གསར་འགྱུར་གསར་པ།:

དགོངས་ཚུལ་གསར་པ།

བོད་ཀྱི་གླུ་གཞས།


ComScore

ཟིན་བྲིས་དེ་ལས་མང་བ།

2010.03.06 01:22:35
རྭ་རྒྱ་འཕྲིན་ལས།

༄༅། །གསར་རྙིང་དུས་རབས་ཀྱི་འཕོ་འགྱུར་སྣ་ཚོགས་ཁྲོད་མི་རྣམས་ལ་བློ་གྲོས་དང་རྣམ་དཔྱོད་ཇེ་རྒྱས་སུ་ཕྱིན་ཅིང༌། ཚན་རིག་ལག་རྩལ་གྱི་གྲུབ་འབྲས་ངོ་མཚར་བྱུང་བའི་ཁྲོད་མི་རྣམས་ཀྱིས་བརྡ་འཕྲིན་གྱི་རིག་པ་གསར་བས་འཇིག་རྟེན་ཁམས་ཡོངས་སུ་འོད་སྣང་དང་སྤྲོ་སྐྱིད་བསྩལད།
ས་སྒང་འདིའི་གླིང་ཕྲན་ཕན་ཚུན་བར་གནའ་དུས་མི་རྣམས་ཀྱིས་བློ་ཡིད་དུ་མ་གྱུར་བའི་གནས་ཚུལ་རྣམས་ད་ལྟ་ཆུ་ཚོད་སྐར་ཆ་རེ་རེའི་ནང་ཕན་ཚུན་རྒྱུས་ལོན་དང་སྐད་ཆ་སྣ་ཚོགས་གླེང་ཐུབ་ལ། གནའ་དུས་ལྷ་སྒྲུང་གི་བཤད་ཡམས་སུ་གྱུར་བའི་རང་བྱུང་ཁམས་ཀྱི་འཁོར་ཡུག་དང་གནས་ཚུལ་རྣམས་ད་ལྟ་མིག་མཐོང་ལག་ཟིན་གྱི་འཚོ་བ་རུ་གྱུར་ཡོད། ལྷག་པར་སྤྱི་ཚོགས་ལས་དོན་དགོས་མཁོ་དང་བསྟུན་ནས་མི་རྣམས་ཀྱིས་ཕན་ཚུན་བར་སྟབས་བདེའི་ཁ་པར་བཙུགས་ཤིང༌། ལས་དོན་ཆེ་ཕྲ་ཅི་རིགས་བསྒྲུབ་བྱེད་ཀྱི་གྲོགས་དམ་པར་གྱུར་བ་རེད། རིམ་གྱིས་དུས་རབས་ཀྱི་མིའི་རྣམ་དཔྱོད་ཀྱི་རྩལ་ལས་མི་རྣམས་ཀྱིས་རང་ཉིད་གང་དུ་སོང་ཡང་ཁ་བྲལ་དགོས་མེད་པའི་ལག་ཁྱེར་ཁ་པར་ལྟ་བུ་གསར་གཏོད་མཛད་པས། དེ་ལས་ཀྱང་ལས་དོན་བསྒྲུབ་བྱེད་ཀྱི་གྲོགས་མཆོག་དམ་པ་འདི་ཉིད་ཐོབ་པ་རེད། གྲོགས་མཆོག་དམ་པ་འདི་ལ་མི་རིགས་རེ་རེ་མིང་དང་ཐ་སྙད་མི་འདྲ་བ་རེ་ཡོད་ལ་ང་ཚོ་བོད་ལ་མཚོན་ནའང་ཁ་པར་ཞེས་པའི་ཐ་སྙད་འདི་ཁྱིམ་སྤྱོད་ཁ་པར་དང་ལག་ཁྱེར་ཁ་པར་གཉིས་ལའང་འཇུག་པར་ཐ་སྙད་ལྟོས་གྲུབ་ཞིག་ཆགས་ཡོད།

འདི་ལ་བྱེད་ལས་ཀྱི་ཆ་ནས་དབྱེ་ན་ད་དུང་ཁྱིམ་སྤྱོད་ཁ་པར་དང༌། ལག་འཁྱེར་ཁ་པར། སྤྱི་སྤྱོད་ཁ་པར་དང༌། བརྡ་གཏོང་ཁ་པར་སོགས་རིགས་མང་པོ་དར་ཞིང་ད་དུང༌། སྤྱོད་སྒོའི་ཆ་ནས་མི་རྣམས་ཀྱིས་ཁ་པར་བེད་སྤྱོད་གནང་སྟངས་ལ་མི་འདྲ་བར་ཕྱིན་ཡོད། སྤྱིར་ཁ་པར་ནི་མིའི་ལས་དོན་བསྒྲུབ་བྱེད་དང་རྒྱལ་ཁབ་དང༌། ཚོགས་སྡེ་ཁག་གི་བར་གྱི་འབྲེལ་ལམ་ཐད་ཧ་ཅང་གལ་ཆེན་དང་སྤྱོད་སྒོ་ཆེ་བ་ཡིན། དཔེར་མཚོན་ཙམ་བཀོད་ན་ལས་དོན་སྒྲུབ་བྱེད་ཀྱི་ལས་ཁུངས་ཁ་པར། གཞུང་དོན་སྒྲུབ་བྱེད་ཀྱི་གཞུང་ལས་ཁ་པར། ཚོང་དོན་སྒྲུབ་བྱེད་ཐད་ཀྱི་ཁ་པར། རྒྱལ་ཁབ་ཕྱི་ནང་བར་གྱི་རྒྱང་གཏོང་ཁ་པར། རྒྱལ་ནང་དུ་བཀོལ་རྒྱུའི་རྒྱལ་ནང་ཁ་པར། ཛ་དྲག་ལས་དོན་ཀྱི་ཐད་གཏོང་ཁ་པར། གོང་རིམ་སྲིད་གཞུང་དུ་གཏོང་རྒྱུའི་བརྒྱུད་གཏོང་ཁ་པར་སོགས་ཡོད་ལ། དེ་དག་ནི་སྤྱོད་སྒོ་ཕལ་ཆེར་སྤྱིར་བཏང་ལྟ་བུར་ཆགས་ཡོད། འོན་ཀྱང་དེང་རབས་ཀྱི་སྤྱི་ཚོགས་ཁྲོད་མི་ཁ་ཤས་ཀྱིས་ཁ་པར་ནི་ཉི་མ་གཏོང་ཐབས་སུ་བེད་སྤྱོད་བྱེད་ཀྱི་ཡོད་ལ་ཁ་པར་ལམ་གྱི་སྐད་ཆ་དང་ཁ་པར་གྱི་སྤྱོད་སྒོ་ནི་ཧ་ཅང་རྙོག་འཛིང་རང་བཞིན་དང་དངུལ་འཛད་རང་བཞིན་ཅན་དུ་གྱུར་ཡོད།

གསལ་བར་བརྗོད་ན་ལ་ལས་ཁ་པར་ནི་དགའ་རོགས་འཚོལ་བྱེད་ཡིན་ལ། ད་དུང་ཉི་མ་གཏོང་ཐབས་ཀྱི་ཁ་པར། ཕོ་མོའི་བར་གྱི་འདོད་གཏམ་ཁ་པར། ཉོག་བཤད་ཁ་པར་དང༌། སྨྱོ་བཤད་ཁ་པར། ཕར་ལ་བརྡ་གཅིག་པོ་ལས་གཏོང་མི་ཐུབ་པའི་ཆ་སྲིད་ཁ་པར། གཞན་ལ་མ་ཉེས་ཁ་ཡོག་བྱེད་མཁན་གྱི་ལྐོག་བཤད་ཁ་པར། འཇིགས་སྐུལ་ཁ་པར་དང༌། གཡོའི་ཁ་པར། སྒྱུའི་ཁ་པར་དང། ངག་ཀྱལ་ཁ་པར། རྫུན་སྒྲིགས་ཁ་པར་དང༌། དབྱེན་དཀྲུགས་ཁ་པར་སོགས་ཁ་པར་ལ་རིགས་འདྲ་མིན་སྣ་ཚོགས་ཤིག་ཡོད་ལ། ད་དུང་བུ་མོ་ཁ་ཤས་ཀྱི་ཁ་པར་ཐོག་མིང་བཤད་འདོད་མེད་པའི་མི་རེ་ཟུང་གིས་ཁ་པར་ཡོང་རབས་དང༌། གཞུང་ལས་ཁང་ཁ་ཤས་ནང་དུའང་ཁ་པར་ཐོག་སྡིག་ར་སྐུལ་མཁན་བྱུང་ཡོད་ལ། འདི་དག་ནི་བྱེད་སྒོ་གསར་བའི་གྲས་རེད། དཔེར་ན་སྐད་ཡིག་ཚགས་པར་རྩོམ་སྒྲིག་པའི་ཁ་པར་སྟེང་མིང་བཤད་འདོད་མེད་པའི་མི་ཁ་ཤས་ཀྱིས་སྔིག་ར་སྐུལ་མཁན་བྱུང་བ་རྣམས་ཚགས་ཤོག་ཏུ་ང་ཚོས་མཐོང་བཞིན་པ་རེད། དེས་ན་ཁ་པར་སྟེང་སྡིག་ར་སྐུལ་མཁན་ནི་ལག་ཆ་མེད་པའི་འཇུགས་སྐུལ་བ་ཡིན་ལ། ད་དུང་འདི་དག་གི་ཁྲོད་ནས་བོད་རྒྱའི་བར་གྱི་གསང་ཉུལ་ཁ་པར་སོགས་ཡོད་པ་ཤེས་སླ་བས། ང་ཚོས་དུས་རབས་འདིའི་ནང་ཁ་པར་ཐོག་དོན་མེད་དང༌། དོན་ལོག དོན་འཁྱོལ་དང༌། དོན་ལྡན་གྱི་ལས་རིགས་ཁ་པར་ཅི་རིགས་སྤྱི་ཚོགས་སུ་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་དག་ལས་ང་ཚོས་དོགས་ཟོན་དང་བསམ་གཞིགས་གཏོང་བའི་དུས་ལ་སླེབས་ཡོད་དོ།།


  ལ་ལས་ཁ་པར་ནི་དགའ་རོགས་འཚོལ་བྱེད་ཡིན
 

2010.03.06 03:49:14

ཡག་པོ་འདུག མུ་མཐུད་རོགས

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -