གསར་འགྱུར་གསར་པ།:

དགོངས་ཚུལ་གསར་པ།

བོད་ཀྱི་གླུ་གཞས།


ComScore

ཟིན་བྲིས་དེ་ལས་མང་བ།

2010.03.03 21:39:05
ལི་ཐང་བློ་བསྟན།

༨༽དཀར་ནག་ཁྲ་གསུམ་མདུན་གྱི་ལམ་བུ་འཁྱོག།
བགྲོད་པ་དཀའ་བའི་བཀག་རྡོ་བང་དུ་བསྒྲིགས།།
འདེགས་པ་དཀའ་བའི་ཁུར་པོས་ཕྲག་ནས་མནན།།
རྔུལ་ཆུའི་ཐིགས་པས་ས་གཞིའི་གདོང་མདོག་བསྒྱུར།།


 

ཐང་ཤིང་སྡོང་པོའི་འདབ་ལོ་ཁ་བས་གཡོགས།།
རྩ་ལྗང་ལོ་མ་དུག་ཅན་འབུ་ཡིས་བཟས།།
བཀྲེས་ལྟོགས་སྡུག་གིས་ལུས་པོའི་ཤ་ཀུན་ཞིག།
མཛེས་སྡུག་སྒྱུ་མའི་རང་གཤིས་མངོན་དུ་གྱུར།།

གྲགས་ཅན་ཉི་མའི་འོད་མདངས་རིང་དུ་བདས།།
མཚན་དགོན་ཟླ་བའི་ཞལ་རས་སྤྲིན་གྱིས་བསྒྲིབས།།
ཞོགས་པའི་སྐར་ཆེན་སྨུག་པའི་ཀློང་དུ་ཐིམ།།
འཇིག་རྟེན་འདི་ཡི་མཛེས་སྡུག་མུན་ལ་སྟེར།།

ས་གཞིའི་ཉལ་སྟེན་ཚེར་མའི་རྡུལ་གྱིས་ཁེངས།།
མིག་ཆུའི་ཐིགས་པ་ལི་ཆུའི་རླབས་དང་འདྲེས།།
མགོ་བོའི་སྐྲ་ལོ་བསིལ་བུ་རླུང་གིས་ཟད།།
བང་སོའི་རྣམ་གྲངས་རྒྱ་མཚོའི་བྱེ་མ་འདྲ།།

སྒོ་ཡི་ཐེམ་པ་བརྒལ་ན་གདོན་གྱིས་བཟུང་།།
ལ་མོ་འཕྲད་ཀྱིས་བཅད་ན་གཡང་ལ་ལྷུང་།།
མིག་ཟུང་ཧབ་ཏུ་བལྟས་ན་མུན་དུ་ཟག།
འཇིགས་རུང་འཁོར་བ་འདི་ལ་ཅིས་མི་སྐྲག།

སོག་རི་སྐྱ་མོའི་མགོ་བོ་སྤྲིན་གྱིས་བསྒྲིབས།།
ལི་ཆུ་སྔོན་པོའི་ལུས་ཟུངས་དར་གྱིས་མནན།།
སྡོང་རྒན་སྐམ་པོའི་རྩེ་མོ་ཆག་ལ་ཁད།།
ཚངས་ཆེན་རྒྱལ་པོའི་སྤྱན་གྱིས་འབུར་ཚུགས་གཟིགས།།

གླིང་སྐོར་རྒན་པོའི་མིག་ཟུང་མཆི་མས་ཁེངས།།
ཕྲེང་གོག་རྒྱུས་ཐག་ཆད་ནས་ས་ལ་འཐོར།།
ཁྲོམ་གཞུང་མི་ཚོགས་གདོང་མདོག་སྐྱོ་ལྷང་ལྷང་།།
འཚོང་སྒྲོམ་སྟེགས་བུའི་ཐལ་མདོག་སྐྱ་སིང་སིང་།།

ཐོགས་རྒོད་དམར་པོས་ཀླད་ཁྲག་གནམ་ལ་སྟེར།།
སེར་བ་དྲག་པོས་མགོ་བོ་ས་ལ་སྟིམ།།
བྱང་རླུང་ནག་པོས་མུན་པའི་གླིང་དུ་བསྐྱལ།།
གློ་སྙིང་གདབ་པའི་ཁྲག་དམར་ཁ་ནས་སྐྱུག།

རེ་བའི་གཞི་མ་མེ་ལྕེ་དམར་པོས་བསྲེགས།།
ཐལ་བ་འཇམ་པོ་ལི་ཆུའི་ཁ་ནང་བཏོར།།
བརྩེ་བའི་མིག་ཟུང་ཆུ་རྡུལ་ཕྲེང་བས་གང་།།
མགོ་བོ་གོས་ཀྱིས་གཏུམས་ཏེ་ངུ་འབོད་བྱས།།
ཕྱི་ལོ་༢༠༡༠ཟླ་༢ཚེས་༡༠ཉིན་ལི་ཐང་བློ་བསྟན་གྱིས་བྲིས།།


  ཁུར་པོ།
 

2010.03.04 00:40:37

གྲོགས་བློ་བསྟན་ལགས།
སྙན་ངག་ཡག་མོ་སྐྲག་མོ་བྲིས་འགི་ཨ་རོ།

སྡུག་གི་ཁུར་པོ་རྒྱབ་ལ་ལྕི་ཡང་།།
མིག་གི་མཆིལ་མ་ཕྱི་ལ་མ་བཏོན།།
ལས་ཀྱིས་བསྐོས་པ་ད་རེས་སྐྱོ་ཡང་།།
རྗེས་མའི་རེ་བ་སེམས་ལ་ཉར་རོགས།།

 
 
2010.03.04 04:37:43

སྡུག་ཁུར་པོའི་འོག་ནས་གླུ་ཞིག་ལེན།།
སྐྱིད་ཉི་མའི་ཟེར་ཕྲན་སེམས་ལ་ཉར།།
གངས་འབབ་པའི་རྗེས་ལ་སྐྱིད་ཅིག་ཡོད།།
དེ་ཉི་མའི་འོད་ཟེར་འཆར་རྒྱུ་རེད།།

 
 
2010.03.04 04:48:02

སྡུག་པའི་མཐའ་མར་སྐྱིད་ཅིག་ཡོད་འགྱུར་ན།།
བོད་དང་བློ་བརྟན་གཉིས་ལ་འཆར་ཚོད་ཡིན།།
དེས་ན་སྡུག་མཐར་སྡུག་གིས་མཐུད་པའི་ཕྱིར།།
ཁོ་གཉིས་ནམ་ཡང་མུན་པའི་ཁྲོད་ན་འགྲེང་།།



 
 
2010.03.04 06:34:36

སྐྱིད་ཉི་མ་ནམ་མཁའི་དབྱིངས་ནས་འཆར།།
འཛུམ་འོད་ཟེར་གངས་རིའི་ཁྲོད་ལ་བཞད།།
སྤང་ཅོ་ཐོ་མེད་པའི་བྲག་སྐམ་རེར།།
ཚད་ཚ་བ་ཆེ་ཡང་སྡུག་གྱོང་རེད།།
ཧཧཧཧ
དྲྭ་གྲོགས་གང་འཐོར་བཏང་ནས་བདེ་མོ་བཞུགས་རོགས། ལམ་ལ་ཆས་བཞིན་ཡོད་དོ།

 
 
2010.03.05 22:43:19

མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ་རེད།།
དཔྱིད་ཉི་རིང་པོ་དྲོ་གསུམ་གྲང་གསུམ་རེད།།
གནད་འདི་ཁྱོད་ཀྱིས་མ་ཤེས་གཞན་ལ་དྲིས།།
ད་དུང་དེ་ཡིས་མ་ཤེས་ང་ལ་དྲིས།།
རིགས་ཀྱི་བུ་་་་་ཧཧཧཧཧཧཧཧ།

 
 
2010.03.06 06:43:50

ཁ་ཏྰ་ཁ་ནས་ནོར་བུ་དང་།
རྒྱ་མཚོ་དཀྱིལ་ནས་མེ་རླབས་སོགས།།
མི་སྲིད་དཔེ་ཡིས་མཚོན་པའི་བློ་བསྐྱེད་དེ།།
ནམ་ཡང་ང་ཡི་གམ་དུ་མཁོ་མེད་ཡིན།།

 
 
2010.03.15 22:03:03

གཏིང་རིང་རྒྱ་མཚོའི་ནང་ནས་རྡོ་ཞིག་བླངས།།
བློ་གྲོས་ཤུགས་ཀྱིས་སྐམ་སའི་ཐང་ལ་འཕངས།།
རྩ་རྩེའི་ཟིལ་མའི་ཐིགས་པ་ཙམ་ཞིག་གིས།།
སྦང་ནས་བརློན་པར་འགྱུར་བའི་རེ་བྲལ།།

 
 
2010.03.18 03:12:26

སྤུན་ཟླ་བློ་བསྟན་ལགས། ཤམ་བྷ་་ལའི་ཞིང་ཁམས་ནས་མཇལ་བར་སྤྲོ་པོ་བྱུང༌། དེ་སྔོན་ཨ་འབྲུག་མགོན་པོ་བཀྲ་ཤིས་སྐོར་གྱི་རྩོན་བསྡུའི་སྐོར་ལ་སླར་འབྲེལ་མཐུད་ཀྱི་ཁ་བྱང་གསལ་པོ་ཞིག་དང༌། དེ་མིན་རྩོམ་བསྡུ་དེའི་མཐའ་མའི་དུས་ཚོད་ག་དུས་ཡིན་མིན་བཅས་ཀྱི་ལན་ཁ་གསལ་ཞིག་ཡོད་པར་ཞུ། གལ་ཏེ་རྩོམ་བསྡུའི་གསལ་བརྡ་དེ་ལག་བསྟར་མ་ཐུབ་པ་ཡིན་ཚེ་ངའི་རྩོམ་དུམ་དེདྲ་རྒྱ་གང་རུང་ཐོག་འགོད་དགོས་བསམ་ཡོད།

 
 
2010.03.18 10:53:41

ཁྱེད་རྩོམ་ལ་བྱ་དགའ་ཕལ་ཆེར་ཐོབ་ས་མ་རེད། འོན་ཀྱང་བོད་ཡིག་ལ་གཅེས་སེམས་དང་དཔའ་བོའི་མཛད་རྗེས་སྙིང་ལ་བཅངས་པར་ཁོ་བོས་ལེགས་གསོལ་རྔན་པ་ད་ལྟ་ནས་ཕུལ་རྒྱུ་ཡིན། མ་ཟད་སླད་ཕྱིན། དབྱངས་ཅན་ལྷ་མོའི་བྱིན་རླབས་ཀྱི་དངོས་གྲུབ་གང་མྱུར་ཉིད་ཐོབ་པའི་སྨོན་འདུན་རྣམ་དག་ཞུ། རྔན་པ་ཆེན་པོ་ཡོད་དོ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -