ཐེ་ཝན་དུ་བོད་རང་དབང་ཆེད་རོལ་དབྱངས་སྟུས་སྟོན་འཚོགས་པ།

འདི་ལྟ་བའི་དུས་སྟོན་འཚོགས་པ་ཐུབ་པ་ཧ་ཅང་དགའ་སྤྲོ་སྐྱེ་འོས་པ་ཞིག་རེད། ལྷག་པར་མི་ཚོགས་རང་བཞིན་གྱིས་འདུ་བའི་ལས་འགུལ་འདིས་བོད་དོན་ཁྱབ་བསྒྲགས་དང་རྒྱབ་སྐྱོར་བྱེད་པར་དོན་དམ་གྱིས་ནུས་པ་ཆེ་བ་ཡོད། དེའི་ཕྱིར་ད་ཐེངས་རོལ་དབྱངས་སྟུས་སྟོན་འཚོགས་པས་ནུས་པ་ཧ་ཅང་ཐོན་ཡོད་སྙམ། རྒྱུ་མཚན་ནི་སྤྱིར་དེང་དུས་སྤྱི་ཚོགས་ནང་གཞས་དང་ཞབས་བྲོ་དགའ་བའི་མི་མང་ཞིང་ལྷག་པར་དུ་གཞོན་སྐྱེས་ཚོ་དེ་དག་ལ་དང་མོས་ཆེ་ལ་ཚོར་སྣང་ཡང་ཟབ་མོ་སྟེར་ཐུབ་ཡོད། གཞོན་སྐྱེས་ག་ཚོད་ལ་བོད་དོན་ཁྱབ་སྤེལ་བྱེད་ཐུབ་ན་དེའི་ཀྱང་གཞན་ཚོར་སྤེལ་ཐུབ་པས་མ་འོངས་པ་ཡང་ནུས་ཤུགས་ཆེན་པ་ཐོན་ཐུབ། གཞོན་སྐྱེས་ཚོས་གཞི་ནས་སྤྱི་ཚོགས་འགྲིམ་དགོས་ཕྱིར་དགེ་ཕན་ཆེ།་ད་དུང་དེ་ལྟ་བུ་ལུང་པ་གཞན་ནང་སྤེལ་ཐབས་བྱས་ན་བོད་དོན་ཐོག་དམིགས་བསལ་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བར་སྨོས་མ་དགོས་སོ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ཐའེ་ཝན་དུ་བོད་རང་དབང་རོལ་དབྱངས་དུས་སྟོན་འཚོགས་པ།"



བརྗོད་གཞི་གཞན་ཁག་ལ་གཟིགས།