་་་་་་་་་་་་་་་་་་་་་་་་་་་ག་གེ་མོ།
་ཕན་ཐོག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཕན་ཐོགས།

འདི་ག་ཁྲིམས་ཁང་ནས་ཞིབ་འཇུག་བྱས་པས་ཡིག་ནོར་འདི་དག་དོན་སོང་བས་བཅོས་སྒྲིག་གནང་རོགས།

 
 
2010.09.06 03:35:09

ཁྲིམས་དཔོན་ལགས་ཐུགས་རྗེ་ཆེ།

 
 
2010.09.06 03:47:48

ངོ་མ་ཆད་པ་མང་་པོ་བཅད་འདུག་
རྗེས་མ་གཟབ་གཟབ་བྱོས་ལོ

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -