དགོངས་ཚུལ་གསར་པ།

2010.03.12 11:17:13
ཁྱུངཿསྨོན་ལམ།

༄༅། །སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་བཞི་པ་ྋསྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཟིགས་ནས་གནས་དུས་ཀྱི་རྐྱེན་པས་དབུ་འཛིན་གསར་པ་ད་ལྟ་བར་ཐུགས་གཏན་འཁེལ་བ་བྱུང་མེད། ཉེ་སྔོན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༡ སྐབས་གནས་མཆོག་རྡོ་རྗེ་གདན་དུ་རྙིང་མའི་དགོན་སྡེ་ཆེ་ཁག་གི་བླ་ཆེན་ཁག་དང༌། བླ་ཆེན་ཁག་གི་སྐུ་ཚབ། རྙིང་མའི་སྤྱི་འཐུས། སྨོན་ལམ་གྱི་འགན་འཛིན་ལྷན་ཚོགས་བཅས་ལྷན་འཛོམས་ཀྱིས་བཀའ་བསྡུར་ཐག་གཅོད་གནང་བར་རྙིང་མའི་བླ་ཆེན་ྋསྐྱབས་རྗེ་སྐུ་བགྲེས་ཁག་བཞི་ལ་སྙན་སེང་གིས་ཐུགས་འགན་མཚན་བཞེས་སུས་མཛད་རོགས་གནང་ན་བདག་ཅག་སློབ་འབངས་རྣམས་ལ་ཁྱད་པར་གཏན་ནས་མེད་པ་དང༌། ྋསྐྱབས་རྗེ་རྣམ་པ་བཞི་ལ་རྙིང་མ་སྤྱི་ནས་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ་བཅས་ཐུགས་མཐུན་གཙང་བཅད་བྱུང༌།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0བཀླཌ་ཐེངས།: 5  

2010.03.10 23:53:26
འཆམ་ར་དྲི་མེད་རྒྱལ་མཚན།

༈ ངས་ད་ལྟ་བཙན་བྱོལ་ནང་གི་གཞིས་སྒར་ཆེ་ཤོས་ལྷོ་སྡེ་ཁག་ལྔའི་ནང་གི་སྦེལ་ཀོབ་ཀྱི་གནས་ཚུལ་འགའ་ཕྱོགས་མཐའི་ཀློག་པ་པོ་ཡོངས་ལ་ཕུལ་བཞིན་ཡོད། དེ་ཡང་སྦེལ་ཀོབ་གཞིས་ཆགས་ལ་མཚོན་ན། གཞིས་ཆགས་གསར་རྙིང་གཉིས་ཀྱི་ངོ་བོར་གྲུབ་ཡོད། གཞིས་རྙིང་ལུགས་ཟུང་བསམ་འགྲུབ་གླིང་དང་། གཞིས་གསར་བདེ་སྐྱིད་སླར་གསོ་གླིང་སྟེ་དེ་གཉིས་རེད། དེའི་ནང་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དང་། གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གཉིས་ཀྱིས་གཙོས་ཆོས་ལུགས་ཆེན་པོ་བཞིའི་དགོན་སྡེ་ཁག་རྣམས་མཆོད་གནས་ཀྱི་ཚུལ་དུ་ཆགས་ཡོད།

  ཚ་རླབས་དང་། འགྱུར་བ།
བསམ་ཚུལ། 0བཀླཌ་ཐེངས།: 17  

2010.03.09 18:32:12
ཁྱུངཿསྨོན་ལམ།

༄༅། །ད་རིང་གསུམ་བཅུའི་དུས་དྲན་ཐེངས་ ༥༡ པའི་དབུ་བཞུགས་སུ་ཆིབས་བསྒྱུར་བཀྲིན་བསྐྱངས་པའི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས། ད་རིང་འདིར་འདུས་སྐྱབས་གནས་དགེ་འདུན་གྱི་སྡེ་དང༌། བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ་དང༌།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0བཀླཌ་ཐེངས།: 24  

2010.03.08 03:19:49
གངས་དཀར་སེམས།

བཀའ་ཁྲིའི་འོས་གཞིར་བཞུགས་དགོས་པའི་རྒྱུ་མཚན་འགའ། གངས་ལྷ་མོ། གླེང་གཞི། དེ་སྔོན་སྒེར་ངོས་ནས་བསམ་གཞིགས་དུ་མར་བརྒྱུད་ཕྱི་ལོ་2009ལོའི་ཟླ་8པར་སྐུ་ངོ་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་སྒེར་གཉེར་གནང་བའི་བཀའ་བློན་ཁྲི་པ་ཞེས་པའི་དྲ་ཚིགས་ཀྱི་བཀའ་བློན་ཁྲི་པའི་འོས་གཞིར་བཞུགས་པ་ཡིན། དྲ་རྒྱ་དེའི་འབྲེལ་ཡོད་ལས་བྱེད་ཀྱིས་གུས་མོར་རྒྱབ་སྐྱོར་བྱེད་མཁན་གསར་འདེམས་ཐེངས་གསུམ་ཙམ་བརྗེ་བསྒྱུར་བརྒྱུད། ཕྱི་ལོ་2010ལོའི་ཟླ་2པའི་ཟླ་དཀྱིལ་ནས་འོས་མི་གཞན་དང་སྤྱི་མཚུངས་ལྟར་དགོས་ངེས་ཀྱི་མི་གྲངས་ཉེར་ལྔ་དགོས་ཚུལ་གྱི་ཆ་རྐྱེན་ཚང་བར་བྱུང༌།

  
བསམ་ཚུལ། 2བཀླཌ་ཐེངས།: 50  

2010.03.06 03:52:35
རྭ་རྒྱ་འཕྲིན་ལས།

༄༅། །གསར་རྙིང་དུས་རབས་ཀྱི་འཕོ་འགྱུར་སྣ་ཚོགས་ཁྲོད་མི་རྣམས་ལ་བློ་གྲོས་དང་རྣམ་དཔྱོད་ཇེ་རྒྱས་སུ་ཕྱིན་ཅིང༌། ཚན་རིག་ལག་རྩལ་གྱི་གྲུབ་འབྲས་ངོ་མཚར་བྱུང་བའི་ཁྲོད་མི་རྣམས་ཀྱིས་བརྡ་འཕྲིན་གྱི་རིག་པ་གསར་བས་འཇིག་རྟེན་ཁམས་ཡོངས་སུ་འོད་སྣང་དང་སྤྲོ་སྐྱིད་བསྩལད།

  ལ་ལས་ཁ་པར་ནི་དགའ་རོགས་འཚོལ་བྱེད་ཡིན
བསམ་ཚུལ། 1བཀླཌ་ཐེངས།: 43  

2010.03.05 23:34:14
རྭ་རྒྱ་འཕྲིན་ལས།

འཛམ་གླིང་དམག་ཆེན་དང་པོའི་སྐབས་ནས་བཟུང་ལོ་རྒྱུས་སྟེང་རང་བཙན་རྩོད་མཁན་གྱི་རྒྱལ་ཁབ་མང་པོ་བྱུང་ཡོད་ལ་ད་དུང་དམངས་གཙོའི་ཐོབ་ཐང་དང་ཆབ་འབང་ཐོབ་ཐང༌། འགྲོ་བ་མིའི་ཐོབ་ཐང་སོགས་བརྩོན་ལེན་བྱེད་མཁན་མང་པོ་བྱུང་ཡོད། ལྷག་པར་དུ་ང་ཚོ་དང་འབྲེལ་འདྲིས་ཆེས་ཟབ་ཡོད་པའི་རྒྱ་གར་མི་རིགས་ལྟ་བུ་རང་བཙན་གྱི་ཆེད་དུ་མི་སེར་ཁྲི་ཕྲག་མང་པོ་ལྔ་ལམ་དུ་བརྫངས་མྱོང་མཁན་ཡང་མང་པོ་ཡོད་པ་རེད།

  
བསམ་ཚུལ། 1བཀླཌ་ཐེངས།: 35  

2010.03.04 01:30:44
འཆམ་ར་དྲི་མེད་རྒྱལ་མཚན།

ལ་དགུ་ལུང་དགུའི་རྐང་ལམ་དེད་དུས།།
འཇམ་པོའི་ལམ་ཞིག་ཡོད་ན་བསམ་བྱུང་།།
སྣུམ་ལམ་ཡངས་པོའི་རྒྱ་ལམ་ཐོབ་དུས།།
ཁེར་འགྲོས་བྱེད་དགོས་བྱུང་བས་ཉོབ་སོང་།།


  དགོས་ན་ལང་། ལྟོགས་ན་ཟོས།
བསམ་ཚུལ། 11བཀླཌ་ཐེངས།: 137  

2010.03.04 00:09:05
མཐོ་གྲོང་གི་གླག་རྒོད།

དཀར་ནག་ཁྲ་གསུམ་མདུན་གྱི་ལམ་བུ་འཁྱོག།
བགྲོད་པ་དཀའ་བའི་བཀག་རྡོ་བང་དུ་བསྒྲིགས།།
འདེགས་པ་དཀའ་བའི་ཁུར་པོས་ཕྲག་ནས་མནན།།
རྔུལ་ཆུའི་ཐིགས་པས་ས་གཞིའི་གདོང་མདོག་བསྒྱུར།།

  ཁུར་པོ།
བསམ་ཚུལ། 6བཀླཌ་ཐེངས།: 137  

2010.03.03 22:47:32
འཆམ་ར་དྲི་མེད་རྒྱལ་མཚན།

༈ ཞི་རྒོལ་ལ་རམ་འདེགས་ཀྱི་གྲལ་སྒྲིག་ཅི་ཞིག་ཡོད་དམ། དེ་རིང་ནི་ཕྱི་ལོ་༢༠༡༠་༣་༤་ཡིན་ལ་ཟླ་བ་འདིའི་ཚེས་བཅུར་སླེབས་པར་ཉིན་མ་དྲུག་ཙམ་ལས་མེད་པའི་དུས་ཤིག་ཡིན། ཚེས་བཅུའི་ཉིན་མོ་ནི་བོད་པར་མཚོན་ན་ཞི་བའི་ཡར་ལངས་བྱས་པའི་དུས་དྲན་གྱི་ཉིན་མོ་ཡིན་ཡང་།  རྒྱ་གཞུང་ལ་མཚོན་ན་དེ་ནི་ནམ་ཡང་དོགས་ཟོན་དང་དྲག་གནོན་བྱེད་རིན་པའི་དུས་ཚོད་ཅིག་ལ་བརྩི་བཞིན་ཡོད།
  མིག་གིས་མ་མཐོང་ཡང་སེམས་ཀྱིས་སོམས།
བསམ་ཚུལ། 12བཀླཌ་ཐེངས།: 110  

2010.03.03 11:05:51
ཨ་སྤེན།

བོད་ཟླ་དང་པོའི་ཚེས་བཅོ་ལྔ་ནི་སྟོན་པ་ཤྰཀྱ་ཐུབ་པའི་རྗེས་འབྲང་པ་ང་ཚོ་ཚང་མས་དུས་ཆེན་ཁྱད་པར་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མ་ཟད་དེང་སང་སྨོན་ལམ་ཆེན་པོ་དང་སྦྱར་ནས། བཅོ་ལྔ་མཆོད་པ་དང་། བྱམས་པ་གདན་འདྲེན། གཏོར་མ་རྒྱག་པར་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་ཀྱི་ཡོད་པས་དེ་དག་གི་བྱུང་རིམ་དང་། དོན་སྙིང་ཅི་ཞིག་སྟོན་མིན་བཅས་ཀྱི་སྐོར་ཕྲན་བུ་ཞིག་འབྲི་འདོད་བྱུང་།


  
བསམ་ཚུལ། 9བཀླཌ་ཐེངས།: 128  

2010.03.03 00:25:18
འཆམ་ར་དྲི་མེད་རྒྱལ་མཚན།

དེ་རིང་ཤམ་བྷ་ལའི་ཕོ་ཉའི་དྲྭ་ཚིགས་ཀྱི་ལྡིང་ཆ་འདི་བརྒྱུད་ནས་གཙོ་གཉེར་བ་དང་མྱུག་ཐོགས་པ་ཡོངས་ལ་དགའ་བའི་མཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་སྐྱིད་པའི་སྨོན་འདུན་ཚེ་རིང་ལོ་བརྒྱ་ཞུ་ཞུ།།
ཤོག་ཤོག་གཡང་གི་ར་བ་འདིར།
འབྲི་བརྒྱ་གདང་ལ་སྒྲིག་འདུག


  མཚམས་འདྲི་ཞུ།
བསམ་ཚུལ། 10བཀླཌ་ཐེངས།: 186  

2010.02.27 08:25:52
བེ་རི་འཇིགས་མེད་དབང་རྒྱལ།

ཁམས་སྨྱོན།
ཆར་པ་ཟིལ་ཟིལ་འབབ་བྱུང་།།
ཉི་འོད་ལྷེབ་ལྷེབ་འཚེར་བྱུང་།།
ཆར་དང་ཉི་ཟེར་བར་ན།།
སྣ་ལྔའི་འཇའ་རིས་མཛེས་པ།།
  
བསམ་ཚུལ། 2བཀླཌ་ཐེངས།: 131  

2010.02.27 07:02:55
འབའ་པ་སྐལ་བཟང་འཕྲིན་ལས།

འཁོར་བ་དུག་གི་རྒྱ་མཚོ་གྱེར་བཞིན་དུ།།
འཁོར་བའི་ཕུན་ཚོགས་སེམས་ཀྱི་གཏད་སོ་བྱས།།
ཁ་བཤད་ལག་ལེན་བྱེས་པའི་ཧྲག་བར་ན།།
གསེར་སྐུར་ཟངས་མདོག་དམར་པོ་དབང་མེད་ཤོར།།
  མིག་མཐོང་ཁྱེད་ལ་བཤད་པ།
བསམ་ཚུལ། 2བཀླཌ་ཐེངས།: 115  

2010.02.27 06:17:50
སྐལ་བཟང་བཀྲ་ཤིས།

འདབ་གཤོག་ཟུང་ལྡན་གྱི་གྲོགས་མཆོག་རྣམ་པ། ངས་ཐོག་མར་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། །ཁྱེད་རྣམ་པས་དྲ་རྒྱ་སྤྱོད་པའི་འཕྲལ་ཕུགས་ཀྱི་དམིགས་ཡུལ་དང་དགེ་མཚན་གང་ཡོད་དམ་་་་་་་གསུང་རོགས་ཞུ་རྒྱུ་ཡིན།།

 


  
བསམ་ཚུལ། 3བཀླཌ་ཐེངས།: 97  

2010.02.27 05:43:28
གངས་དཀར་སེམས།

ཁ་བའི་ལྗོངས་སུ་གདོང་དམར་རྗེས་རབས་སྟག་ཤར་གངས་ཕྲུག་གཞོན་ནུ་ཚོས།།
འུར་རྡོའི་ཐག་སྒྲས་རྟ་ནོར་ལུག་ཁྱུ་སྤང་ལྗོངས་སྔོན་མོའི་དབུས་སུ་འདྲེན།།
དུང་བའི་བརྩེ་གླུ་ལྷང་ལྷང་གྱེར་བཞིན་སྨན་ཆུང་བུ་མོར་སྤྲོ་བ་སྦྱིན།།
ཁམས་པའི་བུ་ཆུང་བག་ཡངས་སྤྱོད་བཟང་ཡིད་འཛིན་ཕྲ་མོར་ལྷེན་ནེར་མངོན།།


  1. གངས་དཀར་སེམས།
བསམ་ཚུལ། 9བཀླཌ་ཐེངས།: 152  

2010.02.26 10:27:51
བེ་རི་འཇིགས་མེད་དབང་རྒྱལ།

ཕ་ར་ལ་རྩེད་མོ་བྱས་ནས་བྲིས་པ།
བེ་རི།

ཀ་རེ་ཀོ་རེ་བྱས་ནས་མ་བཞུགས་པར།།
ཁ་རུ་ཁ་ཐུག་བྱས་ནས་སོག་ཡུལ་ཕེབས།།
ག་ཡིན་འདི་ཡིན་མེད་པའི་མཛད་པ་སྐྱོང༌།།
ང་ཡི་གྲོགས་པོ་གྲགས་པ་རྒྱལ་མཚན་ལགས།།
  
བསམ་ཚུལ། 6བཀླཌ་ཐེངས།: 118  

2010.02.26 06:25:03
གངས་ལྷ་མེ་ཏོག

ང་ཚོ་ནི་རང་ཡུལ་གྱལ་ནས་མི་ཡུལ་དུ་གནས་པའི་མི་རབས་ཞིག་རེད། ཚང་མས་ལོ་གསར་བཏང་ཡིན་དང་བཏང་མིན་ཟེར་བའི་གཏམ་གླེང་འདྲམིན་གླེང་བཞིན་འདུག  འོན་ཀྱང་དོན་དངོས་ཐོག་ལོ་གསར་བཏང་ཡོད་མེད་དེ་གཙོ་བོ་མ་རེད། གཙོ་བོ་དེ་ལོ་གསར་པའི་ནང་བསམ་བློ་གསར་པ་ཞིག་ཡོད་དགོས་པ་དེ་རེད། ང་ཚོ་རང་ཉིད་ག་རེ་བྱེད་དགོས་མིན་དང་རང་ཉིད་ལས་འགན་ག་རེ་ཡིན་མིན་ཤེས་པས་ཐོག་ནས་འགྲོ་བ་ཡིན་ན། ད་བཟོད་ལོ་གསར་པ་ཞིག་སར་བ་ལ་དོན་སྙིང་ལྡན། བསམ་བློ་གསར་པ་ཞིག་འཁྱེར་ནས་ལས་དོན་བསྒྲུབ་དགོས།
  
བསམ་ཚུལ། 3བཀླཌ་ཐེངས།: 112  

2010.02.24 01:16:27
འབའ་པ་སྐལ་བཟང་འཕྲིན་ལས།

༡༽ལོ་རྒྱུས བོར་ཟིན་པའི་འགྲུལ་ལམ་སྐྱ་བོ་འདི་ན
མི་ཁྱི་ཕག་གསུམ་གྱི་རྐང་རྗེས་བཀྲ་བས
ཉི་ངོགས་ཀྱི་དག་ཞིང་ཁྲོད་ན་འགྲེང་པའི་སྤྱན་ལྡན་ཚོས
ཁ་སང་གི་རྐང་རྗེས་དེ་དག་སྒོམ་བཞིན
གླེང་མི་ཚར་པའི་མེ་འུབས་སུ་འཛུལ་སོང་


  ཚོར་བའི་ཁ་རླངས།
བསམ་ཚུལ། 2བཀླཌ་ཐེངས།: 160  

2010.02.19 01:24:45
མཐོ་གྲོང་གི་གླག་རྒོད།

          ལོ་སར་ནི་ང་ཚོའི་གནའ་ནས་ད་ལྟའི་བར་མཚམས་མ་ཆད་པར་བོད་མི་ཀུན་གྱིས་སྲུང་བརྩི་བྱས་དང་བྱེད་བཞིན་པའི་དུས་སྟོན་ཆེས་ཁྱད་པ་ཅན་ཞིག་ཡིན། དེ་ནི་འདས་ཟིན་པའི་ལོ་རྙིང་ཟད་ནས་དབུ་འཛུགས་ཙམ་གྱི་གནམ་ལོ་གསར་པ་ལ་བསུ་བ་བྱེད་པའི་དུས་སྟོན་ཞིག་ཀྱང་ཡིན། སྲོལ་རྒྱུན་ལྟར་ན་ལོ་གསར་པ་ལ་བསུ་བ་ཞུས་པའི་དུས་སྟོན་ནི་ཆེས་སྤྲོ་སྐྱིད་ལྡན་པའི་བོད་ཀྱི་དུས་སྟོན་གཞན་ལས་གྲ་རྒྱས་ཕུན་སུམ་ཚོགས་པ་དེ། ད་ལོའི་ལོ་གསར་ནི་སྲོལ་རྒྱུན་གྱི་ལོ་གསར་གཏོང་སྟངས་རྣམས་དང་མི་འདྲ་བར་གར་འཁྲབ་གླུ་གཏོང་གིས་སྤྲོ་སྐྱིད་ཀྱི་ལོ་གསར་མི་གཏོང་བའི་རེ་བསྐུལ་གཞིས་བཞུགས་བོད་མི་རྣམས་ཀྱིས་ཞུས་པ་བཞིན། བཙན་བྱོལ་བོད་གཞུང་བཀའ་ཤག་ཡིག་ཚང་ནས་ཀྱང་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་སྟག་གི་ལོ་གསར་སྤྲོ་སྐྱིད་ཀྱིས་མི་གཏོང་བའི་རེ་བསྐུལ་བཀའ་ཡིག་ཞིག་ཀྱང་ཕེབས་འདུག


  མིག་ཆུའི་ཐིག་ཕྲེང་།
བསམ་ཚུལ། 7བཀླཌ་ཐེངས།: 202  

2010.02.18 23:53:06
འབའ་པ་སྐལ་བཟང་འཕྲིན་ལས།

དེ་རིང་ནི་ལོ་སར་ཚེས་གཅིག་རེད། ལྷ་རྒྱལ་རི་ཡི་ཐང་ཆུང་ཆུང་དེའི་སྟེང་དུ་གཟབ་འཆོར་འདྲ་མིན་གྱོན་པའི་མི་ཚོགས་རྣམས་གྲོག་མ་ཚང་ནས་བརྡོལ་པ་ལྟར་འཚང་ཁ་བཤིག་བཤིག་ངང་ནས་བསང་གསོལ་བཏང་པར་སླེབས་སོང་། བསང་དུད་ཀྱི་གསེབ་ཏུ་གཟབ་འཆོར་སྤྲས་པའི་མི་དག་ལོ་གསར་པ་ནང་རང་རང་གི་རེ་འདུན་རེ་མངོན་དུ་འགྱུར་པའི་སླད་དུ་ལྷ་སྲུང་དག་ལ་ངོ་དགའ་སྤྲེལ་ལད་འདྲ་མིན་བྱེད་ཀྱི་འདུག

  མཐོང་ཐོས་ངག་ལ་བཀུག་པ།
བསམ་ཚུལ། 0བཀླཌ་ཐེངས།: 456  

2010.02.13 01:31:29
ལི་ཐང་བཤད་སྒྲུབ

ལས་དབང་གསར་པའི་ཁ་ཕྱོགས་གཅིག་ལ་རྒྱ་ནག་དམར་པོའི་གཟི་བརྗེད་ངོམ།།
༢༠༠༧ལོ་རུང་རྒྱས་ཨ་གྲགས་ལགས་ཀྱི་བོད་ནང་ཞི་བའི་ངོ་རྒོར་བྱས་པའི་དུས།།
གཞོན་ནུ་ཚོགས་པས་ལྡི་ལི་ནང་དུ་ངོ་རྒོར་ལས་འགུལ་གོ་སྒྲིག་བྱས་པའི་ཉིན།།
༢༠༠༨ལོ་བོད་ཡོངས་གཅིག་སྒྲིག་ཞི་བའི་ངོ་རྒོར་གཞི་རྒྱ་ཆེ་པོ་བྱས་པའི་དྲན།།
གོ་རིམ་ལྡན་པའི་ལས་འགུལ་འདི་དག་རྒྱ་སྤྱིའི་ནང་གི་གནད་དོན་ཆགས།།

  མིག་ཆུ | བོད་ཀྱི་གནད་དོན་སྐོར་གླེང་བ།
བསམ་ཚུལ། 4བཀླཌ་ཐེངས།: 218  

2010.02.12 23:50:06
བསྟན་པ་ཡར་འཕེལ།

མཐུན་ལམ་ལྕགས་ཀྱི་གོང་བུ་མ་འཐོར་ཞིང་།།
དཔའ་བོ་སྟག་གི་ཞལ་ལྕེ་མ་ཡལ་བའི།།

གདུང་དྲུག་མེས་པོའི་ཤུལ་འཛིན་བོད་རིགས་ཚོ།།
བཀྲ་ཤིས་གནམ་ལོ་གསར་པར་འཚམས་འདྲི་ཞུ།།


  དྲན་པ་ཐོགས་མེད།
བསམ་ཚུལ། 2བཀླཌ་ཐེངས།: 224  

2010.02.12 05:14:55
འབའ་པ་སྐལ་བཟང་འཕྲིན་ལས།

                                     ཁ་བ་བབས་པའི་རྗེས་ལ།། ཁ་ཤུལ་ཉི་མ་དྲོ་བྱུང་།།

ཁ་བ་བབས་པའི་རྗེས་ལ། ཁ་ཤུལ་ཉི་དྲོ་བྱུང་། ཟེར་བའི་གནའ་མི་ཡི་གཏམ་དཔེ་དེ་ཅི་མི་བདེན། ཉིན་མཚན་བསྟུན་མར་ཁ་བའི་མལ་གོས་ཁྲོད་དུ་གཟིམ་པའི་དྷ་སའི་རི་གྲོང་ཡང་། དེ་རིང་སེར་ལམ་ལམ་གྱི་ཉི་ངོགས་སུ་སྤྲོ་མདངས་ཤིག་མངོན་བཞིན་འགྱིང་འདུག དྲོད་ལམ་ལམ་གྱི་ཉི་ངོགས་སུ་ཡུན་རིང་བག་ལ་ཞར་བའི་མི་ཚོགས་ཀྱང་བྲེལ་འཚུབ་འཚུབ་ངང་ཡར་འགྲོ་མར་འགྲོ་བྱེད་བཞིན་མཆིས།  ང་དང་རྩོམ་པ་པོ་ལི་ཐང་བློ་བརྟན་གཉིས་ཀྱང་ལས་དོན་ཞིག་གི་ཕྱིར་དུ་དྷ་སའི་རི་གྲོང་བརྒལ་ནས་གངས་ཅན་སྐྱིད་གཤོངས་སུ་ཕྱིན།

  དོན་དངོས་དབྱངས་སུ་གྱེར་པ།
བསམ་ཚུལ། 2བཀླཌ་ཐེངས།: 261  

2010.02.10 23:08:35
བསྟན་པ་ཡར་འཕེལ།

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་སྐུ་ཞབསབཀྲ་ཤིས་ཚེ་རིང་མཆོག་ནས་བསྐུལ་དོན་ལྟར་བྲིས།


  དྲན་པ་ཐོགས་མེད།
བསམ་ཚུལ། 0བཀླཌ་ཐེངས།: 360  

2010.02.10 10:54:03
ཨ་སྤེན།

དུས་ཚོད་ཀྱི་འཁོར་སྐྱོད་ནི་སུ་ཞིག་གིས་བཀག་ཀྱང་མི་ཁོག་ལ། འཛིན་ཡང་མི་ཐུབ་པས་སྐད་ཅིག་གཅིག་ཀྱང་མི་སྡོད་པར་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད།    དེ་བརྟེན་ཉིན་ཞག་ཟླ་ལ་སྦྲེལ། ཟླ་བ་ལོ་ལ་སྦྲེལ་ནས་ལོ་གསར་པ་ང་ཚོའི་མདུན་དུ་སླེབས་ཤིང༌། ལོ་རྙིང་པ་རྒྱབ་ལ་སྐྱུར་རྒྱུ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་པས།  ལོ་གསར་ནི་སུས་ཀྱང་བཀག་མི་ཐུབ།


  ལོ་གསར་མ་གཏོང་ན་སུ་ཕན་ནམ།
བསམ་ཚུལ། 16བཀླཌ་ཐེངས།: 346  

བསམ་ཚུལ། 4བཀླཌ་ཐེངས།: 164  

2010.02.10 00:45:53
མཐོ་གྲོང་གི་གླག་རྒོད།

              སྤྱིར་ང་ཚོ་བཙན་བྱོལ་དུ་གྱར་བའི་བོད་མི་ཀུན་གྱིས་གཞིས་བྱེས་གཉིས་ཀྱི་ངོ་ཚབ་བྱས་ནས་མ་འོངས་བོད་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་བའི་འགན་དབང་ཀུན་ཕྲག་ཐོག་ཏུ་ལྷུང་ཡོད་པ་ངོས་འཛིན་གསལ་པོ་བྱེད་དགོས། དེར་བརྟེན་གནས་ཚུལ་དེའི་ཆ་ཤས་སམ་བྱེ་བྲག་པ་ཞིག་ནི་མ་འོངས་བཀའ་བློན་ཁྲི་པའི་འོས་འདེམས་ཀྱི་སྐོར་ཡིན། བོད་གཞིས་བྱེས་གཉིས་ཀྱི་དབུ་ཁྲིད་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མི་མང་གིས་འོས་ཤོག་ལམ་ནས་བདམས་ཆོག་པ་དེ།

  བོད་པའི་མདུན་ལམ།
བསམ་ཚུལ། 4བཀླཌ་ཐེངས།: 221  

2010.02.09 07:20:07
འབའ་པ་སྐལ་བཟང་འཕྲིན་ལས།

གྲོགས་cཚབ་ཏུ་བྲིས།
བརྩེ་བའི་འདམ་དུ་ཟུག་པའི་ཤ་རུས་གསེབ།།
བརྗོད་བྲལ་ལན་ཆགས་འཐུག་པོའི་མེ་ཏོག་བཞད།།
ཚེ་སྲོག་རྟ་རྔ་ཕྲ་མོའི་ཁུག་སོ་ན།།
བཅུད་ལྡན་འབྲས་བུ་སྨིན་པའི་རེ་སྒུག་བྱས།།


  
བསམ་ཚུལ། 2བཀླཌ་ཐེངས།: 228  

2010.02.08 06:13:30
འབའ་པ་སྐལ་བཟང་འཕྲིན་ལས།

ལོ་གསར་ཚེས་གསུམ་ཉིན་གྱི་སྐྱ་མདའ་བཏང་དུས་ནས་གྲོང་སྡེའི་སྐྱེས་པ་ཚང་མས་གཟབ་འཆོར་དྲག་བ་དག་སྤྲས། བེའུ་དང་རལ་གྲི་དག་འདོགས་ཤིང༌། རྟ་ཅང་ཤེས་དང་འདྲ་བ་དག་ལ་ཆིབས་ནས་ཀི་སྒྲ་འུར་སྒྲ་དང་བཅས་ལྷ་འདུས་རི་བོར་བསང་གཏོང་བར་འགྲོ་སོང༌། རིམ་བཞིན་རྟ་བདུན་དབང་པོ་ཤར་རིའི་ཕྲག་ནས་དགོད་འཚེར་འཚེར་ངང་འཛུམ་བྱུང་བས་གངས་རི་དག་གི་རྩེ་མོ་རུ་གསེར་ཆུ་བྱུག་པ་བཞིན་སེར་ཐིང་ཐིང་དུ་གྱུར།

  
བསམ་ཚུལ། 3བཀླཌ་ཐེངས།: 151  

2010.02.08 03:51:12
འབའ་པ་སྐལ་བཟང་འཕྲིན་ལས།

༼བདག་གི་གྲོགས་པོ་བགྲོ་གླེང་ཚོགས་འདུ་དེ་གོ་སྒྲིག་བྱེད་མཁན་རྩོམ་པ་པོ་གངས་དགའ་འཁྱམ་པོའམ་ལྕགས་ར་དཔལ་འབར་བསྟན་པ་བློ་གྲོས་ལགས་ཀྱིས་གནས་ཚུལ་འདི་བཏང་སྟེ་ཕྱི་ཕྱོགས་དྲ་བར་འགོད་དགོས་པའི་རེ་སྐུལ་བྱས་པ་བཞིན་ཁོ་བོས་ཟིན་བྲིས་སུ་བཀོད་པ་ཡིན།༽

ཁྲི་འདུ་ནས་སྤེལ་བའི་རྩོམ་རིག་གི་བདག་དབང་འཚོལ་བ་ཞེས་པའི་བགྲོ་གླེང་ཚོགས་ཐེངས་གཉིས་པ།

ཆོས་དཔལ་བཟང་པོ།


  བོད་འབྱོར་གསར་གནས།
བསམ་ཚུལ། 0བཀླཌ་ཐེངས།: 382  

2010.02.07 12:53:15
ལི་ཐང་བཤད་སྒྲུབ

བོད་མི་རིགས་ཀྱི་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤེས་མཆོག།

  བོད་ཀྱི་དཔའ་རྒོད།
བསམ་ཚུལ། 4བཀླཌ་ཐེངས།: 367  

2010.02.06 03:35:57
རྭ་རྒྱ་འཕྲིན་ལས།

༄༅། །སྤྱིར་མི་རིགས་སུ་ཞིག་དང་རྒྱལ་ཁབ་གང་ཞིག་ཡིན་རུང་སོ་སོ་ལ་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང༌། བསམ་བློའི་འདུ་ཤེས། འཇིག་རྟེན་ལྟ་སྟངས་དང༌། མི་གཞིའི་རིན་ཐང༌། འཚོ་གནས་སྙིང་སྟོབས་དང༌། མི་ཚེ་སྐྱེལ་སྟངས་སོགས་མི་འདྲ་བར་ཡོད་པ་མ་ཟད་དེས་བསྐྱེད་པའི་རིག་གནས་སྙིང་སྟོབས་དང་བསམ་བློའི་ཤེས་རིག་སོགས་ངོ་བོ་དང་ལྡོག་པ་ཐ་དད་དུ་གནས་ཡོད།


  
བསམ་ཚུལ། 0བཀླཌ་ཐེངས།: 230  

2010.02.05 20:41:03
ཁྱུངཿསྨོན་ལམ།

༄༅།། རྒྱ་ནག་དབུས་གཞུང་གི་བོད་ཀྱི་ལས་དོནསྐོར་གྱི་བཞུགས་མོལ་ཚོགས་འདུ་དང་
དེའི་སྲིད་བྱུས་གཏན་འབེབས་བྱེད་ཕྱོགས་ལ་རགས་ཙམ་དཔྱད་པ།
སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན།
ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༣༠

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1བཀླཌ་ཐེངས།: 162  

2010.02.05 05:35:28
བསྟན་པ་ཡར་འཕེལ།

༄༅། །ྋསྐྱབས་རྗེ་དམ་པ་ཨ་ལྡེའུ་རིན་པོ་ཆེ་རྗེས་སུ་དྲན་པ།
བསྐལ་མང་གོང་ནས་སྨོན་ལམ་མཐུ་བཙན་པོས།།
ལྷན་དུ་སྦྲེལ་བའི་ཀུན་མཁྱེན་འབྲུག་པ་རྗེ།།
ཕྲིན་ལས་ཤིང་རྟ་བརྒྱུད་པར་བཅས་རྣམས་ལ།།
ཡིད་ཆེས་དད་པའི་འདབ་མ་སྙིང་ཁར་སྤུངས།།


  དྲན་པ་ཐོགས་མེད།
བསམ་ཚུལ། 4བཀླཌ་ཐེངས།: 175  

2010.02.05 00:48:05
བསྟན་པ་ཡར་འཕེལ།

པ་ལོ་སྤུ་གྲིས་བྲེགས་པའི་འུ་ཅག་ཚོ།།
ཕ་མེས་དམ་པ་རྣམས་ཀྱི་རྗེས་བསྙེགས་ཏེ།།
བ་ཚའི་འདམ་འདྲའི་འཁོར་བ་འདི་སྤོང་ནས།།
མ་རྒན་སེམས་ཅན་དོན་དུ་མི་བརྩོན་ནམ།།


  དྲན་པ་ཐོགས་མེད།
བསམ་ཚུལ། 3བཀླཌ་ཐེངས།: 593  

2010.02.04 03:08:04
ཁྱུངཿསྨོན་ལམ།

༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ པོར་རྒྱ་ནག་ཏུ་ཕེབས་པའི་སྐུ་ཚབ་ཚོགས་ཆུང་གི་འགོ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དམིགས་གསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་སྤེལ་བའི་གསལ་བསྒྲགས། ༢༠༡༠ ཕྱི་ཟླ་ ༢ ཚེས་ ༣ རེས་གཟའ་ལྷག་པ།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 5བཀླཌ་ཐེངས།: 246  

2010.02.04 01:45:29
ཁྱུངཿསྨོན་ལམ།

ལོ་གསར་ལ་སྤྲོ་སྐྱིད་ཀྱི་ལས་རིམ་གཏན་ནས་མེད་པ་དགོས་པའི་བཀའ་དྲུང་ཡིག་ཚང་གི་བཀོད་ཁྱབ།
༄༅། །མཚུངས་མེད་དྲུང་ཆེ་འགན་འཛིན་ལྷན་རྒྱས་མཆོག་གང་དེར།
ཆེད་ཞུ། མཁྱེན་གསལ་ལྟར་དེ་སྔོན་ས་བྱི་ལོའི་ནང་བོད་དུ་དྲག་གནོན་གྱི་གནས་ཚུལ་ཚབས་ཆེའི་འོག་བོད་མི་བརྒྱ་ཕྲག་མང་པོ་རྐྱེན་འདས་དང་།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0བཀླཌ་ཐེངས།: 272  

2010.02.03 09:42:50
བེ་རི་དཔལ་ལྡན་རྣམ་རྒྱལ།

རྒྱུ་དང་དཔལ་འབྱོར་དབང་ཐང་ཡོད་ན་བླུན་པོ་ཡིན་ཡང་ཀུན་གྱིས་བཀུར།།
དབང་དང་གོ་ས་གང་ལ་མེད་ན་མཁས་པ་ཡིན་ཡང་ཀུན་གྱིས་སྨད།།
ཆོས་བརྒྱད་རྦ་རླབས་རབ་ཏུ་འཁྲུག་པའི་དུས་རབས་གསར་པའི་འཇིག་རྟེན་འདིར།།
ཇི་ཙམ་འདི་རུ་སྡོད་ཡུན་རིང་ན་སྙིང་གི་ན་ཟུག་དེ་བས་ཆེ།།

  
བསམ་ཚུལ། 8བཀླཌ་ཐེངས།: 282  

2010.02.02 03:31:47
མཐོ་གྲོང་གི་གླག་རྒོད།

གཡོ་སྒྱུ་ཝ་མོའི་བརྟུལ་ཞུགས་འཛིན་པ་ཡི།།
རྒྱ་ནག་གུང་ཁྲན་དཔོན་གྱི་གཡོ་ཐབས་ཏེ།།
གངས་ཅན་བོད་ཀྱི་ལས་དོན་ཚོགས་འདུ་ཞིག།
རྒྱལ་ས་པེ་ཅེན་ཁུལ་དུ་ཚོགས་པའི་སྐབས།།

  བོད་རེ་བས་ཕུང་།
བསམ་ཚུལ། 5བཀླཌ་ཐེངས།: 401  

2010.02.01 04:15:02
བེ་རི་འཇིགས་མེད་དབང་རྒྱལ།

མག་མོག་མཚན་གྱི་རྒྱལ་མོའི་ཕང་ཁ་ནས།།
འཁྲུལ་སྣང་རྨི་ལམ་སྒྱུ་མའི་གར་ལ་བལྟས།།
ཞོགས་པའི་སྐྱ་མདའ་རྣོན་པོས་དཀྲོགས་པ་དང༌།།
ཞོགས་ཟས་ཟོས་ནས་མེ་འཁོར་ནང་དུ་ཞུགས།།

  ཁྱི་མ་རྡུང་།
བསམ་ཚུལ། 0བཀླཌ་ཐེངས།: 207  

2010.01.30 05:18:55
བེ་རི་འཇིགས་མེད་དབང་རྒྱལ།

བེ་རི་འཇིགས་མེད་དབང་རྒྱལ།
འབུམ་ཕྲག་ཟླ་ཟེར་འཐུང་བའི་ཀུན་མུ་ཏས།།
མཚོན་དུས་མ་ཡིན་ངག་དབང་དབྱངས་ལྡན་ལྷ།
སྙུག་ཐོགས་བུ་ངའི་མགྲིན་པའི་འོ་མཚོ་ལ།
རྩེན་ནས་ཉམས་འགྱུར་སྟོང་གི་ཤིས་པ་སྒྲུབས།

  ཁྱི་མ་རྡུང་།
བསམ་ཚུལ། 3བཀླཌ་ཐེངས།: 221  

2010.01.30 02:24:22
གངས་ལྷ་མེ་ཏོག

བོད་པ་ཚོ། ངས་འདི་ལྟར་ཁྱེད་རེ་སྒུག་བྱས་ནས་ལོ་ངོ་ལྔ་བཅུ་ཧྲིལ་བོ་ཕྱིན་སོང༌། ངས་རྒྱ་དམར་གྱིས་སྡུག་རྩུབ་ལ་བཟོད་སྒམ་བྱས་ནས་ཁྱེད་ལ་རེ་སྒུག་བྱེད། ཉིན་ལྟར་ངའི་སྐེ་རིང་བརྐྱངས་ནས་ཁྱེད་ཀྱི་ཕྱོགས་སུ་ལྟོས། སྤྱིར་ང་ནི་འཛམ་གླིང་མཐོ་ཤོས་གངས་རི་ཡིན་བརྗོད་ཀྱང༌། ངས་ཇི་ལྟར་ལྟོས་ཀྱང་ཁྱེད་མཐོང་ཐུག་གིས་མི་འདུག གཅིག་བྱས་ན་རི་མགོ་དམའ་དྲག་པ་ཡིན་སྲིད།
  
བསམ་ཚུལ། 1བཀླཌ་ཐེངས།: 187  

2010.01.29 06:13:08
གངས་ཕྲུག རྒྱལ་མཚན།

སྔོན་བྱུང་ཞི་བའི་ཁམས་སུ་རང་དབང་དཔལ།། མ་བཅོས་ལྷུན་གྲུན་རང་བཞིན་གཏེར་གྱི་མཛོད།། གློ་བུར་དུས་རབས་ཉི་ཤུའི་སྲིབ་ཀ་ནས།། ཀླ་ཀློའི་གདུག་རྩུབ་གཅིག་གིས་རྩད་ནས་གཏོར།།   འགྲན་བྲལ་མེས་པོའི་ཐུགས་མཚོའི་ལྟེ་བ་ལས།། ལེགས་འཁྲུངས་ནང་རིག་རིན་ཆེན་ནོར་བུའི་ཕུང༌།། མེ་ཆུའི་སྦྱོར་བ་བཙན་པོས་བརླབས་བྱས་ཏེ།། དབེན་གནས་ཞི་གྲོང་ཁྲག་མཚོའི་གླིང་དུ་བསྒྱུར།།

  
བསམ་ཚུལ། 2བཀླཌ་ཐེངས།: 216  

2010.01.28 23:46:41
རྭ་རྒྱ་འཕྲིན་ལས།

རང་སྐད་རིག་གཞུང་སྦྱང་བ་སྤྱི་ཡི་དོན།།
དབྱིན་ཡིག་དབྱིན་སྐད་སྦྱང་བ་སྒེར་གྱི་དོན།།
ཨ་རིའི་ལག་འཁྱེར་རེག་པ་ལྟོ་ཡི་དོན།།
ཐམས་ཅད་རྩ་བ་དེད་ན་རང་གི་དོན།།


  
བསམ་ཚུལ། 2བཀླཌ་ཐེངས།: 211  

2010.01.26 00:36:04
སངས་རྡོ།

རྒྱལ་གཞིས་ཤོར་ཁར་རྒྱལ་ཁམས་ལེ་ལྟར་འབར། །
ཕ་གཞིས་ཤོར་ཁར་བུ་སྤུན་དགྲ་ལྟར་གྱུར། །
རང་སྲོག་ཤོར་ཁར་རང་ལུས་བྱ་ལྟར་ཡང༌། །
དེ་གསུམ་འཇིག་རྟེན་གནའ་མིའི་དཔེ་རུ་གྲགས། །

  
བསམ་ཚུལ། 1བཀླཌ་ཐེངས།: 190  

2010.01.25 22:40:00
ཁྱུངཿསྨོན་ལམ།

ཡོང་ཁུངས་ནོར་ཝེ་བོད་སྐད་རླུང་འཕྲིན།  ད་ལན་གྱི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཐེངས་དགུ་པ་རྒྱ་ནག་ཏུ་ཕེབས་པའི་སྐོར་ལ་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་དོན། "ཐེངས་དགུ་པ་འདི་ཕེབས་པ་ལ་བརྟེན་ནས་ལམ་སང་གྲུབ་འབྲས་འདི་ཡིན་ཟེར་བ་མངོན་གསལ་དོད་པོ་ཞིག་ཐོན་པའི་རེ་བ་གང་ཡང་བྱེད་ཀྱི་མེད་དེ། འདས་པའི་ཟླ་གྲངས་བཅོ་ལྔ་ཙམ་གྱི་རིང་ལ་འབྲེལ་མོལ་བྱེད་མ་ཐུབ་པ་དེ་ད་རེས་མུ་མཐུད་ཐུབ་པ་ཞིག་དང་། ལྷག་པར་དུ་རྒྱལ་སྤྱིའི་ནང་ལ་དེའི་སྐོར་ལ་ང་ཚོའི་གྲོགས་པོའི་རྒྱལ་ཁབ་ཚང་མ་ལ་འབྲེལ་མོལ་བར་མཚམས་རྒྱུན་རིང་ཕྱིན་པ་དེས་ཐུགས་འཚབ་མང་པོ་ཞིག་ཡོད་བསྡད་པ་རེད།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0བཀླཌ་ཐེངས།: 176  

2010.01.24 23:34:19
རྭ་རྒྱ་འཕྲིན་ལས།

དེ་རིང་ཟ་ཁང་ཞིག་ཏུ་གྲོགས་པོ་ཁ་ཤས་དང་མཉམ་ཏུ་འདས་ཟིན་པའི་བོད་ཀྱི་བུ་མོ་ཞིག་གི་སྐོར་བཤད་པ་ཡིན། བུ་མོ་འདིའི་སྐོར་གླེང་བ་ཐེངས་གསུམ་པ་ཡིན། དེ་ནི་སྤྱི་ལོ༢༠༠༧ལོའི་ལོ་མཇུག་ཏུ་བལ་ཡུལ་དུ་ཡོད་པའི་གཞིས་ཆགས་བུ་མོ་ཞིག་དབྱིན་ཇི་ཕོ་གསར་ཞིག་ལ་དགའ་རོགས་བསྒྲིགས་ཏེ་ལོ་གསུམ་ཙམ་སོང་རྗེས་བུ་མོ་དེའི་སེམས་པ་འགྱུར་ནས་བོད་པའི་ཕོ་གསར་ཞིག་དང་དགའ་རོགས་བསྒྲིགས་པ་རེད་ཟེར།

  
བསམ་ཚུལ། 0བཀླཌ་ཐེངས།: 157  

2010.01.24 14:10:35
འབའ་པ་སྐལ་བཟང་འཕྲིན་ལས།

འཁོར་བ་དུག་གི་རྒྱ་མཚོ་གྱེར་བཞིན་དུ།།
འཁོར་བའི་ཕུན་ཚོགས་སེམས་ཀྱི་གཏད་སོ་བྱས།།
ཁ་བཤད་ལག་ལེན་བྱེས་པའི་ཧྲག་བར་ན།།
གསེར་སྐུར་ཟངས་མདོག་དམར་པོ་དབང་མེད་ཤོར།།

  
བསམ་ཚུལ། 7བཀླཌ་ཐེངས།: 326  

2010.01.23 09:46:22
ཁྱུངཿསྨོན་ལམ།

༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༠ ནས་ཉིན་གཉིས་རིང་བཞུགས་སྒར་དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༠ པ་དེ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་དང་སྦྲགས་ཚོགས་གནང་ཡོད་པ་དང། སྐབས་དེར་ཚོགས་མི་གཅིག་གསར་ཕེབས་གནང་སྐོར་དང་ཚོགས་མི་རྙིང་པ་ཁག་ཅིག་ཕེབས་ཐུབ་མེད་ཚུལ་སོགས་བཙན་བྱོལ་བོད་གཞུང་གི་དྲ་ལམ་དུ་བཀོད་གནང་ཡོད་ཀྱང་ཚོགས་ཐོག་ཏུ་ཞིབ་ཕྲའི་གོ་བསྡུར་ཇི་གནང་དང་འབྲེལ་མོལ་སྐུ་ཚབ་རྒྱ་ནག་ཏུ་ཕེབས་འཆར་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་གང་ཡང་ད་ལྟ་ཕྱིར་བསྒྲགས་གནང་མེད་པ་རེད། http://www.tibet.net/tb/flash/2010/jan/0430110.html


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 4བཀླཌ་ཐེངས།: 317  

2010.01.22 13:56:22
འབའ་པ་སྐལ་བཟང་འཕྲིན་ལས།

མོ་པས་ཤོ་རྡོ་འཕེན་སྟངས་ཞིག་གིས་གྲོན་མེད་མིང་གཞི་གདོང་ངོས་ཕབ།
སྙིགས་རོ་དྲི་ངན་འཐུག་ས་ཞིག་ནས་དྲོད་འཇམ་གནས་མལ་ལག་ཏུ་སོན།།
གདོད་མའི་བ་ཚྭས་རྙོག་སྟངས་འདི་ཡིས་རི་བོ་ཡོད་ཚད་རྐང་འོག་ཚུད།།
གནམ་སའི་བར་ཐག་བློས་དཔོག་བྲལ་བས་ས་གཞིས་ནམ་མཁའི་ཚབ་བྱས་ཟེར།།


  བྱེས་འབྱོར་བོད་ཀྱི་རྩོམ་རིག
བསམ་ཚུལ། 0བཀླཌ་ཐེངས།: 214  

2010.01.22 06:58:48
ཁྱུངཿསྨོན་ལམ།

༡༩༥༩ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཞབས་སོར་འཁོད་མ་ཐག་སྔོན་ནས་དགོངས་བཞེད་ཡོད་པ་ལྟར་བོད་ཀྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་བཟང་པོ་རྣམས་གཞི་རྩར་བཟུང་གནང་སྟེ་དེང་དུས་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་རང་དབང་མང་གཙོའི་ལམ་སྲོལ་ཐོག་བསྒྱུར་བཅོས་གནང་རྒྱུར་ཐུགས་གཏན་འཁེལ་བ་བཞིན།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0བཀླཌ་ཐེངས།: 206  

2010.01.21 08:07:54
ཁྱུངཿསྨོན་ལམ།

རྒྱ་ནག་པེ་ཅིན་གཞུང་གིས་ཇི་ཙམ་ཁུངས་ལུང་མེད་ཅིང་དགོད་བྲོ་བའི་འཁྱོག་བཤད་དང་རྫུན་གཏམ་ག་ཚོད་ཡང་སྐོར་བསྐྱར་སྐོར་གྱིས་བཤད་ཀྱང༌། ད་ལྟའི་དངོས་ཡོད་གནས་སྟངས་དེ་བོད་མི་རྣམས་ཀྱིས་སྙིང་ཁུང་རུས་པའི་གཏིང་དུ་བརྐོས་ཡོད་པ་ནམ་ཡང་ནག་བསུབ་གཏང་ཐུབ་ཀྱི་མ་རེད།
www.tibettimes.net/upload/blogs/Bodzhung1.pdf
གོང་གསལ་ཁ་བྱང་ཐོག་གནན་ན་རྩོམ་ཡིག་ཆ་ཚང་མཐོང་ཐུབ།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 2བཀླཌ་ཐེངས།: 287  

2010.01.21 05:54:27
བེ་རི་འཇིགས་མེད་དབང་རྒྱལ།

ཁ་རྩང་རླུང་བུ་འཚུབ་མའི་ཕུད་ཕྱགས་ཀྱིས།།
གསེར་མདོག་ཉི་འོད་བར་སྣང་དབྱིངས་ནས་དེད།།
སྨུག་པས་རི་ཀླུང་བཀབ་པའི་ཁོར་ཡུག་འདིར།།
ཁ་བའི་འདབ་མང་འཕུར་བའི་ལམ་བུ་བཀག།
  
བསམ་ཚུལ། 2བཀླཌ་ཐེངས།: 297  

2010.01.21 02:16:31
འབའ་པ་སྐལ་བཟང་འཕྲིན་ལས།

གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ལ་རྗེས་དྲན་དུ་ཕུལ།
ངལ་བརྩོན་ཚོགས་ཀྱི་ཟུངས་ཁྲག་སྤྱད་དེ་རིན་ཆེན་གཞལ་མེད་ཁང་བརྩེགས་པའི།།
རྣམ་ཤེས་ཕྲེབ་བ་ཟས་སུ་རོལ་པའི་ལྷ་འདྲེའི་འཚོ་བ་ཁ་གྱེས་ཏེ།།
ཟང་ཟིང་དུག་ཆུའི་བརླན་གཤེར་བྲལ་བའི་རི་ཀླུང་སྟོང་གི་དབེན་གནས་སུ།།
བཤེས་གཉེན་དུ་མའི་རྐང་རྗེས་འཐུང་ཏེ་རྒྱལ་བའི་ཞིང་གི་བཙན་ས་ཟིན།།

  
བསམ་ཚུལ། 0བཀླཌ་ཐེངས།: 217  

2010.01.20 22:37:30
བེ་རི་འཇིགས་མེད་དབང་རྒྱལ།

ཉི་མའི་གོ་ལ་ནུབ་མཐའི་སྤྲིན་གསེབ་ཡིབས།།
ལས་གྲྭ་ཕལ་ཆེར་ལས་ཐག་གཅོད་ལ་ཉེ།།
ན་ལེནྡྲ་ནས་ས་འོག་མེ་འཁོར་རྒྱུད།།
བྷེལ་ཇམ་བོད་རིགས་ཚོགས་པའི་མཇལ་འཕྲད་བཅར།།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0བཀླཌ་ཐེངས།: 176  

2010.01.20 22:35:17
བེ་རི་འཇིགས་མེད་དབང་རྒྱལ།

མདང་གི་མཚན་མོར་ཧྥ་རན་སི་ནས་ཐོན།།
མེ་འཁོར་མྱུར་ཚོད་ནམ་མཁའི་གློག་ལྟར་འཁྱུགས།།
ཐུན་གསུམ་མཚན་མོར་མེ་འཁོར་འབབ་ཚུགས་ནས།།
མོ་ཊའི་ནང་དུ་ཡོན་ཏན་གླིང་ལ་འབྱོར།།
  
བསམ་ཚུལ། 0བཀླཌ་ཐེངས།: 181  

2010.01.20 10:46:56
འབའ་པ་སྐལ་བཟང་འཕྲིན་ལས།

མདོ་སྔགས་གཉིས་ཀྱི་གླེགས་བམ་བར་དུ་རིགས་ལམ་རལ་གྲིའི་སོ་ཁ་བརྡར།།
རྣམ་དག་གཞུང་གི་དཀའ་གནད་མ་ལུས་དྲི་མེད་རིགས་པས་བསྡར་ཤ་བཅད།།
གཏན་ལ་ཕབ་པའི་ཟབ་གནད་ཐམས་ཅད་ཉམས་ལེན་གནད་ཀྱི་སྙིང་པོར་སྒྲིལ།།
ཉམས་སུ་ལེན་པའི་དཀར་ངོགས་མཐའ་དག་སྐུ་གསུམ་འགྲུབ་པའི་ཆ་རྐྱེན་སྦྱར།།

  
བསམ་ཚུལ། 0བཀླཌ་ཐེངས།: 291  

2010.01.20 05:43:32
བེ་རི་འཇིགས་མེད་དབང་རྒྱལ།

ཞོགས་པའི་མཛད་རིམ་རྨི་ལམ་ཇི་བཞིན་བསྡུས།།
ཉིན་གུང་གསོལ་ཚིགས་ཟ་ཁང་ནང་དུ་ཟོས།།
ངལ་གསོ་མེད་པའི་མཛད་རིམ་དོགས་པོའི་སྣེར།།
རིག་པ་ཆོས་ཚོགས་ཁང་དུ་སླར་ཡང་བཅར།།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 2བཀླཌ་ཐེངས།: 249  

2010.01.20 05:39:17
བེ་རི་འཇིགས་མེད་དབང་རྒྱལ།

པ་རེ་སི་ཡི་གྲོང་ཁྱེར་ཧ་ཅང་ཆེ། །
ཁོམ་མེར་སེ་ཡི་མགྲོན་ཁང་ཤིན་ཏུ་མཐོ།
ཉིན་གསུམ་རིང་ལ་མཛད་རིམ་ཤིན་དུ་མང༌།
ལུས་སེམས་བྲེལ་བའི་ཨ་ཐང་ཧ་ཅང་ཆད།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0བཀླཌ་ཐེངས།: 161  

2010.01.20 05:37:15
བེ་རི་འཇིགས་མེད་དབང་རྒྱལ།

སྨུག་པའི་ཡོལ་བ་དལ་གྱིས་དལ་གྱིས་ཕྱེས།
སྤྲིན་པའི་་འོག་ནས་ཉི་འོད་ཅུང་ཟད་འཚེར།
གུང་ཚིགས་ལངས་ཟོས་བྱས་རྗེས་ཟ་ཁང་ནས།
པ་རེ་སི་ཡི་གྲོང་ཁྱེར་སླར་ཡང་གཤགས།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0བཀླཌ་ཐེངས།: 161  

2010.01.20 05:35:48
བེ་རི་འཇིགས་མེད་དབང་རྒྱལ།

ཞོགས་པའི་ཉིན་གཞོན་སྤྲིན་པའི་རུམ་དུ་བསྟིམས།
སྨུག་ཞགས་སྟུག་པོས་བར་སྣང་ཁད་ཀྱིས་གཡོགས།
མོ་ཊའི་འགྲོ་འདུག་རྩེན་པའི་འདུ་ལོངས་ཁྲོད།
རྒྱལ་མཚམས་མེད་པའི་གསར་འགོད་ཁང་སུ་སླེབས།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0བཀླཌ་ཐེངས།: 151  

2010.01.20 05:29:03
བེ་རི་འཇིགས་མེད་དབང་རྒྱལ།

གྲོང་ཁྱེར་སྲང་ལམ་རྐང་པའི་འགྲོས་ཀྱིས་གཤགས།།
སྲོད་དུས་གློག་སྒྲོན་མཆེད་པའི་འོད་སྣང་ཁྲོད།།
མི་ཚོགས་ཁྲི་མ་འབུམ་གྱི་ཁྲོམ་གསེབ་ནས།།
ལྕགས་ཀྱི་ཀ་བ་རིང་མོའི་ལྗིད་ཉམས་མཐོང༌།།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0བཀླཌ་ཐེངས།: 159  

2010.01.20 05:25:08
བེ་རི་འཇིགས་མེད་དབང་རྒྱལ།

གཟུགས་མེད་རྟོག་པའི་ཀློང་ནས་འཁྲུངས་པ་ཡི།
ནུབ་ཕྱོགས་ཨོ་རྒྱན་ཞིང་ཁམས་ལས་འགངས་པའི།
རྒྱལ་ས་པཱ་རི་སི་ཡི་དཀྱིལ་ཟུར་ན།
བརྒྱ་སྦྱིན་ལྷ་ཡི་ཁང་བཟང་འདྲ་བ་མཐོང༌།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0བཀླཌ་ཐེངས།: 163  

2010.01.20 05:23:44
བེ་རི་འཇིགས་མེད་དབང་རྒྱལ།

གཡུང་དྲུང་ལྷ་མི་དམུ་ཐག་མ་རྒྱུད་པར།
རིམ་པ་བཅུ་གསུམ་ལྷ་ཡུལ་མ་བརྒལ་བར།
སུམ་ཅུ་རྩ་གསུམ་ཞིང་དུ་སླེབས་པ་ཡི།
ཚོར་བའི་རླབས་རིས་འབར་བའི་ཞིང་ཁམས་འགྲིམས།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0བཀླཌ་ཐེངས།: 166  

2010.01.20 04:56:03
རྭ་རྒྱ་འཕྲིན་ལས།

གྲོགས་མོ་ཞིག་ལ་མཚར་གཏམ་གྱི་ཚུལ་དུ།
གལ་ཏེ་ཁྱེད་རང་ང་ལ་དགའ་ན་དཀྱུས་རིང་འདྲེན་བྱེད་ཟུར་གྱིས་ལྟོས།།
གངས་དཀར་སེམས་ཀྱི་དབང་རྩའི་སྦུབས་སུ་ཁོ་བོའི་གཟུགས་རིས་གཏེར་དུ་སྦས།།
གར་སོང་འགྲོ་བའི་ལམ་བར་རེ་ནས་དྲན་པའི་རི་མོ་གཟུགས་སུ་སྒོམ།།
ང་རང་ཁྱོད་ལ་ཐོབ་པར་འདོད་ན་བརྩེ་དུང་ཟབ་མོའི་བདེན་དབང་དགོས།།

  མཚར་གཏམ།
བསམ་ཚུལ། 1བཀླཌ་ཐེངས།: 223  

2010.01.20 04:36:41
ཁྱུངཿསྨོན་ལམ།

གངས་ཅན་མགོན་པོའི་གསང་གསུམ་མཛད་འཕྲིན་སྲིད་ཞིའི་ཁྱོན་དུ་བརྡལ་བའི་ཚེ། །
ཤར་ནུབ་མི་གཅིག་རྒྱལ་ཁམས་དུ་མས་ལེགས་གསོལ་གཟེངས་བསྟོད་ཆར་བཞིན་བསྙིལ། །
སྟོབས་ཆེན་ཨ་རིའི་ཡུལ་གྱི་ཆེ་མཐོང་རིན་ཆེན་དང་པོའི་ལེགས་སྐྱེས་ཕུལ། །
ཞི་བདེར་མོས་པའི་སྐྱེ་འགྲོ་ཡོངས་ནས་དགའ་སྤྲོའི་རྫོགས་ལྡན་དཔལ་ལ་རོལ། །


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1བཀླཌ་ཐེངས།: 204  

2010.01.20 02:21:18
གངས་ལྷ་མེ་ཏོག

ཁུ་སིམ་ལྷིང་འཇམ་གྱི་མཚན་མོ་ཞིག་ལ། དཀར་གསལ་ཟླ་བའི་འོད་སྣང་ས་གཞི་ཡོངས་ལ་ཁྱབ། སེམས་ཅན་མང་ཆེ་བ་ནི་སྐྱིད་ཉལ་ལ་རོལ་བཞིན་པ་དང་། ད་དུང་གཉིད་ལས་ཉལ་མེད་པའི་གངས་ཕྲུག་དག་གིས་རྫོགས་་མཐའ་མེད་པའི་སྙིང་གཏམ་གླེང་བཞིན་བཟོད་ཐབས་མེད་པའི་སེམས་ལ་ན་ཟུག་བཏང༌། ཁོང་ཚོས་བརྗོད་བཞིན་པ་ནི་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས། སྐད་ཡིག རིགས་གཞུང་། ད་ལྟའི་གནས་སྟངས་སོགས་རེད། དབུགས་རིང་དང་མཉམ་དུ་སྒེར་ཁུང་གི་ཕྱི་རོལ་རྒྱང་ལྟ་བྱས། ད་དུང་ཧི་མ་ལ་ཡའི་རི་རྒྱབ་ལ་གནས་པའི་ཕ་མ་དང་སྤུན་མཆེད་ཡིད་ལ་འཁོར་བཞིན་ས་མཐའ་ལ་ཅི་བྱ་མེད་པའི་དྲན་གདུང་དེ་མཁའ་དབྱིངས་ཀྱི་ཟླ་བ་ལས་སུས་རྟོགས་སམ།།
  
བསམ་ཚུལ། 0བཀླཌ་ཐེངས།: 224  

2010.01.19 14:19:52
འབའ་པ་སྐལ་བཟང་འཕྲིན་ལས།

ངས་བླ་རིའི་རྩེ་རུ་ལྷ་བསང་མ་བཏང་ལ ལྷ་ཚོགས་དགྱེས་པའི་རླུང་རྟ་ཡང་མ་གཏོར ད་དུང ཆོ་འཕྲུལ་ཅན་གྱི་ངོ་གདོང་ཁྲ་བོ་རྣམས་ལ རྨ་བྱའི་སྒྲོ་གུར་མ་ཕུབ་པས གློ་བུར་དུ་སྨུག་སྤྲིན་གསེབ་ནས་དུག་རླངས་ཤིག་འཕྱུར་ཏེ ང་ཡི་ངོ་གདོང་ཧྲིལ་པོར་ནག་རྐྱང་དུ་བཟོས ངས་ནམ་ཡང་ངོ་འབག་མ་གྱོན་པས རྨི་ལམ་གྱི་ལྷ་མོ་ཡོད་སའི་རྐང་ལམ་རྒྱུད་སྐབས ས་འོག་ནས་བརྐྱངས་པའི་ལག་པ་མང་པོས ང་ཡི་རྐང་པ་བཟུང་ནས་ཐར་པ་མ་བཏང་ མ་ཐར་བའི་ཉམ་ཆུང་ང་ནི གཟེབ་ཏུ་ཚུད་པའི་ནེ་ཙོ་བཞིན འདབ་ཆགས་ལྡིང་མི་ཐུབ་མཁན་ཞིག་ཏུ་འགྱུར མཐའ་འཇུག་གི་རྒྱལ་གླུའི་སར ཕམ་ཁ་ཡིས་མནན་པའི་ང་ཡི་ཚུགས་ཀ་ལ རླུང་གི་རྒྱུ་ཕྱོགས་ལ་དབང་བའི་ངོ་གདོང་རྣམས འཛུམ་དམུལ་དམུལ སྐྱོ་ལྷང་ལྷང་ འདི་གཉིས་ཀྱིས་ང་ལ་ཚོར་སྣང་རེ་རེ འཚོ་སྣང་འདི་གཉིས་བར་གྱི་ཁོ་བོ་ནི གསེར་ཟངས་ཀྱི་་སྟོན་པ་བཞིན་ རང་ཉིད་ཀྱི་འདྲ་གཟུགས་ཙམ་དུ་འགྱུར ༢༠༠༧ ༨ ༢༧ ཉིན་བྲིས། ལྷོ་ཕྱོགས་ཕོ་ཉ་ཐོག་བཀོད།
  
བསམ་ཚུལ། 0བཀླཌ་ཐེངས།: 175  

2010.01.19 06:21:53
དར་མདོ་ཕོ་ཉ།

ཉེ་དུས་དྷ་རམ་ས་ལའི་ཁོར་ཡུག་ཏུ་བཙན་གཡེམ་དང་ཇག་པ། རྐུན་མ་ཤོར་བའི་གནས་ཚུལ་ནི་ཧ་ཅང་མང་པོ་ཞིག་ཐོས་རྒྱུ་འདུག མང་གཙོ་དུས་ཆེན་ནས་ཉེ་དུས་བར་གངས་སྐྱིད་ཉེ་འཁོར་གྱི་ལས་ཤག་ནས་ཅ་ལག་མང་པོ་ཞིག་རྐུན་མར་ཤོར་བ་དང༌། དེ་རྗེས་བུད་མེད་ཚོགས་པའི་ཚོགས་གཙོ་དང་ཁོང་གི་རླངས་འཁོར་གཏོང་མཁན་གྱི་ཁང་པའི་སྒོ་ལྕགས་གཏོར་ནས་རྐུན་མ་འཛུལ་ཡོད་པའི་གནས་ཚུལ་བྱུང་ཡོད། ད་དུང་དེ་དང་དེ་འདྲ་བའི་གནས་ཚུལ་མེག་ལོ་དང་གངས་སྐྱིད་ཉེ་འཁོར་དུ་བྱུང་དང་འབྱུང་བཞིན་ཡོད་པ་རེད།


  
བསམ་ཚུལ། 9བཀླཌ་ཐེངས།: 197  

2010.01.18 02:43:15
དར་མདོ་ཕོ་ཉ།

(Charter for a free press)

༡༽ གསར་འགོད་རང་དབང་ཞེས་པ་ནི་མི་མང་ལ་རང་དབང་ལྡན་པ་ཞིག་གོ་བ་དང༌། དེའི་ཆེད་དུ་གཤམ་གསལ་གནད་དོན་གཙོ་བོ་ཁག་ངེས་པར་དུ་ཚང་དགོས་པ་ཡིན། གསར་འགྱུར་དང་གནས་ཚུལ་རིགས་བྱུང་བ་རྣམས་རྒྱལ་ཁབ་ཕྱི་ནང་དབར་མཐའ་མཚམས་མེད་པར་མཁོ་འདོན་བྱེད་པར་གཏན་ནས་བཀག་འདོམས་མེད་པ་དང༌།

  གསར་འགོད་རང་དབང༌།
བསམ་ཚུལ། 3བཀླཌ་ཐེངས།: 180  

2010.01.18 02:36:55
དར་མདོ་ཕོ་ཉ།

དེ་ཡང་གནའ་བོ་ནས་ད་བར་གསར་འགོད་པ་ཚོས་གསར་འགོད་རང་དབང་ (Press Freedom)གི་དོན་དུ་དཀའ་ངལ་དུ་མར་གདོང་ལེན་ཁྲོད་བཙོན་འཇུག་དང་རྡུང་རྡེག་འདྲ་མིན་མྱངས་པའི་ལོ་རྒྱུས་སྣ་ཚོགས་ཤིག་ཡོད་ནའང༌། ད་ལྟ་བརྒྱུད་ལམ་ཁག་ཡར་རྒྱས་ཀྱི་རྣམ་པ་འབུར་དུ་ཐོན་ཏེ་དོན་དངོས་ཀྱི་ཉམས་ཞིབ་དང༌།


  གཏམ་བརྗོད་རང་དབང་།
བསམ་ཚུལ། 1བཀླཌ་ཐེངས།: 201  

2010.01.18 01:57:11
བེ་རི་འཇིགས་མེད་དབང་རྒྱལ།

གསེར་གྱི་རྟགས་མའི་གཟེངས་རྟགས་ལ་ཕུལ་བའི་འཚམས་འཕྲིན།
ཞི་བདེའི་ལོ་མ་སྟོན་མཇུག་རླུང་གིས་བདས།།
བས་མཐའི་ལྷིངས་འཇགས་ཇག་ཚོགས་ངུས་པས་བཀྲོགས།།
རི་ཀླུང་མཛེས་སྡུག་འཕྲུལ་ཆས་རྔམས་ཀྱིས་བཅོམ།།
མཚོ་བཞི་གླིང་ལྔ་དུར་སར་འགྱུར་ཉེ་སྐབས།།


  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 1བཀླཌ་ཐེངས།: 172  

2010.01.18 01:09:51
བེ་རི་འཇིགས་མེད་དབང་རྒྱལ།

སྤྱིར་བཏང་ནི་མི་ཟེར་བ་འདིས་ཁ་ཁོམ་སོང་ན་ག་རེ་ཡིན་ཡང་བཤད་ཀྱི་ཡོད་ངེས་རེད་ལ། བཀག་རྒྱ་དང་སྐྲག་སྣང་མེད་ས་ནས་དེ་བས་ཀྱང་མི་འདི་དག་གི་ཁ་ལ་རང་ཚོད་ཅིག་མེད་པ་ལྟར་ང་རང་གིས་ཀྱང་རང་གི་གང་བསམ་དང་རང་ཉིད་བོད་པ་ཞིག་ཡིན་པ་དང་བོད་སེམས་ཤིག་ཡོད་པ། བོད་ལུས་ཤིག་ལངས་ཡོད་པ་བོད་ཞེན་ཞིག་ཡོད་པ་འདི་དག་ལ་བརྟེན་ནས་ངས་ཀྱང་རང་གི་སྐད་ཡིག་གི་ཤེས་ཚད་སྐྱོ་བོ་ཡིན་མིན་ལ་མ་བལྟས་པར་རང་ཉིད་ཤི་མ་ཐུབ་པའི་སྔ་རོལ་བོད་ལ་བཅིངས་བས་སྐད་ཆ།


  
བསམ་ཚུལ། 0བཀླཌ་ཐེངས།: 157  

2010.01.18 01:03:26
བེ་རི་འཇིགས་མེད་དབང་རྒྱལ།

ང་ལ་རེ་བ་ཞིག་ཡོད། དེ་ནི་བོད་ཟེར་བ་ནི་གཅིག་ལས་གཉིས་མེད་པ་དེ་ཤེས་དགོས། དེ་ནི་ང་དང་བཅས་པས་བོད་པ་ཡོངས་ཀྱི་འགན་ཞིག་ཡིན་པ་ལས་མི་རེ་ཟུང་གི་འགན་ཞིག་ གཏན་ནས་ཆགས་མེད་སྟབས། ཆོལ་ཁ་ཟེར་བ་དེ་ནི་བོད་པས་མིང་ཚིགས་མ་རེད། དེ་དང་དེའི་མཚོན་པས་བོད་ཀྱི་སྐད་ཡིག་ནང་དུ་གཞན་གྱི་སྐད་ཡིག་བཙན་འཛུལ་ཟིན་པ་དེ་དག་ཕྱིར་འཕུད་དང་གསར་དུ་སླེབས་སྲིད་པ་དག་ལ་སྔོན་འགོག་བྱེད་དགོས་ཀྱི་ཡོད།
  
བསམ་ཚུལ། 0བཀླཌ་ཐེངས།: 140  

2010.01.18 00:58:34
བེ་རི་འཇིགས་མེད་དབང་རྒྱལ།

སྤྱིར་ན་རྩོམ་ཡིག་གི་བཟང་ངན་ཟེར་ནས་གླེང་མཁན་དག་གིས་ཀྱང་རྩོམ་ཡིག་ལ་རྒྱུས་མངའ་མེད་ཁོ་ཐག་རེད། གལ་ཏེ་རྩོམ་ཡིག་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན། རྩོམ་ཡིག་ནི་རང་འགར་གྱི་དམའ་འབེབས་བྱེད་ས་ཞིག་ཆགས་མེད་པ་རེད། ལྷག་པར་དུ་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་སུ་ཞིག་གིས་རྩོམ་ཡིག་གང་ཞིག་སྤེལ་ཀྱང་ཕྱོགས་རིས་དང་ཕྲག་དོག་འགྲན་སེམས་མེད་པའི་སྒོ་ནས་བརྩམ་ཆོས་དེ་དག་གི་རིགས་གང་ཡིན་ཡང་དྲ་ཚིགས་གང་སར་བཀྲམ་ཐུབ་ན་ཡག་པོ་འདུག

  
བསམ་ཚུལ། 0བཀླཌ་ཐེངས།: 166  

2010.01.18 00:52:00
བེ་རི་འཇིགས་མེད་དབང་རྒྱལ།

གཞིས་སུ་བསྟན་སྲིད་ཉམས་རྒུད་སོང་བ་དང་སྟབས་བསྟུན་བཙན་བྱོལ་སྤྱི་ཚོགས་ནང་ྋགོང་ས་སྐྱབས་མགོན་ཆེན་པོས་སྔ་ཕྱི་བཀའ་ནན་གཞིར་བཟུང་གིས་ནང་ཆོས་རིག་པའི་ལྗགས་རྩོམ་གནང་མཁན་ཡང་མི་ཉུང་བ་ཞིག་བྱུང་འདུག་པའི་ནང་ནས། ཧ་ལམ་ཐོག་དང་པོ་ནི་ྋགོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་༼ལེགས་བཤད་བློ་གསར་མིག་འབྱེད༽ཞེས་བསླབ་པ་གསུམ་གྱི་སྐོར་ལས་རྩོམ་པའི་ལེགས་བཤད་ད་ལྟའི་ཆར་གཞི་རིམ་སློབ་གྲྭ་ཁག་གི་སློབ་དེབ་ཏུ་བདམས་པ་དེ་ཉིད་ཡིན་རྒྱུ་རེད་སྙམ།


  
བསམ་ཚུལ། 0བཀླཌ་ཐེངས།: 155  

2010.01.18 00:43:31
བེ་རི་འཇིགས་མེད་དབང་རྒྱལ།

བཙན་བྱོལ་སྤྱི་ཚོགས་འདིར་ལོ་རྒྱུས་རིག་པའི་དེབ་ཐེར་གྱི་དཔེ་དེབ་དང་པོ་རྩོམ་སྒྲིག་པར་བསྐྲུན་འགྲེམ་སྤེལ་བྱས་པ་དེ་ནི། བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་བྱས་པ་ཅན་གྱི་མི་ངོ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ཉིད་ཡིན་ཞིང༌། ཁོང་གིས་ལྗགས་རྩོམ་གནང་བའི་༼བོད་ཀྱི་སྲིད་དོན་རྒྱལ་རབས་༽ནི། ས་ཕག་དུས་འགྱུར་མ་བྱུང་སྔོན་ནས་འབྱུང་འགྱུར་ཚོད་དཔག་གིས་འཕགས་ཡུལ་ཀ་སྦུག་ ཏུ་བཞུགས་ཏེ། ཕྱོགས་གཅིག་ནས་ཨ་རིའི་གསང་བའི་ལས་ཁུངས་དང་སྲིད་ཀྱི་འབྲེལ་བ་གནང༌།


  
བསམ་ཚུལ། 0བཀླཌ་ཐེངས།: 180  

2010.01.18 00:35:04
བེ་རི་འཇིགས་མེད་དབང་རྒྱལ།

ས་ཕག་དུས་འགྱུར་བྱུང་བ་དང་ྋགོང་ས་མཆོག་གིས་བཀའ་ནན་ཕེབས་པ་དང་བརྒྱུད་ནས་འབྲེལ་ཏེ། ཡུལ་གྱར་དུ་སླེབས་པའི་བོད་ཀྱི་མཁས་གྲུབ་བླ་སྤྲུལ་དུ་མས་བོད་ཀྱི་ནང་ཆོས་རིག་པའི་བྱུང་བ་བརྗོད་པ་སྤྱི་དང༌། ཆོས་ལུགས་རང་ཁོངས་ཀྱི་བྱུང་བ་བརྗོད་པའི་རྩོམ་ཡིག་སྣ་མང་སྤེལ་བའི་ནང་ནས། ཆེས་ཐོག་མ་ནི་སྔ་འགྱུར་རྙིང་མ་པའི་བསྟན་པའི་སྲོལ་འཛིན་ཆེན་པོ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད་པའི༼སྔ་འགྱུར་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲའམ་ཡོངས་གྲགས་སུ་བདུད་འཇོམས་ཆོས་འབྱུང་༽དུ་གྲགས་པ་དེ་ཡིན་སྲིད་སྙམ།

  
བསམ་ཚུལ། 0བཀླཌ་ཐེངས།: 200  

2010.01.18 00:19:50
བེ་རི་འཇིགས་མེད་དབང་རྒྱལ།

ས་ཕག་དུས་འགྱུར་བྱུང་ནས་མི་རིང་བར་རྒྱ་གར་དུ་སྐྱབས་བཅོལ་སླེབས་པའི་རྒྱུད་རིམ་ཁྲོད། གསུམ་ཅུའི་དུས་དྲན་ནམ་བོད་རང་དབང་སྒེར་ལངས་ཀྱི་དུས་དྲན་དང་པོ་དེ། སྤྱི་ལོ་ ༡༩༦༠ ཟླ ༣ ཚེས ༡༠ ཉིན་རྒྱ་གར་ཌལ་ཧོར་དུ་གནང་འདུག་པ་དེའི་ཐོག་ྋགོང་ས་མཆོག་གི་ཡོངས་ཁྱབ་གསུང་བཤད་བཀའ་སློབ་ཅིག་གནང་འདུག་པ་དེ་ཉིད་བྱེས་འབྱོར་ཁྲོད་ཆབ་སྲིད་དང་འབྲེལ་བའི་རྩོམ་རིག་དཔེ་འགྲེམ་གནང་བ་ཐེངས་དང་པོ་དེ་ཡིན་རྒྱུ་རེད།


  
བསམ་ཚུལ། 0བཀླཌ་ཐེངས།: 148  

2010.01.18 00:12:52
བེ་རི་འཇིགས་མེད་དབང་རྒྱལ།

སྤྱི་ལོ་༡༩༦༤ཡན་མན་ནས་རྡོར་གླིང་ཆུ་བཞི་སྒང་དྲུག་གི་ལས་ཁུངས་དང་ཨ་རིའི་གསང་བའི་ལས་ཁུངས་དང་འབྲེལ་བ་བྱས་ནས་༼ཆུ་ཨ་གསར་འགྱུར་༽ཞེས་པའི་གསར་ཤོག་འདོན་ཐེངས་ཁ་ཤས་བཏོན་འདུག་པ་དེ་ནི་བཙན་བྱོལ་ནང་བོད་པ་རང་གིས་བཏོན་པའི་གསར་ཤོག་དང་པོ་དེ་རེད། དེ་རྗེས་གསར་ཤོག་དེ་ཉིད་དགག་དགོས་ལ་བརྟེན་ནས་༼བོད་མིའི་རང་དབང་༽ཞེས་པར་མིང་ བསྒྱུར་གྱིས་འདོན་སྤེལ་གནང་འདུག
  
བསམ་ཚུལ། 0བཀླཌ་ཐེངས།: 136  

2010.01.17 23:43:28
བེ་རི་འཇིགས་མེད་དབང་རྒྱལ།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༡༡ཉིན་སྤེལ། འཇུ་སྐལ་བཟང་གི་ལྷུག་རྩོམ་《སྦྲ་ནག་གི་གྱེས་འབོད་》བཀླགས་པའི་མྱོང་ཚོར་ཐོར་བུ། འཛམ་གླིང་དཔལ་འབྱོར་གཅིག་གྱུར་ཅན་དུ་འགྱུར་བའི་གོམ་སྟབས་ཉིན་རེ་བཞིན་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། ང་ཚོའི་མིག་སྔར་གནད་དོན་མང་བོ་ཞིག་ཀྱང་ལྷགས་ཡོང་ལ།
  
བསམ་ཚུལ། 0བཀླཌ་ཐེངས།: 134  

2010.01.16 13:37:18
འབའ་པ་སྐལ་བཟང་འཕྲིན་ལས།

དྭངགས་གཙང་ཆུ་ཤེལ་དཀར་པོའི་ཚང་མལ་དུ།
ལྕི་བའི་གླུ་སྒྲས་ཏིང་འཛིན་མལ་ལས་དཀྲོགས།།
མདུད་ནག་དགུ་བརྩེགས་ཐེབས་པའི་རྨི་ལམ་གྱིས།།
ཐལ་སྐྱས་མཐར་ཤན་རྒྱན་པའི་མདོ་རོང་དུ།།
མུན་པའི་རྒོལ་ཚོགས་འཇོམས་པའི་འགན་འཁྲི་སྤྲོད།།


  
བསམ་ཚུལ། 0བཀླཌ་ཐེངས།: 131  

2010.01.16 13:32:56
འབའ་པ་སྐལ་བཟང་འཕྲིན་ལས།

བལ་དཀར་ལྟ་བུའི་བརྩེ་གླུའི་སྒུལ་ཤུགས་ཤིག་གིས
དགའ་རོགས་ཀྱི་བྲང་ཤ་ལྟ་བུའི་འཕྲང་ལམ་ནས
ཆེས་དབེན་ཐང་ཐང་གི་བྱེ་ཐང་བདག་པོར་བཀོད  
གནས་འདི་ན་་་་་ངས་རྨི་ལམ་མང་པོ་རྨིས་ཀྱང་
མེ་ལོང་གི་མདུན་ན་ངས་ང་རང་ཐེངས་གཅིག་བཀླགས་དུས
ཨ་མའི་འོ་དྲི་ད་དུང་ང་ཡི་དཔྲལ་བར་འཕྱུར


  
བསམ་ཚུལ། 0བཀླཌ་ཐེངས།: 171  

2010.01.16 13:26:24
འབའ་པ་སྐལ་བཟང་འཕྲིན་ལས།

མི་ལོ་བཅུ་ཡི་ཡར་སྔོན་ཏེ་སྤྱི་ལོ་༡༩༩༩ལོར་རྒྱ་གར་ནས་གཉེན་འཕྲད་དུ་ཕེབས་པའི་དགེ་བཤེས་ཤིག་ལ་ང་ཡི་ཕ་མ་གཉིས་ཀྱིས་ཞུ་བ་ཡང་ཡང་འཐེན་པ་ལྟར་་ལོ་བཅོ་ལྔར་སོན་མ་ཐག་པའི་བུ་ཕྲུག་དེ་རིག་པ་སློབ་པའི་ཕྱིར་དུ་ཁོང་གིས་རྒྱ་གར་དུ་ཁྲིད་འཐུས་པའི་ཁས་ལེན་བྱས།གངས་དང་འཁྱགས་པ་ད་དུང་མཐའ་སྲུང་དམག་གི་འཇིགས་རྔམས་ཀྱི་ཁྲོད་དུ་རང་ཉིད་མི་འཁྱོག་པའི་དཀའ་སྡུག་གི་ཁུར་བུ་ཕྲག་སྟེང་དུ་འཁུར་ཏེ་རྒྱལ་ཁམས་པའི་ལེའུ་ཡི་འགོ་བརྗོད་འབྲི་འགོ་རྩོམ།


  
བསམ་ཚུལ། 0བཀླཌ་ཐེངས།: 123  

2010.01.16 04:14:24
གངས་ལྷ་མེ་ཏོག

ཉིན་ཤས་སྔོན་ལ་༧གོང་ས་མཆོག་གིས་དམིགས་བསལ་བོད་ནང་ནས་ཕེབས་པའི་བོད་མི་ཁག་ཅིག་ལ་དོན་སྙིང་ལྡན་པའི་བཀའ་སློབ་ཞིག་གནང་ཡོད་པའི་ནང་གཞིས་ལུས་བོད་མི་རྣམས་ནི་བོད་ཀྱི་གཞི་རྩ་ཡིན་པ་དང༌། རྒྱ་མིས་དྲག་གནོད་ག་ཚོད་བྱས་ཀྱང་ཁྱེད་ཚོའི་སེམས་ཤུགས་མ་ཉམས་པ་བོད་ཆོལ་ཁ་གསུམ་མཐུན་སྒྲིལ་ངང་གནས་ཡོད་པ་དངོས་གནས་ཡག་པོ་ཞེ་དྲག་རེད། མ་འོངས་པའང་དེ་ནང་བཞིན་བསྡད་དགོས་པ་གལ་གནས་ཆེ་ཞེས་གསུངས་ཡོད་པ་རེད།
  ང་ཚོ་མཉམ་འཛོམས།
བསམ་ཚུལ། 0བཀླཌ་ཐེངས།: 117  

2010.01.15 02:16:05
རྭ་རྒྱ་འཕྲིན་ལས།

animailདུད་འགྲོའི་རང་དབང་ཚོགས་ཆུང་གི་འགྲན་རྩོམ་ཐོག་སྤེལ། དེང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཐོབ་ཐང་དང་རང་དབང་གི་འགྲན་རྩོད་བསྟུད་མར་བྱེད་ཅིང་ཚན་རིག་དང་མཐུན་པའི་མིའི་བསམ་བློའི་ཤེས་རིག་གོང་འཕེལ་དུ་འགྲོ་དང་འགྲོ་བཞིན་པའི་སྐབས་འདིར་ཡང་དུད་འགྲོའི་རང་དབང་ཚོགས་ཆུང་ཟེར་བ་ཞིག་གིས་བརྙན་འཁོར་དང་བརྙན་དེབ་གང་རུང་བརྒྱུད་འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཉེས་མེད་དུད་འགྲོ་ཚོའི་ཚབ་བྱས་ཏེ་ཚེ་སྲོག་གི་རང་དབང་དགོས་ཚུལ་དང༌།

  མཐུན་མོང་གི་འཇིག་རྟེན།
བསམ་ཚུལ། 0བཀླཌ་ཐེངས།: 250  

2010.01.14 01:04:20
འབའ་པ་སྐལ་བཟང་འཕྲིན་ལས།

འོད་ཟེར་གྱིས་བརྩམས། འབའ་པ་སྐལ་བཟང་འཕྲིནལས་ཀྱིས་བསྒྱུར།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གཙོ་སྐྱོང་བ་ལྕམ་བེ་མིང་གིས་ཉེ་ཆར་ང་འབོད་འགུག་གིས་་ཆེད་དུ་བཅར་འདྲི་འགའ་བྱས་བྱུང་། འབུར་དུ་ཐོན་པའི་དྲིབ་ཞིག་བཏང་པ་དེ་ནི་ཏྰ་ལའི་བླ་མ་བོད་མིའི་སེམས་སུ་གང་འདྲ་ཡོད་པ་ཡིན་ནམ། དེའི་ཟབ་ཚད་གང་འདྲ་ཡིན་ནམ་ཟེར་བ་དག་རེད། དེ་ནས་ངས་གཏམ་རྒྱུད་ཅིག་བཤད་པ་ཡིན།


  འགྱུར་མ།
བསམ་ཚུལ། 0བཀླཌ་ཐེངས།: 171  

2010.01.13 23:26:47
སངས་རྡོ།

ལག་སྟོང་གཞན་ལ་རེ་བའི་ཡིད་མུག་ཁྲོད།
འདོད་ཆུང་མཆོག་ཤེས་སྒོམ་པའི་ཐབས་ལ་རེ། །
ཡུལ་གྱར་མིང་ཆད་ཕོག་པའི་ཕན་ཆད་ནས།
མགོ་བོ་གྱེན་དུ་འདེགས་པའི་སྐལ་བ་ཕྲ། །


  འཁྱམས་པོའི་མི་ཚེ།
བསམ་ཚུལ། 0བཀླཌ་ཐེངས།: 183  

2010.01.13 22:59:14
རྭ་རྒྱ་འཕྲིན་ལས།

ཀྱེ་ཀྱེ་མཛའ་སེམས་གཅིག་ཏུ་འདྲིས་བ་ཡིད་འོང་མཛེས་བའི་ན་ཆུང་མ།།
སྙིང་གཏམ་ལྷུགས་པོར་བརྗོད་རྒྱུ་མེད་ཀྱང་གྱེས་ཁའི་དྲན་བྱང་ཐོར་བུ་འཇོག།
ཁ་ངོ་ཡག་པའི་མཛེས་མ་མིན་ཡང་སེམས་པ་དགའ་སའི་བུ་མོ་རེད།།
བརྩེ་དུང་འཛོམས་པའི་དགའ་རོགས་མིན་ཡང་གཏམ་དང་སྐད་ཆ་བཤད་ན་འདོད།།


  མཛེས་བ་མཐར་ཐུག
བསམ་ཚུལ། 0བཀླཌ་ཐེངས།: 175  

2010.01.13 03:42:44
རྭ་རྒྱ་འཕྲིན་ལས།

ངས་ཐོག་མར་དེང་རབས་ཀྱི་ལྟ་བ་གསར་བ་དང་བསམ་བློ་གསར་འཚོལ་མཁན་ཚོར། དྲི་བ་འདི་ཐོག་མར་འདོན་རྒྱུ་ཡིན། ང་ཚོས་ཅི་ཞིག་ལ་བསམ་བློ་གསར་བ་དང་ལྟ་བ་གསར་པ་ཟེར། མིས་བཤད་སྟངས་ཤིག་ལས་དུས་རབས་གསར་པའི་ཁ་ཕྱོགས་དང་མཐུན་པའི་བསམ་བློ་ལ། བསམ་བློ་གསར་བ་དང་མི་ཚེ་སྐྱེལ་སྟངས་ཤིག་ལ་ལྟ་བ་གསར་པ་ཟེར་གྱི་ཡོད་པ་འདྲ། འོན་ཀྱང་དེ་ཡང་མིས་བཤད་སྟངས་ཤིག་ཡིན་པ་ལས་གཏན་ཚིགས་ཀྱིས་ཐག་བཅད་པ་མ་རེད།


  
བསམ་ཚུལ། 0བཀླཌ་ཐེངས།: 143  

2010.01.12 04:16:26
ཨ་སྤེན།

small_333333_394pxབོད་ནང་དུ་བཞུགས་པའི་བོད་མི་ཚོ་དང་།  ཕྱོགས་མཐའ་ཁག་གི་བོད་མི་ཚོས་གནས་མཆོག་དྷ་རམ་ས་ལ་ནི་༧གོང་ས་མཆོག་གི་བཞུགས་གནས་ཡིན་པ་མ་ཟད། མང་གཙོ་ཀ་བ་གསུམ་གྱིས་གཙོས་བཙན་བྱོལ་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་ལྟེ་གནས་ཡིན་པས་བོད་ཀྱི་རྒྱལ་ས་གཉིས་པ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ་དོན་དངོས་ཀྱང་དེ་ལྟར་རེད།


  རྒྱལ་དར་ལ་མཐོང་ཆུང་།
བསམ་ཚུལ། 4བཀླཌ་ཐེངས།: 310  

2010.01.12 00:24:06
སངས་རྡོ།

མཐོན་པོ་རི་བོ་གཉིས་ཀྱི་ཧྲག་བར་ན། །
ཆུ་ཆུང་འུར་སྒྲ་ཅན་ཞིག་གཡོན་ནས་རྒྱུག །
སྔོ་ལྗང་ལྕང་མས་རྒྱན་པའི་ཡུལ་གྲུ་ན། །
ས་མཐར་འཁྱམས་པའི་བུ་ཡིས་ཕ་ཡུལ་དྲན། །


  ངའི་ཕ་ཡུལ།
བསམ་ཚུལ། 1བཀླཌ་ཐེངས།: 198  

2010.01.12 00:00:16
རྭ་རྒྱ་འཕྲིན་ལས།

སྟོད་ཕྱོགས་གངས་རི་དཀར་བོའི་རྩེ་མོ་ནས།།
ཚ་ཟེར་བྱེ་བའི་འོད་ཐིགས་སྙིང་ལ་ཟུག།
མཚན་མོའི་རྒྱ་མཚོ་སྐྱོམས་པའི་རླབས་རྩེ་ནས།།
གཏན་ཏུ་འདྲིས་བའི་གོང་མོ་ལྷོ་རུ་འཕུར།། 


  
བསམ་ཚུལ། 0བཀླཌ་ཐེངས།: 125  

2010.01.11 10:09:30
འབའ་པ་སྐལ་བཟང་འཕྲིན་ལས།

དེ་རིང་ཉི་དགུང་ང་དང་ང་ཡི་གྲོགས་པོ་གཉིས་བོད་མིའི་སྡོད་སྒར་ཏེ་གཞིས་གྲོང་ཞིག་ཏུ་འཆམ་འཆམ་ལ་ཕྱིན།ད་ལྟའི་དུས་ཚོད་འདིར་ཤེས་ཡོན་ཅན་དང་འཇོན་ཐང་ཅན་ཚོས་འཕྲལ་དང་ཕུགས་ཀྱི་དཔལ་ཡོན་འཚོལ་སླད་ཕྱི་ཡུལ་དུ་གྱར་ཟིན། ཤུལ་དུ་ལུས་པ་ནི་ལུས་ཟུངས་མཁར་བ་བར་བཀལ་བའི་རྒན་རྒོན་ཚོ་ཁག་དང་།བྱིས་པ་ད་དུང་ཚོང་ཁང་ཟ་ཁང་གཉེར་མཁན་རེ་གཉིས་རེད།


  
བསམ་ཚུལ། 1བཀླཌ་ཐེངས།: 169  

2010.01.06 01:50:19
འབའ་པ་སྐལ་བཟང་འཕྲིན་ལས།

ཀྲུའུ་རེམ་གྱིས་བརྩམས། འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས་བསྒྱུར།
         
ང་ཡི་སྙན་ཞུ་དེ་ཁོ་པའི་བློ་ལ་མི་འཐད་པ་ཡིན་ནམ། ཕལ་ཆེར་ཆབ་སྲིད་ཀྱི་དཀའ་ངལ་ཕྲད་པར་དགོངས་པ་ཡིན་ནམ། ང་ཡི་སེམས་སུ་དྲི་རྟགས་སྣ་ཚོགས་འཆར་བཞིན་པའི་སྐབས་སུ་ཁོང་གིས་གཞི་ནས་ངས་འཐབ་ཕྱོགས་གཅིག་འགྱུར་ཁང་ལ་སྤྲོད་ཐབས་བྱ་རྒྱུ་ཡིན་ཟེར་བྱུང་། དེ་ནས་བཟུང་ངའི་སྙན་ཞུའི་སྐོར་སྐད་ཆ་ཙམ་ཡང་གོ་རྒྱུ་མེད་པར་ལུས། དུས་དེར་ང་རང་ཡང་སྙན་ཞུའི་ནང་དོན་བརྗེད་གྲབས་ཀྱང་བྱེད་འོང་གི་འདུག


  
བསམ་ཚུལ། 1བཀླཌ་ཐེངས།: 352  

2010.01.04 07:44:32
འབའ་པ་སྐལ་བཟང་འཕྲིན་ལས།

ཀྲུའུ་རེམ་གྱིས་བརྩམས། འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས་བསྒྱུར། ངས་དེབ་རྒྱབ་ཤ་དཀར་པོ་བཀླགས་རྗེས་སྐབས་ཤིག་སྐད་ཆའང་ཤོད་རྒྱུར་མེད་པར་གྱུར། ཚིག་རིས་ཀྱི་དྲ་བའི་གསེབ་ནས་ཚད་བརྒལ་གྱི་བསྙད་འདོགས་རྣམས་འཕུར་ངོམས་བྱུང་བས།སླར་ཡང་ཁོ་བོ་བསམ་གཞིགས་ཀྱི་ཀློང་དུ་ཚུད། དེའི་ཚེར། ངས་རང་ཉིད་ཀྱི་ཆེས་དགའ་མོས་བྱ་སའི་དཔེ་དེབ་བཙན་བྱོལ་ནང་གི་རང་དབང་བཀླགས་པ་དེ་དྲན་བྱུང་།


  བསྒྱུར་རྩོམ།
བསམ་ཚུལ། 2བཀླཌ་ཐེངས།: 300  

2010.01.03 14:57:16
དགེ་རྙིང་ས་བོན།

དང་མ་སྲིད་པ་ཆགས་དུས་ན། རྡོ་མྱེ་རྡོ་ཙམ་ཞིག་མེད་ས་ནས། ཇག་པའི་བ་རྡོ་ཅི་ཡིས་བྱེད། དང་མ་སྲིད་པ་ཆགས་དུས་ན། ཤིང་ལྕག་ཡུ་ཙམ་ཞིག་མེད་ས་ནས། ཇག་པའི་བུད་ཤིང་ཅི་ཡིས་བྱེད། དང་མ་སྲིད་པ་ཆགས་དུས་ན། ཆུ་ཐིགས་ཆུ་ཙམ་ཞིག་མེད་ས་ན། ཇག་པའི་འཐུང་ཆུ་ཅི་ཡིས་བྱེད། དང་མ་སྲིད་པ་ཆགས་དུས་ཀྱི། རྡོ་མྱེ་རྡོ་ཙམ་ཞིག་མེད་ས་ནས། སྤང་པོ་ཐོ་བླངས་ནས་བ་རྡོ་བྱེད། དང་མ་སྲིད་མ་ཆགས་དུས་ཀྱི། ཤིང་ལྕག་ཡུ་ཙམ་ཞིག་མེད་ས་ན། བསང་སྤེན་མ་བྲེགས་ནས་བུད་ཤིང་བྱས།


  
བསམ་ཚུལ། 0བཀླཌ་ཐེངས།: 225  

2010.01.03 14:47:28
དགེ་རྙིང་ས་བོན།

མཛངས་མའི་ཐུགས་དང་བསྟུན་ན། ཚེ་འདིའི་ཆོས་སྐལ་ཆད་འགྲོ། དབེན་པའི་རི་ཁྲོད་འགྲིམས་ན། བུ་མོའི་ཐུགས་དང་འགལ་འགྲོ།
བྱམས་པ་མཚར་བའི་སྒང་ལ། ཕར་ཚུར་བརྩེ་དུང་ཆེ་ནས། ད་ལམ་རི་ཁྲོད་འགྲིམ་པའི། འགྱངས་ཆ་ཞུ་དགོས་བྱུང་ངོ༌།
རྒྱབ་ཀྱི་ཀླུ་བདུད་བཙན་པོ། འཇིགས་དང་མི་འཇིགས་མི་འདུག མདུན་གྱི་ཀ་ར་ཀུ་ཤུ། འཐོགས་སུ་དགོས་པ་བྱས་སོང༌།


  
བསམ་ཚུལ། 1བཀླཌ་ཐེངས།: 220  

2010.01.03 14:31:21
དགེ་རྙིང་ས་བོན།

༄༅། །ཨོཾ་སྭ་སྟི། སྔོན་རྒྱ་གར་འཕགས་པའི་ཡུལ་ན་སངས་རྒྱས་དགུང་ལོ་བཅུ་ལ་ཕེབས་པ་ན། འཛམ་གླིང་སྤྱི་དང་ལྷག་པར་ཡུལ་དགའ་བའི་གཡས་གཡོན་དུ་རྟག་དང་རྟེན་འབྲེལ་ཕུན་སུམ་ཚོགས་པ་དང༌། རྫུ་འཕྲུལ་མཁས་བཙུན་གྲངས་མེད་དུ་མཛད་པ་རྣམས་དྲི་དགོས་དང༌། ཤོད་དགོས་བྱུང་ན་མི་ཚེའི་ཁ་ལ་མི་ཚེ་མང་པོ་དགོས་འདུག་པས། མཚམས་ཀྱི་ཞུ་བ། དགུང་ལོ་བཅུ་ལ་ཕེབས་པའི་དུས། དང་པོ་དྲང་པོའི་གཏེར་མཛོད།


  བསླབ་བྱ།
བསམ་ཚུལ། 2བཀླཌ་ཐེངས།: 204  

2010.01.03 14:21:02
དགེ་རྙིང་ས་བོན།

རྩོམ་ཡིག་འདིར་《རྒྱུད་བཞི་》དང་《སྨན་དཔྱད་ཟླ་བའི་རྒྱལ་པོ།》《ཆ་ལག་བཅོ་བརྒྱད།》《ཡན་ལག་བརྒྱད་པ་》སོགས་དཔེ་རྙིང་ཁག་རིགས་པའི་གཞུང་ལུགས་ཀྱི་གཞི་རྩར་བཟུང་ནས་ཕྱི་རྒྱུད་མདོ་བཞི་ཡི་ནང་བརྟག་པ་རྩ་ཆུའི་མདོ་ལས་ནད་མེད་མི་ལ་བརྟག་པའི་ངོ་མཚར་རྩ་བདུན་ཏེ་


  གསོ་རིག་གི་སྐོར།
བསམ་ཚུལ། 0བཀླཌ་ཐེངས།: 171  

ཤོག་ངོས། 1 ནས། 2
| -