ཐུགས་རྗེ་ཆེ།

ཀརྨ་ཆོས་འཕེལ་ལགས་ཐུགས་རྗེ་ཆེ་ཁྱེད་ནི་མིང་དོན་མཚུངས་པའི་གཞི་བྱེས་གཉིས་ཀྱི་མི་མང་གི་སྐུ་ཚབ་ངོ་མ་རེད་འདུག རྨོངས་དད་དང་ཅལ་འདྲོགས་མེད་ཅིང་། ངོ་དགའ་སྤྲེལ་ལད་དང་དད་མདུན་གྱིས་རྫུ་འབག་མེད་པ། དགོས་པ་དང་རྒྱུ་མཚན་ཡོད་ཚེ་བཤད་ཕོད་པ་དང་། བྱེད་ཕོད་པ་མདོར་ན་གཞིས་བྱེས་མི་མང་ཡོངས་ཀྱི་མངོན་འདོད་ངོ་མ་གང་ཡིན་པ་དེ་ཉིད་ད་རི་གྲོས་ཚོགས་ར་བའི་ནང་མི་འཇིགས་པའི་སྤོབ་པ་ཆེན་པོས་སྒྲོག་གནང་པར་སླར་ཡང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "སྤྱི་འཐུས་སྒེར་གྱི་གསལ་བཤད་ལ་ཚོགས་གཙོས་ཁ་གསལ་གནང་བ།"



བརྗོད་གཞི་གཞན་ཁག་ལ་གཟིགས།