ར་བཟི་ཀརྨ་ཆོས་འཕེལ་གྱི་སྨྱོ་གཏམ་བཤད་སོང་།

བོད་པའི་སྤྱི་ཚོགས་ཀྱི་ཞབས་འདྲེན་པ་ཀརྨ་ཆོས་འཕེལ་འདྲ་བ་ད་ནས་བཟུང་སྤྱི་འཐུས་དང་ཚོགས་པ་སྤྱི་སྒེར་སུ་ཡིན་ཡང་ལས་ཀའི་སྣེ་མོ་ལ་ལག་པ་འཇུ་མ་བཅུག་རོགས་གནང་། དང་པོ་མདོ་སྟོད་སྤྱི་འཐུས་ནས་ཁུངས་མ་འཁྱོལ་བར་དབུས་གཙང་སྤྱི་འཐུས་ནང་འཛུལ། དེ་ནས་ཁུངས་མ་འཁྱོལ་བར་བཀའ་བརྒྱུད་སྤྱི་འཐུས་ནང་འཛུལ། ད་དེ་ནས་ཁུངས་མ་འཁྱོལ་བའི་འཚམས་ལ་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ལ་མཚན་སྨད་ཡག་ཐག་ཆོད་གཅིག་ཞུས་སོང་། ད་ནས་བཟུང་ཆོལ་ཁ་དང་ཆོས་ལུགས་གང་ཡིན་རུང་ཀརྨ་ཆོས་འཕེལ་འདྲ་བའི་སྤྱི་ཚོགས་ཕུང་དཀྲུག་མདའ་དཀྲུག་བཟོ་མཁན་ལ་བཙན་བྱོལ་གཞུང་གི་རྐུབ་སྟེགས་གང་ཡང་རུང་བར་བསྡད་བཅུག་རྒྱུ་མེད། གལ་སྲིད་ཀརྨ་ཆོས་འཕེལ་མུ་འཐུད་སྤྱི་འཐུས་དང་བཙན་བྱོལ་གཞུང་གི་ལས་མིའི་ཁོངས་སུ་སླེབས་ན་དེ་ནི་སོ་སོས་རྡོ་ཡར་བཀྱག་ནས་སོ་སོའི་རྐང་པའི་སྒང་ལ་བཞུ་བ་དང་ཁྱད་མེད་པ་མ་ཟད་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་དང་མི་ངན་དེ་འདྲ་ཕྱིར་ཕུད་བཏང་གང་ཐུབ་བྱེད་དགོས། ཚོགས་པ་སྡེ་ཚན་ཁག་ལ་བཅུག་མཁན་དང་ཀརྨ་ཆོས་འཕེལ་གྱི་ངན་རོགས་ཚོགས་པ་སྡེ་ཚན་སུ་ཡིན་རུང་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་ངེས་ཡིན། ད་ཆ་སྤྱི་ཚོགས་ནང་ལ་གནས་ཚུལ་ཕྲན་བུ་བརྗོད་བཞིན་པ་ནི་ཀརྨ་ཆོས་འཕེལ་གང་ཡང་ཁུངས་མ་འཁྱོལ་བར་བཀའ་བརྒྱུད་པས་བདག་པོ་རྒྱབ་པ་རེད་ཅེས་དང་། ་ད་རེས་ཀྱི་གནས་ཚུལ་དེ་རྣམས་ཚང་མ་བཀའ་བརྒྱུད་པས་འགན་འཁྱེར་དགོས་པ་བཤད་ཀྱི་ཡོད། གལ་སྲིད་བཀའ་བརྒྱུད་པས་ཀརྨ་ཆོས་འཕེལ་ལ་གོ་སྐབས་སྤྲད་མེད་ན་ད་རེས་ཀྱི་གནས་ཚུལ་དེ་འདྲ་ནམ་ཡང་ལྷག་མི་སྲིད། ད་ཆ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གིས་ཡོད་པའི་གནས་ཚུལ་དང་ཉེ་འཆར་སྦེལ་ཀོབ་གཞིས་ཆགས་སུ་ཡང་གཞོན་ནུའི་སྒྲིག་བཙུགས་ཀྱི་ཚོགས་གཙོ་རྣམ་པས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གི་ཡིན་སྐོར་གྱི་ཚོགས་འདུ་ཡང་ཛ་དྲག་གི་ཚོགས་ཡོད་པ་ལ་བལྟས་ན་དབུ་མའི་ལམ་ནི་ང་ཚོར་ཕན་རླབས་ཆེ་ཤོས་ཀྱི་ལམ་ཁ་ཡིན་པ་གསལ་པོ་བསྟན་ཡོད། ཀརྨ་ཆོས་འཕེལ་གྱི་གྲོས་ཚོགས་ནང་ལ་ཧོབ་ཏེ་སྒང་ལ་རང་བཙན་ལ་རྒྱབ་སྐྱོར་དང་དབུ་མའི་ལམ་ཟེར་བའི་སྲིད་བྱུས་ལ་རྒྱབ་སྐྱོར་མེད་སྐོར་བཤད་པ་ནི་རྡ་སའི་གཡས་གཡོན་གྱི་ཆང་རག་ཚོད་མེད་བཏུང་མཁན་དང་བཟི་སྨན་ཟ་མཁན་ཚོ་ལས་སྡུག་པའི་སྐད་ཆ་འདྲ་བ་བཤད་ཡོད། རྡ་སའི་གཡས་གཡོན་གྱི་བཟི་སྨན་ཟ་མཁན་འཁྱམས་པོ་བ་ཁ་ཤས་ར་བཟི་ནས་སྡོད་པ་ལས་༸སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་ལྟ་བུ་དང་སྨྱོ་གཏམ་འདྲ་བཤད་པ་གོ་རྒྱུ་མེད། ཀརྨ་ཆོས་འཕེལ་ནས་བཟི་སྨན་ཟ་བ་ལས་ཀྱང་སྡུག་པ་སྨྱོ་གཏམ་རང་བཤད་པ་ལས་སུས་ཀྱང་ཆ་འཇོག་བྱེད་མི་ཐུབ་པ་ཡིན། ང་ཚོས་དུས་ནམ་ཡང་ཀརྨ་ཆོས་འཕེལ་གྱི་བཤད་པའི་སྨྱོ་གཏམ་ལ་འགག་པ་མཐའ་གཅིག་ཏུ་རྒྱབ་དགོས་པ་ཡིན། ཁོ་ལ་ཡང་ན་སྨན་བཅོས་བྱེད་དགོས་པ་དང་སྨན་པ་ཞིག་གི་སར་མ་སྟོན་ན་ཁོའི་སེམས་ནི་མི་བདེ་བ་ལྟ་བུ་དང་ཡང་ན་ཀླད་པའི་ནང་ལ་སྐྱོན་ཆེན་པོ་ཤོར་ཡོད་ངེས་རེད། ཀརྨ་ཆོས་འཕེལ་ལ་ཞུ་རྒྱུ། ཞི་མིའི་བསམ་པར་ཙི་ཙི། རྗེས་འདེད་ཁྱིས་བཏང་ཡོང་། ཀརྨ་ཆོས་འཕེལ་གྱི་སྨྲ་བརྗོད་རང་དབང་བེད་སྤྱོད་ལོག་པ་བཏང་ནས་༸སྐྱབས་མགོན་རིན་པོ་ཆེ་ལ་དོན་མེད་ཀྱི་རྙོག་ཁྲ་བཟོས་སོང་། སྔ་མོ་དོལ་རྒྱལ་ཚོགས་པས་རྙོག་ཁྲ་བཟོས། སྤྱི་ཚོགས་དཀྲུག །མི་བསད། ཉེས་བརྡུང་བཏང་། འཇིགས་སྐུལ་བྱས། ད་ཆ་ཀརྨ་ཆོས་འཕེལ་འདྲ་བའི་མི་ངན་རེ་བཟུང་ནས་རྙོག་ཁྲ་འགོ་བཙུག་ཡོང་གི་འདུག །རྙོག་ཁྲ་དེ་ལམ་ལྷོང་བྱུང་ན་སྤྱི་ཚོགས་དཀྲུག་གིས་རེད། དེ་ནས་མི་བསད་ཡ་དང་ཉེས་བརྡུང་། འཇིགས་སྐུལ་སོགས་བྱེད་མི་སྲིད་པ་མ་རེད། དགོངས་པ་ཡག་མོ་བཞེས་བོད་པ་ཚོ། ཀརྨ་ཆོས་འཕེལ་ཐལ་བའི་རྡུལ་དུ་སློག་ཤིག
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ས་ལུ་གྷར་གྱི་༧གོང་ས་མཆོག་གི་གསུང་བཤད་གལ་ཆེན།"



བརྗོད་གཞི་གཞན་ཁག་ལ་གཟིགས།