འཚོ་ལམ།

ང་ཤར་ཀུན་པོ་རྒྱུད་དུས། མཚན་མོ་དེར། ངས་ཉེ་མི་ལ་བདེ་མོ་བཞག་སྟེ སུན་སྣང་དང་སྐོ་གདུང་ཁུར་ནས། རྒྱང་ལ་ཆས་མགོ་བརྩམས། འོན་ཀྱང་།ང་ལ་ཁེར་ལམ་ཞིག་མི་འདུག ཉི་ཤར་གྱི་སྐྱ་རེངས་ཁྲོད། ངའི་གློ་སྙིང་གི་བྱེད་ག་བཞག་ནས། འཕར་སྤྱང་གི་སོ་ཁ་ནས་ལམ་ལ་ཆས་དུས། ང་བྲོས་བཤོལ་བྱས་བ་ཡིན། གནམ་རྒན་མས་སྤྲད་པའིསྤྲིན་ནག་དེས། འགྲོ་ལམ་ཁ་བ་ཕབས་ནས། ངའི་མདུན་ལྗོངས་ལ་གསལ་ཆ་མེད་པར་བཏང། ཡིན་ན་ཡང།དཔའ་མི་ཞུམ། དུག་རློངས་འཕྱུར་བའི་འཇིག་རྟེན་འདིར། ངའི་དགོས་དབང་གིས་བདེ་མོ་འཇོག ང་ས་མཐའ་སྡེ་མཐའ་ནས་སུན་རུང འགྱོད་པ་དང་འཁང་ར་བྱེད་ས་མེད། རྒྱུ་མཚན།ང་རང་ཉིད་ཀྱི་གདམ་ཀ་དང།དམིགས་ཡུལ་ཡིན།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "དགེ་བཤེས་དམག་དཔོན་བྱེད་པའི་དུས་ལ་བབས་འདུག"



བརྗོད་གཞི་གཞན་ཁག་ལ་གཟིགས།