བཀྲ་ཤིས་བདེ་ལེགས་།

ཉིས་སྟོང་བཅུ་གསུམ་སྤྱི་ལུགས་ལོའི་གསར་ནང། དྲྭ་རྒྱའི་ལས་བྱས་རྣམས་དང་བརྩམ་བྲིས་ཚོར། བོད་ཀྱི་ནང་ཆོས་སྲོལ་བཟང་གང་འཕེལ་སོགས། བརླབས་ཆེན་ཞབས་འདེབས་འདི་འདྲ་མཐོང་ཆོས་སུ། ཕན་ཐོག་ཡིན་པ་བོད་མིའི་བསྔགས་བརྗོད་འབུལ། དྲྭ་འབུ་འདི་རྣམས་བརྩོམ་མཁན་གནས་ཚོད་སོགས། རང་ནུས་གང་ཡོད་སྟབས་བདེ་བེད་སྤྱོད་བདེ། རང་དབང་གནང་བ་འདི་ལ་བཀའ་དྲིན་བསམ། གསར་འགྱུར་དུས་ཐོག་བཏང་བ་བཀའ་དྲིན་བསམ། བཟང་ངན་སྣ་ཚོགས་སྤེལ་བ་བཀའ་དྲིན་བསམ། དགོངས་ཚུལ་བསམ་ཚུལ་མཆན་རིགས་གང་མང་བཀོད། མཐོང་རྒྱ་ཐོས་རྒྱ་སྔར་མེད་ཡར་རྒྱས་སྐྲུན། བསྟོད་བསྔགས་འབུལ་ཆོག་ཕུལ་མཁན་གང་མང་གདའ། འབུལ་འོས་འདུག་ལགས་ད་ལན་དེ་ཙམ་འཐུས། ༄། བཀྲ་ཤིས་མུན་པའི་ཉེས་ཚོགས་རྒྱང་བསྲིངསནས། བདེ་ལེགས་འོད་ཀྱི་བོད་མིའི་བདེན་དོན་ཐོབ། ཕུན་སུམ་ཚོགས་པའི་གནའ་སྲོལ་བརྩོམ་རིག་བཞིན། དེང་གི་ཆར་ལ་སྤེལ་བཞིན་ཡུན་གནས་ཤོག།།།།།།།


བརྗོད་གཞི་གཞན་ཁག་ལ་གཟིགས།