རྐུ་མ་ལ་དཔར་དར་སྤྲོད་དགོས་པའི་རྒྱབ་སྐྱོར།

གསོད་རྒྱུ་འཇིག་རྟེན་སྐྱེ་བོ་ཕལ་དང་ཕལ་པའི་ཐ་ཤལ་ཡིན་པ་ཅིས་མི་མཚུངས།་ཁྱུང་དར་ལ་ཡོད་པའི་ནུས་པ་དེ་ནང་ཁུལ་་དང་གཉེན་ཉེ་གསོད་རྒྱུ་དེ་རེད། རྒྱུ་འཕྲུལ་མཚོན་བེད་སྤྱད་ནས་བོད་པ་གསོད་རྒྱུ་དེ་རེད། རྒྱ་མིས་གསོད་རྒྱུ་དེ་བོད་མི་རེད་ལ་། ཁྱུང་དར་གིས་གསོད་རྒྱུ་དེ་བོད་མི་རེད། རྒྱ་མིས་གསོད་རྒྱུ་ནི་བོད་ཀྱི་ཆོས་དང་རིག་གཞུང་། བོད་རྒྱལ་ཁབ་ལ་ཤ་ཞེན་ལ་རྒྱ་ཡོད་མཁན་དེ་རེད། ཁྱུང་དར་གྱིས་གསོད་རྒྱུ་དེ་ཡང་བོད་ཀྱི་ཆོས་དང་རིག་གཞུང་གི་རྒྱུན་འཛིན་མཁས་ཅན་སྐད་གྲགས་ཅན་དེ་འདྲ་རེད། ཕྱི་དགྲ་བོས་བོད་མི་གསོད་པ་དང་། ནང་བོད་མིས་བོད་མི་གསོད་པ་གཉིས་ལ་སྙིང་རྗེ་ཕྱོགས་རིས་ཅན་དེ་འདྲ་ཡིན། ཉན་རང་ཐེནཾག་དམན་གྱི་ལྟ་ཚུལ་ཙམ་ལས་སྙིང་རྗེ་ཆེན་པོ་ཞིག་ཡིན་དོན་མེད། སྲོག་གཅོད་ཀྱི་ཀུན་ནས་སློང་སྟེ་བོད་མི་གསོད་པར་གཅིག་མཚུངས་ལ་སྡིག་པ་ཆེ་ཆུང་དང་། སྙིང་རྗེ་ཡུལ་ཡིན་མིན་གྱི་ཁྱད་པར་ཡོད་ན་དེའི་སྙིང་རྗེ་དེ་ང་ཚོར་མི་དགོས། སྙིང་རྗེའི་ཡུལ་མ་ཡིན་པའི་སེམས་ཅན་ཞྀག་ཡོད་པའི་ཕྱིར། དཔེར་ན་རྒྱ་མི་བཞིན་ནོ། ཡ་མཚན་ཤོས་ཤིག་རྒྱ་རི་སྒྲོལ་མས་ཟེར་ན། ཁྱུང་དར་གྱིས་རྒྱ་གར་པོ་ལི་སི་གྲི་བཅུགས་པ་དེ་བོད་དོན་ཡིན་པ་སྒྲུབ་ཀྱི་འདུག་ཟེར་། དེ་གང་འདྲ་ཡིན་ནམ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "དགེ་སྐོས་འཇམ་དཔལ་དབང་ཕྱུག་གར་སོང་ཆ་མེད་གྱུར་བ།"



བརྗོད་གཞི་གཞན་ཁག་ལ་གཟིགས།