གསར་འགྱུར་གསར་པ།:

དགོངས་ཚུལ་གསར་པ།

བོད་ཀྱི་གླུ་གཞས།


ComScore

ཟིན་བྲིས་དེ་ལས་མང་བ།

2010.03.03 23:00:44
འཆམ་ར་དྲི་མེད་རྒྱལ་མཚན།

ལ་དགུ་ལུང་དགུའི་རྐང་ལམ་དེད་དུས།།
འཇམ་པོའི་ལམ་ཞིག་ཡོད་ན་བསམ་བྱུང་།།
སྣུམ་ལམ་ཡངས་པོའི་རྒྱ་ལམ་ཐོབ་དུས།།
ཁེར་འགྲོས་བྱེད་དགོས་བྱུང་བས་ཉོབ་སོང་།།


ཆང་དང་བག་ཁང་ནང་གི་ལྐོག་གཏམ་ཉན་དུས།།
ངོ་མ་ཡིན་ན་བསམ་པའི་སྐད་རེ་ཐོས་བྱུང་།།
ལག་ལེན་ལྡིང་ཆའི་སྟེང་གི་ས་མིག་མཐོང་དུས།།
ཨ་རོ་ཡིན་ནམ་བསམ་པའི་ཁྲེལ་སྣང་བྱུང་སོང་།།

ལེབ་ཆེན་སོ་ཁ་རྣོན་མོའི་ཕྱོགས་ལ་བལྟ་དུས།།
ཅི་ཞིག་གཅོད་ངེས་བསམ་པའི་གདེང་ཚོད་བྱིན་བྱུང་།།
ཤ་མིན་ཤིང་གི་སྟེང་ལ་གཡུག་ན་བསམ་དུས།།
ནུས་མེད་གྲི་མགོ་འདར་ནས་ཡིད་ཆད་བྱིན་བྱུང་།།

ཤ་རྒོད་དཔུང་པའི་སྟེང་ལ་བལྟ་རྒྱུ་མི་འདུག།
སྒྲོམ་ཆེན་ཡ་ཡུག་ཁ་ལ་ཉན་རྒྱུ་མི་འདུག།
ཡོད་ཚད་སྒོ་ལ་ཐོན་ནས་ལས་ལ་ཞུགས་དུས།།
ཁོང་ཚོས་མལ་ཆས་འོག་ནས་རྨི་ལམ་རུམ་འདུག།

དམར་པོའི་མེ་ཏོག་ཅིག་གིས་མཛེས་སྡུག་ངོམ་དུས།།
གཞན་གསོས་བུ་མོ་ཞིག་གིས་ཕྲག་དོག་བྱས་སོང་།།
མེ་ཏོག་སྨན་དུ་གྱུར་ཏེ་ཀུན་གྱིས་སྤྱོད་དུས།།
རྨ་བྱས་ཐལ་དོང་ནང་ནས་གུག་གུག་བྱས་སོང་།།

རི་ལ་རེ་བ་བཅོལ་སའི་ཁང་ཆུང་སྦུགས་ནས།།
བདེན་པའི་བུ་ཆུང་སྟེང་ལ་གཉའ་རྡོ་ཕོག་པ།།
ལྕགས་སྨྱུག་རེ་རེའི་སྟེང་གི་རྩལ་ལས་མེད་ཀྱང་།།
ཤོ་རྡོའི་བར་གྱི་ལྕེ་ལ་ངར་ཤུགས་མི་འདུག།

ཆུ་བརྒྱ་ཟམ་པ་གཅིག་གི་འོག་ནས་སོང་ན།།
གསེར་གྱི་ཟམ་པ་དགོས་ཀྱང་འཛུགས་བསྐྲུན་བྱ་ཆོག།
ཆུ་རེས་ལམ་རེ་དེད་ནས་ཁག་ཁག་འགྲོ་དུས།།
རྗེས་མ་ཆུ་རྒྱུན་སྐམ་པའི་དུས་ཀྱང་ལོས་ཡོང་།།
༢༠༡༠་༣་༤་ཉིན་བྲིས།


  དགོས་ན་ལང་། ལྟོགས་ན་ཟོས།
 

2010.03.04 00:24:38

ཤམྦྷ་དག་པའི་ཞིང་ནས།།
འཆམ་ར་སྨྱོན་པ་སླེབས་སོང་།།
ཡུན་རིང་བག་ལ་ཞར་པའི་།།
ཁུར་ཡུག་ཁེར་ཡུག་ཁེར་རྐྱང་འདི་ཡི།།
ལྷིང་འཇགས་རླུང་ལ་གཏོར་ནས།།
འཁྲུག་པའི་ལྡིར་སྒྲས་ཁེངས་སོང་།།

 
 
2010.03.04 00:30:15

ང་མི་སྨྱོན་མི་འཁྲུགས་རང་གར་བསྡད།།
བསྡད་བསྡད་པའི་ཉི་མ་འདེ་རྒྱུ་ཡོད།།
སོང་སོང་པའི་གཏམ་རྒྱུད་གླེང་རྒྱུ་ཡོད།།
དྲན་དྲན་པའི་སྙིང་གཏམ་་བཤད་རྒྱུ་ཡོད།།

ང་མི་སྨྱོན་མི་འཁྲུགས་རང་འཁྲུགས་རེད།།
དེང་ཉི་མ་ནུབ་དུས་འགྲོ་རན་སོང་།།
སྦྲུལ་ནག་པོའི་སྙིང་ལ་འཛུལ་དགོས་སོང་།།
ནགས་ཙན་ཡུལ་ལ་འགྲོ་དགོས་སོང་།།

ང་སྡེ་དགེ་མི་སྨྱོ་རང་སྨྱོ་རེད།།
སྡེ་སྟག་མོ་འདྲ་ཞིག་ཉལ་ནས་འདུག།
སྨན་བུ་མོ་འདྲ་ཞིག་ལུས་ནས་འདུག།
ངའི་སྙིང་ནས་སྨྱོ་ལབ་བྱེད་རན་འདུག།

 
 
2010.03.04 04:55:18

སྡེ་དགེ་སྨྱོན་པའི་སྨྱོན་སྟངས་དེ།།
སྔོན་སྔགས་རྒན་ཚོའི་སྨྱོན་སྟངས་རེད།།
སྔོན་སྔགས་རྒན་ཚོའི་རྗེས་འབྲང་ནས།།
དགོས་ཐར་པར་བགྲོད་ན་བཟང་མོད་ཀྱང་།།
སྡུག་བྲག་ཕུག་ནང་ན་མ་འགྲོ་རོགས།།


 
 
2010.03.04 05:05:25

འབའ་རྒན།

སྟག་རི་བཀྲ་ཅན་གྱི་འཆང་སྟངས་དེ།།
དགུན་སྒྲ་བརྒྱའི་སེམས་པ་གནོད་ས་རེད།།
བུ་འཆམ་ར་སྨྱོས་པའི་མགུལ་མ་ལ།།
ཁ་བུག་བུག་ནང་གི་ལྕེས་ཀྱང་སྡང་།།

སྡེ་རྒྱ་རོང་དཀྱིལ་གྱི་དཔོན་ཆུང་དེས།།
བྲག་བུག་བུག་ནང་ལ་རྡོ་གཅིག་འཕངས།།
རྡོ་གོར་མོས་བསོད་ནམས་མ་བསགས་དེ།།
གོས་དཀར་པོའི་མཐའ་ནས་བླ་མས་ཟིན།།

 
 
2010.03.04 05:28:05

འོ་ད་ཚང་མ་བདེ་མོ་གཞུགས་རོགས།

སྦྲུལ་ནག་ངར་མའི་སྙིང་ལ་ཞུགས་ནས།།
སེམས་ཀྱི་དུང་ས་ཞིག་ལ་ཆས་འགྲོ།
སྐྱོ་བ་སྟོང་གི་ཚོར་བ་ཕྱུངས་ནས།།
ཁོག་པའི་སྡུག་བསྔལ་མིག་ཆུས་ཞུ་དགོས།།

ལག་གི་འཛུམ་མོ་ས་ལ་རེག་ནས།།
མཛེས་པའི་མེ་ཏོག་རྐང་གསུམ་བཏུ་འགྲོ།
རྒྱང་ཐག་རིང་བོའི་གྲོགས་པོ་རེ་ལ།།
མི་ཡུལ་ཕྱོགས་ནས་སྐྱེས་མ་འབུལ་དགོས།།

རི་ལུང་བརྒྱ་ཡིས་ཆོད་པའི་གྲོགས་དག།
འཆམ་ར་འཁྱམ་པའི་དུས་ལ་སླེབས་སོང་།།
མི་ཚེའི་མར་མེ་འབར་ཡུན་རིང་ན།།
ག་ཤེད་ཅིག་ནས་མཇལ་བའི་སྨོན་ལམ།།

དྲན་རིག་སེམས་ཀྱི་གཏིང་ནས་བོས་པའི།།
དྲང་བདེན་བྱིན་རླབས་ཅན་གྱི་གྲོགས་པོས།།
འཆམ་ར་ལྡོམ་པའི་ལམ་ཟུར་རེ་ནས།།
ཁྱིས་ཀྱང་སྡང་ན་སྡང་རོགས་མཛོད་ཅིག།

 
 
2010.03.04 06:38:46

འཆམ་ར་སྨྱོན་པ་བདེ་མོ་ཕེབས་ཨ།

 
 
2010.03.04 06:53:15

ཡ་ཡ་
ཁ་དྲོ་རྒྱུ།
ད་བྲག་འགོ་བ་(མ་འཇོན་བྲེལ་ལ་)ནས་ཐོན་ཚར་འདུག
ང་ལྡི་ལི་གསར་བ་ནས་འགྲོ་གྲབས་ཡོད།
ཁ་ལག་རྒྱགས་གཅིག་ཟོས་ཟིན།
ང་ཚོ་མི་ལྔ་ཡོད།
ངས་བག་ལེབ་དང་སྔོ་ཚལ་ཅུང་ཁྱེར་བཞིན་ཡོད།
འགྱོགས་པོ་ཐུག་ཡོང་ཤ་ཉེ། ༧གོང་ས་མཆོག་གི་བཀའ་ཆོས་རྭ་བའི་ནང་སྨོན་ལམ་ཡག་པོ་རྒྱག་རོགས་གནང་།
འོ་ཡ

 
 
2010.03.04 07:17:52

འཆམ་ར་ ད་ཁྱོད་ཀློག་ཀླད་ལ་འབྱར་སོང་པ་མིན་ནམ།དེ་རིང་ཉིན་གང་པོར་ཟིན་བྲིས་ཐོག་ན་ལངས་འདུག བདེ་མོ་། ངས་ཁྱོད་ཀྱི་འགྲོ་བའི་འགྲོ་ལྷ་བྱ་ཡོང་འོངའ

 
 
2010.03.04 08:15:32

;འཆམ་ར་སྨྱོན་པ་ ག་བ་ནཡོད། ད་འགྲོ་མིན་པས།

 
 
2010.03.06 22:18:55

འཆམ་ར་སསླེབས་དང་སླེབས་སོང་།
སེམས་པ་སྐྱོ་ཡང་སྐྱོ་བྱུང་།།
སེམས་ཆུང་སྐྱོ་བའི་སྟེང་ལ་།
མིག་གིས་མིག་ཆུ་གཏོང་བྱུང་།།

ཁྱེད་བདེ་མོ་འབའ་རྒན་ལགས།
ལྷོ་ཕྱོགས་ལ་ལྡི་ལི་དང་བསྡུར་ན་ཚ་བ་ཞེ་དྲག་མི་འགདུག

ད་རུང་ལྡི་ལི་དང་བསྡུར་ན་འདི་ལའང་གློག་ཀླད་ཀྱི་མཐུན་རྐྱེན་དང་བོད་ཡིག་གི་དྲྭ་ཁང་ཡག་པོ་རང་མི་འདུག
དེ་ཙམ་ཡིན།
ལྷོ་ཕྱོགས་ལ་སླེབས་རྗེས།

 
 
2010.03.07 02:08:56

ཡཡཡཡ་བུ་ ཁྱེདེ་སླེབས་ན་ང་སེམས་བདེ

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -