མི་ངན་གིས་ལས་ངན།

སྙིང་མིག་གི་ཟིན་བྲིས། ཨེ་རླུང་དང་འབྲེལ་ཞིང་ངེས་པར་ཤེས་དགོས་པའི་གནད་དོན་འགའ་འདིར་བྲིས་འདུག (སྤྲུལ་སྐུ་དབང་ཆེན་གྱི་ངོ་དེབ་ལས་དགོངས་འཁྲོལ་མེད་པར་འདིར་དྲངས་པས་དོ་བདག་ལ་དགོངས་སེལ་ཞུ། ) "ངེས་པར་དུ་ཀློག་དགོས་པས་སྐབས་བབ་ཀྱི་དོན་རྐྱེན་འགའ། སྤྱིར་བཏང་རང་ཉིད་མི་རིགས་གང་ཞིག་ཡིན་པ་དང་རྒྱལ་ཁབ་གང་དུ་གནས་བཅའ་ཞིང་སྡོད་པ་ཡིན་ན་མི་རིགས་དེ་དང་རྒྱལ་ཁབ་དེའི་སྒྲིག་ལམ་སྲུང་བ་དང་ལ་རྒྱ་འཛིན་དགོས་པ་དེ་ནི་ཕྱིར་སྨྲ་ཤེས་དོན་གོ་བའི་མི་བཟང་པོ་ཞིག་གི་མཚན་ཉིད་རེད། འདི་ནས་ཡར་འཇལ་བའི་ལོ་ངོ་མང་ཙམ་གྱི་སྔོན་ཞིག་ལ་ཕྲན་རྒྱ་ནག་དམར་པོའི་དྲག་གནོན་གྱི་སྲིད་ཇུས་དང་རྒྱ་གར་དང་བལ་བོ་སོགས་ཀྱི་ཁྲིམས་ལུགས་མེད་པས་རྒྱ་སྒོ ་དུ་མ་ཞིག་བརྒྱུད་ནས་འགྲོ་བ་མི་ཡི་ཞིང་ཁམས་ལྟ་བུའི་ཨ་རི་དམངས་གཙོའི་ལུང་པ་ལ་འབྱོར། དེ་དུས་འཇོར་ལྗི་བྷི་ཤི་མཆོག་ཨ་རིའི་སྲིད་འཛིན་ཐེངས་མ་དང་པོའི་སྐབས་རེད། ཀ་ལི་ཧྥོར་ཉ་ཡ་མངའ་སྡེ་དང་ནེའུ་ཡོག་ད་དུང་བཱིར་མན་ཏཱ་སོགས་མངའ་སྡེ་མང་པོ་ཞིག་ནང་ཁོང་ལ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་འདུག་པས་ངའི་སེམས་ལ་ཚོར་སྣང་མ་འདྲ་གཉིས་བྱུང་། དང་པོ་མཐོང་མ་ཐག་སེམས་ལ་སྐྲག་སྣང་ཞིག་སྐྱེས་བྱུང་། དེ་ནི་ཁྲིམས་མེད་ལུགས་མེད་ཀྱི་ལུང་པ་དུ་མ་ཞིག་བརྒྱུད་ནས་གསར་དུ་འབྱོར་བའི་རྟགས་མཚན་རེད། གཉིས་པ་སེམས་ལ་བརྗོད་མི་ཤེས་པའི་དགའ་སྣང་དང་ཡི་རངས་ཤིག་སྐྱེས་བྱུང་། དེ་ནི་སྟོབས་ཆེན་རྒྱལ་ཁབ་དེའི་དམངས་གཙོའི་རང་དབང་ཟེར་བ་དེ་ང་ལ་དངོས་སུ་ངོ་སྤྲོད་བྱས་པས་ཡིན། དེ་དུས་ངས་མིག་གཉིས་མཆི་མས་བརྣངས་བཞིན་སྨོན་ལམ་ཞིག་བརྒྱབ་པ་ཡིན། མི་རིང་བར་བོད་གངས་ཅན་གྱི་ལུང་པ་དེ་རྒྱ་ནག་པོའི་ལག་འོག་ནས་ཐར་ཏེ་བོད་རང་དབང་རང་བདག་གཙང་མ་ཞིག་ཐོབ་ནས། བོད་མི་རེ་རེ་ལ་ཨ་རི་ལྟ་བུའི་དམངས་གཙོའི་རང་དབང་གི་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་ཐུབ་པར་ཤོག་ཅེས་ལབ་པ་ཡིན། ཟླ་འདིའི་ནང་ཨེ་རླུང་ལ་རྙོག་དྲ་ཅིག་བྱུང་བ་དེས་རྐྱེན་བྱས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ཞིག་གིས་རྡ་ས་ལ་གལ་གནད་ཅན་གྱི་ཉེན་བརྡའི་ཡི་གེ་ཞིག་བཏང་བ་དེའི་ནང་ལ་བོད་གཞུང་གིས་ལས་ཀ་ལ་འདོད་བློ་མ་ཁེངས་པས་ཟོལ་ཆེན་པོ་ཞིག་བསྟན་བྱུང་། དེ་ནི་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ཟུར་སྐལ་ལྡན་བློ་གྲོས་ཀྱིས་སྣེ་ཁྲིད་ཞིང་རྡ་ས་ལ་ངན་འབྲེལ་བྱས་ཏེ་བྱུང་བས་སྐྱུག་བྲོ་བས་ལོ་རྒྱུས་ཤིག་རེད། གཞིས་ལུས་བོད་མི་ཆོལ་ཁ་གསུམ་གྱིས་སྤུན་ཟླ་ཚོའི་བོད་གཞིས་བྱེས་གཉིས་ཀྱིས་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་དཀའ་ངལ་དུ་མའི་ཁྲོད་འབད་རྩོད་བྱས་ཤིང་། མ་འོངས་པར་བོད་རང་དབང་རང་བཙན་གི་བདེ་སྐྱིད་ཀྱི་ཉི་མ་དེ་མ་ཤར་བར་བློས་གཏོང་བྱེད་མི་ཐུབ་པས་བོད་དོན་འཐབ་རྩོད་དེ་ཕྲག་ལ་བླངས་ཤིང་། བློ་ཐག་ཁེར་གཅོད་ཀྱིས་སྐུ་ལུས་དམར་པོའི་མེ་ལ་བསྲེགས་ནས་ཛ་དྲག་པའི་སྐབས་འདིར། གྲྭ་ཟུར་སྐལ་བློ་རྡ་སའི་སྒྲིག་འཛུགས་ཚོགས་པ་དང་ངན་འབྲེལ་བྱས་ནས་ཨེ་རླུང་གི་དོན་རྐྱེན་བྱུང་བ་ལ་བོད་རིགས་གཅིག་པོ་མིན་པར་ཨ་རིའི་བོད་དོན་རོགས་སྐྱོར་མཁན་དང་རང་བཙན་འཐབ་རྩོད་པ་མང་པོ་ཞིག་བློ་ཕམ་ཆེན་པོ་བྱུང་འདུག །བོད་མི་རིགས་ལ་མཚོན་ན། ཕ་ཤི་བའི་སྒང་ལ་རོ་ཐོག་རྟ་རྒྱུག་དང་། རྒྱུ་བརླག་པའི་སྒང་ལ་ཀི་འབོད་ཧ་དགོད་ཟེར་བ་ནང་བཞིན་ད་ལྟ་བོད་ནང་ནས་གཞིས་བཞུགས་སྤུན་ཟླ་༨༠ ལྷག་གྱིས་སྐུ་ལུས་མེ་ལ་བསྲེགས་པས་མ་ཚད་དེ་ལ་མྱ་ངན་དང་ཐ་ན་སྨོན་ལམ་ཞུས་མཁན་སོགས་ལའང་མནར་གཅོད་དང་ཁྲིམས་སྦྱོར་གྱིས་སྡུག་བསྔལ་མི་ཡི་སྤྱོད་ཡུལ་ལས་འདས་པ་དག་མྱང་དང་མྱོང་བཞིན་པའི་སྐབས་འདིར། རྡ་སས་སྒྲིག་འཛུགས་ཚོགས་པས་བོད་ནང་གྱི་གནས་སྟངས་ལ་ཐབས་རྒྱ་ཇུས་སྟོང་གིས་གྲོས་གཞི་འདི་རེད་དང་དེ་ཡིན་ཟེར་བ་ཞིག་མེད་པར་གྲི་སོ་རྣོན་པོ་ནང་ལ་བསྐོར་ནས་སྡང་དགྲ་བོའི་མདུན་དུ་ནང་དཀྲུག་ཁྲག་དྲི་བྲོ་བ་ཞིག་བྱེད་ཐབས་སྤྱད་པ་དེ་ནི་བློ་ཡུལ་ལས་འདས་པ་ཞིག་རེད་སྙམ། མ་གཞི་སྐལ་ལྡན་བློ་གྲོས་ཁོང་བོད་མི་ཞིག་ཡིན་པས་འདུ་ཤེས་རྩ་བ་ནས་བྲལ་ཏེ་ཨེ་རླུང་གི་འགོ་འཛིན་རྒྱ་མོ་དང་ལྐོག་འབྲེལ་ཐོག་ནས་རྒྱ་མིའི་གཞུང་དངུལ་ལ་ལག་པ་འཆང་གི་ཡོོད་ཚུལ་ཡང་བཤད་མཁན་འདུག་མོད། ཁུངས་སྐྱེལ་དག་མ་ཞིག་མེད་པས་འདིར་བཤད་འདོད་དེ་ཙམ་མེད་ཀྱང་༢༠༡༡ ལོར་ཝ་ཤིན་ཊོན་དུ་དུས་འཁོར་དབང་ཆེན་གསུངས་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔལ་འབྱོར་འདུ་འགོད་ཆེད་གཅིག་པོར་མིན་པར་རྒྱལ་སྤྱིའི་མི་སྣ་ཁག་ལ་བོད་དོན་ཁྱབ་བསྒྲགས་དང་ཤེས་རྟོགས་ཆེད། ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཟླ་དེའི་ཚེས་༡༣་ལ་བོད་རང་དབང་རང་བཙན་དང་འབྲེལ་བའི་རི་མོ་ཡོད་པའི་སྟོད་གོས་སོགས་བཙོང་བཞིན་པའི་སྐབས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་ཚོང་རྫས་ཀྱི་སྟོད་གོས་ཐོག་བོད་རང་བཙན་དང་བཙན་བྱོལ་བོད་གཞུང་ཞེས་འཁོད་འདུག་པས། དེར་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེ་སྐོར་བརྗོད་དེ་ཚོང་རྫས་ཕྱིར་བསྡུ་དགོས་སྐོར་བརྗོད་འདུག །དེ་ལ་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཁྱེད་རང་སྒེར་གྱི་ཐག་གཅོད་རེད་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཐག་གཅོད་རེད་ཅེས་དྲིས་སྐབས། དང་པོ་སྐལ་ལྡན་བློ་གྲོས་ཀྱིས་ང་སྒེར་གྱི་ཐག་གཅོད་ཡིན་སྐོར་བརྗོད་འདུག་ཀྱང་རིམ་བཞིན་མི་མང་པོ་འཛོམས་ཡོང་ཚེ། སྐལ་ལྡན་བློ་གྲོས་ཀྱིས་ཚོགས་ཆུང་གི་ཐག་གཅོད་ཡིན་ཞེས་བཤད་ཏེ་མཐར་ཉེན་སྲུང་པ་སྐད་བཏང་ནས་བཅའ་ལག་བསྡུ་གསོག་རྒྱག་ལོང་མེད་པར་ཚོང་རྭ་ནས་ཕྱིར་འབུད་བཏང་བ་དེས་ཁོ་ལ་ཏན་ཏན་གསང་བ་ཆེན་པོ་ཞིག་དང་ངན་འབྲེལ་རྒྱབ་རྟེན་ཞིག་ཡོད་པ་གསལ་བོར་བསྟན་པ་རེད། དེ་མིན་བོད་རང་བཙན་གྱི་རི་མོ་ཞིག་ལ་ཕ་བསད་ཀྱི་དགྲ་མཐོང་བ་ནང་བཞིན་བྱེད་དགོས་དོན་རྩ་བ་ནས་མེད། ༧གོང་ས་མཆོག་གིས་བོད་རང་བཙན་གྱི་རི་མོ་ཡོད་ན་ངའི་དུས་འཁོར་དབང་ཆེན་གྱི་ཚོང་ཁྲོམ་རྭ་བར་ཡོང་མི་ཆོག་ཅེས་དུས་ནམ་ཡང་གསུང་མྱོང་མེད་ལ་དུས་དབང་ཚོགས་ཆུང་གི་སྒྲིག་ཁྲིམས་དེ་འདྲ་ཞིག་བཟོས་མེད་ཟེར། ད་དུང་རྒྱལ་ས་ཝ་ཤིན་ཊོན་དུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་དངུལ་དང་དུས་འཁོར་དབང་ཆེན་སྐབས་སུ་བྱུང་བའི་ཞལ་འདེབས་སོགས་ལས་གནས་བརྩིས་སྤྲོད་མ་བྱས་པར་ལོ་གཅིག་ཙམ་རིང་ཁོ་རང་གིས་བདག་བཟུང་བྱས་པ་དང་རྗེས་ནས་རྩིས་སྤྲོད་ཡང་དག་པ་ཞིག་ཡང་བྱས་མེད་རབས་འདུག །དུས་དབང་ཚར་རྗེས་སུ་ས་གནས་དེ་ཀའི་ཕ་ལམ་ཚོང་ཁང་ཞིག་གིས་བོད་པ་སྐྱེས་དམན་ཞིག་གིས་རིན་གོང་མཐོ་བའི་ཕ་ལམ་ཞིག་ཉོས་པ་དེ་བོད་པ་དེ་འདྲ་ཉོ་མཁན་གཅིག་ཀྱང་བྱུང་མ་སོང་ཟེར་ནས་བསྔགས་པ་བརྗོད་འདུག་པ་སྐལ་ལྡན་བློ་གྲོས་ཀྱི་སྐྱེས་དམན་རེད་འདུག་ཟེར། དེ་མིན་ཨེ་རླུང་ནང་གི་སྒྲིག་ལམ་ལ་གཏོར་བཤིག་དང་འགོ་བ་རྒྱ་མོ་དེ་དང་ངན་འབྲེལ་བྱས་ནས་ཨེ་རླུང་བོད་ཀྱི་སྡེ་ཚན་འགོ་འཛིན་ང་ཕོད་འཇིགས་མེད་ཀྱི་བཀའ་ལ་མ་བརྩིས་རབས་མང་པོ་འདུག་ཀྱང་དེ་ཚོ་སྐབས་འདིར་སློང་དགོས་དེ་ཙམ་མི་འདུག །༢༠༡༠ ལོར་ཐེ་ཝན་ནས་བོད་ཀྱི་ཤེས་ཡོན་ཐེབས་རྩ་ཚོགས་པ་འཛུག་གི་ཡིན་ཟེར་ནས་ཞལ་འདེབས་མང་པོ་ཞིག་བསྡུས་རབས་ཡང་འདུག་ལ་དེ་ཡང་ཧ་གོ་དགོས་པ་ཞིག་རེད། དེ་མིན་ཕན་ཚུན་གཟའ་གཉིས་བར་ལ་གཟའ་དཀྲུག་ཕུད་པ་སོགས་སྐྱུག་ལོག་པ་མང་པོ་ཞིག་འདིར་བཀོད་མེད། བཀའ་ཟུར་ཟམ་གདོང་རིན་པོ་ཆེའི་སྐབས་ནས་བཟུང་རྡ་སའི་བོད་གཞུང་གིས་རྒྱལ་ས་ཝ་ཤིན་ཊོན་གྱི་ཨེ་རླུང་ལ་ལག་པ་བརྐྱངས་ཏེ་བོད་གཞུང་གིས་ངག་བཀོད་ལྟར་བྱེད་དགོས་ཞེས་དབང་བསྒྱུར་འགོ་བརྩམས། ཡིན་ནའང་སྐབས་དེ་དུས་ང་ཕོད་འཇིགས་མེད་ཀྱིས་རྡ་སས་བཀས་བཀོད་རྒྱུན་འཛིན་གྱི་གནོད་ཤུགས་ལ་ངོས་ལེན་ཞུས་མེད་པ་མ་ཟད་དྲང་བདེན་དང་གནས་ཚུལ་གཙོ་བོར་འདོན་པའི་སྲིད་ཇུས་ཀྱི་ལམ་ནས་འགུལ་བསྐྱོད་གཏོང་མ་ཐུབ་པ་ཡིན་ནའང་། དེས་རྐྱེན་གྱིས་ཟམ་གདོང་བླ་མས་བོད་གཞུང་ལས་བྱེད་སུ་གང་གིས་ཨེ་རླུང་ནས་གཏམ་བཤད་དང་བཅར་འདྲི་ལེན་མི་ཆོག་ཅེས་བཀས་བཅད་བགོས་པ་རེད། ཡིན་ནའང་ཐབས་ཤེས་གཞན་པ་ཞིག་བཀོལ་བ་དེ་ནི་ཨེ་རླུང་སྤྱི་ཁྱབ་གཙོ་འཛིན་པ་རྒྱ་མོ་ལེ་བྷེ་ལོའུ་དང་ངན་འབྲེལ་བྱེད་པ་འགོ་བཙུགས་པ་དང་དེ་ལ་མཐུན་རྐྱེན་གང་དགོས་སྐལ་ལྡན་བློ་གྲོས་ཀྱིས་བསྒྲུབ་པ་རེད་ཟེར། སྐལ་བློ་དང་རྒྱ་མོ་གཉིས་ལ་མཛའ་བརྩེའི་ལྐོག་འབྲེལ་དང་གཡོ་རྒྱུས་ཚོང་འབྲེལ་སོགས་མང་པོ་ཞིག་ཡོད་པ་སོགས་འབྲེལ་ཡོད་མི་སྣ་མང་པོས་བཤད། གང་ལྟར་ན་ནིང་ལོར་སྐལ་བློས་རྒྱ་མོ་རྡ་སར་གཞུང་འབྲེལ་ཐོག་ནས་ཁྲིད་ཏེ་རྡ་སའི་སྲིད་འཛིན་དང་གཙོ་སྐྱོང་བ་སོགས་མང་པོ་ཞིག་ལ་བཅར་བ་དང་གསང་བས་གྲོས་བསྡུར་བྱས་ཤིང་། རྡ་སས་སྐལ་བློ་ཨེ་རླུང་ནང་རྒྱུག་ཁྱིར་བཀོལ་ཞིང་ཕུ་དཀྲུག་མདའ་དཀྲུག་བྱས་ཏེ་ང་ཕོད་ཡུལ་ཕུད་ནས་ཨེ་རླུང་བོད་ཀྱི་སྡེ་ཚན་ནང་བོད་རང་བཙན་གྱི་སྐད་ཆ་གཏན་ནས་དྲི་མི་བྲོ་བའི་ཞིང་ཁམས་ཤིག་ཏུ་བསྒྱུར་རྒྱུས་ལས་འགུལ་སྤེལ། དེ་རྗེས་ཀ་ལི་ཧྥོར་ཉ་དང་ལོན་ཌོན་ནས་ཡང་སྐལ་བློས་རྒྱ་མོ་ཁྲིད་ནས་སྲིད་སྐྱོང་དང་འགོ་གཙོ་རྣམས་དང་མཉམ་དུ་ཨེ་རླུང་སྐོར་གྲོས་བསྡུར་དང་ང་ཕོད་ཀྱི་ཚབ་ལ་སུ་བརྐོ་དགོས་སོགས་ད་ལྟའི་བོད་ཀྱི་གནས་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཛ་དྲག་ངང་འབད་བརྩོན་ཧུར་ཐོག་བྱས། རྒྱ་མོ་ལོན་ཌོན་ནས་ཚུར་སླེབས་དུས་ང་ཕོད་ལ་རྒྱུ་མཚན་ཅི་ཡང་མེད་པར་ལས་གནས་ནས་རྒན་ཡོལ་ལ་ཕེབས་པའམ་རྩ་དགོངས་ཞུ་དགོས་ཡོད་ལབ་པ་དང་གལ་ཏེ་རང་གིས་རྩ་དགོངས་ཞུ་བའི་ཡི་གེ་མ་འབྱོར་ན་མོ་རང་གིས་ཁོའི་ངོ་ཚབ་བྱས་ནས་ཡི་གེ་འབྲི་ཆོག་ཅེས་འཇིགས་བསྐུལ་དང་བཅས་དྲག་གནོན་གཏམ་བཤད་བྱས། ང་ཕོད་ཀྱིས་མི་འདོད་རུང་ཐབས་ཤེས་ཟད་ནས་ལེགས་སོ་ཞུས་འདུག །དེ་དུས་རྡ་སའི་ཚོགས་གཙོ་སྤེན་པ་ཚེ་རིང་ཝ་ཤིན་ཊོན་ན་ཡོད་པ་ཁོང་གི་རྨ་བྱའི་དབྱར་རྔས་སྒྲ་བཞིན་ང་ཕོད་ལ་ལོ་ངོ་བཅུ་དྲུག་རིང་ལ་ཨེ་རླུང་ཞབས་ཞུ་ཞུས་པར་ཐུགས་རྗེ་ཞེས་ར་རོ་ལྟར་གྱུར་པའི་ཆང་བཟི་མ་སྤེན་པ་ཚེ་རིང་གིས་ཁ་ནས་རང་དབང་མེད་པར་ཚིག་ཅིག་ཤོར་བས་དེར་ཡོད་ལས་སྣེ་བ་ཁ་ཤས་ཤིག་གི་ཐོས་ཏེ། ང་ཕོད་ལ་རྒྱུ་མཚན་དྲིས་ཤིང་གནས་ཚུལ་རྟོགས་རྗེས་ལས་ཀ་བ་ཚང་མ་ང་ཕོད་ཀྱི་རྒྱབ་རྩར་ལོངས་ཤིང་ངོ་ཆེན་ཞུ་བས་ཡི་གེ་ས་རྟགས་དང་བཅས་པ་རེ་ཕུལ་བས་གཏམ་དེ་རླུང་ལ་ཞོན་ནས་ཤར་ཕྱོགས་པེ་ཅིང་ན་བཞུགས་པའི་འོད་ཟེར་ལ་ཕོག །ཚོགས་གཙོ་མཆོག་དེ་ནས་ཚུར་ནེའུ་ཡོག་ལ་གསེར་གྱི་གཟེངས་རྟགས་དུས་ཆེན་ཐོག་གཏམ་བཤད་ལ་ཕེབས་དུས་བློ་བཟང་སྙན་གྲགས་དང་བོད་རིགས་སྤྱི་མཐུན་ཚོགས་མི་རྣམས་གནམ་ཐང་དུ་ཕེབས་བསུ་ཞུ་རུ་བཅར་སྐབས་ཚོགས་གཙོ་ར་བཟི་ནས་གཏོར་མ་ལྟར་གྱུར་འདུག་པ་མ་ཟད་ཞོགས་ཇ་མཉམ་ཟ་བྱེད་སར་ཆབ་གཙང་ནང་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་ལ་གདོང་ལ་ཆུ་ཆབ་གཏོར་ནས་ར་དྭངས་བས་ཐབས་ཤེས་བཏང་དགོས་བྱུང་སོང་ཟེར། ༡༡/༠༥/༡༢ ལ་ནེའུ་ཡོག་སྐུ་ངོ་བློ་བཟང་སྙན་གྲགས་ཝ་ཤིན་ཊོན་ལ་མདུར་རྒྱུག་བྱས། ཨེ་རླུང་གི་ལས་ཀ་བ་ཚང་མར་རྒྱ་རིའི་རྒྱལ་སྤྱི་བོད་དོན་ཚོགས་པའི་ལས་ཁང་ནང་ལ་མངག་འགུག་བྱས་ཤིང་ང་ཕོད་གནས་དབྱུང་བཏང་བ་ལ་བོད་གཞུང་གི་ངོས་ནས་ངོས་ལེན་ཡོད་པ་མ་ཟད་ལས་ཀ་བ་ཚོས་ཁོ་ལ་རྒྱབ་སྐྱོར་བྱེད་མི་ཆོག་པས་བརྡ་གསལ་བོར་བསྟན། དེ་རྗེས་ཨ་རིའི་གྲོས་ཚོགས་ནས་རྡ་ས་ལ་ཉེན་བརྡ་སྤྲད་དུས་སྲིད་སྐྱོང་མཆོག་གིས་ངའི་སྒྲིག་འཛུགས་ཚོགས་པ་དང་ང་ལ་གནས་སྟངས་འདིའི་ཐད་ལ་འབྲེལ་བ་རྩ་བ་ནས་མེད་ཅེས་བང་ཆེན་གྱི་ཡིག་གེས་གསར་བསྒྲགས་ཤིག་འཕྲལ་དུ་སྤེལ། དེ་དང་ཆབ་ཅིག་ཨ་རིའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་མང་ཆེ་བས་ཡང་སྲིད་སྐྱོང་དང་རྡ་སར་དཀར་ཕུད་ཀྱིས་རྒྱབ་ནོན་ཡི་གེ་རེ་མུན་ནག་མདའ་འཕངས་ལྟར་བྱས་ནས་བྲིས། དེ་ནི་བོད་གླེན་པའི་མི་རིགས་ཀྱི་ཞེན་ཁག་དང་རང་སྐྱོན་རང་འགེབས་ཀྱིས་ཀུན་སློང་མཁྲེག་པོ་ཞིག་ལས་གཞན་ཨ་རི་ལྟ་བུའི་དོན་གྱི་དམངས་གཙོའི་རང་དབང་སྤྱོད་མཁན་གྱི་མི་རིགས་ཀྱི་ལས་ཀ་ཞིག་ལ་ཕྱོགས་ཙམ་ཡང་མི་ཉེ། མི་ཉུང་བས་གནས་ཚུལ་དང་ལོ་རྒྱུས་གང་མང་ཞིག་གིས་ང་ཚོ་སྟེ་བོད་མི་རིགས་ལ་སློབ་སྦྱོང་གསར་བ་ཞིག་དང་ལམ་ཁ་གསར་བ་ཞིག་སྟོན་གྱིན་འདུག །རུལ་སུངས་ཀྱིས་སྤྱོད་ལམ་དང་སྒེར་གཅོད་ཀྱིས་ལྟ་བ་དེ་རྣམས་ང་ཚོའི་ནམ་ཡང་འཁུར་མི་འོས། འོད་ཟེར་གྱིས་ང་ཕོད་དང་པོ་སློང་དུས། དམར་པོའི་སྲིད་གཞུང་འོག་ནས་ང་ཡང་གནས་དབྱུང་ལ་བཏང་མྱང་ཡང་། དེ་ནི་ད་ཐེངས་ང་ཕོད་ཀྱི་གནས་སྟངས་ལ་བལྟས་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད་ཟེར། མོ་ལ་དང་པོ་ངག་འཇམ་པོས་སྒོ་ནས་ལས་ཀ་བྱེད་སྟངས་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་གྱི་མི་འདུག་ཅེས་བརྗོད་པ་དང་། རྗེས་ནས་ཡང་མུ་མཐུད་དུ་ལས་ཀ་དེ་གཉེར་ན་རང་འགྲོ་དགོས་ཆགས་ཀྱི་རེད་ཅེས་ཐོག་མཐའ་བར་གསུམ་ལ་ལོ་རྒྱུས་དང་རྒྱུ་མཚན་བགྲངས་ནས་མོས་མཐུན་ཡོད་མེད་དང་བསྟུན་ཏེ་ལས་མཚམས་བཞག་བཅུག་པ་རེད་མ་གཏོགས་ང་ཕོད་ལ་ཐུབ་ཚོད་བཏང་བ་ནང་བཞིན་ཨ་རི་ཕར་ཕུད་རྒྱ་ནག་ལའང་མེད་ཟེར། དངོས་གནས་རེད། དོན་གྱི་རྒྱ་མོ་དེས་བོད་མི་རིགས་དང་བོད་མི་ལ་ཐུབ་ཚོད་དང་བརྙས་བཅོས་ཆེ་དྲག་པ་རེད། ཡིན་ནའང་རྒྱབ་ལྗོངས་བོད་པ་རང་གིས་བོད་རིགས་ལ་མཐོང་ཆུང་གཏོང་བས་བྱ་སྤྱོད་སྤེལ་བཅུག་པ་ཞིག་རེད། སྔོན་མ་༢༠༠༦ལོར་སྐྱབས་མགོན་རིན་པོ་ཆེས་རྒྱ་གར་ལྷོ་ཕྱོགས་འབྲས་སྤངས་མཆོད་རྟེན་ལ་དུས་དབང་གསུང་སྐབས་སུ་ནེའུ་ཡོག་དོན་གཅོད་ཀྱིས་སྐབས་འཚོལ་ཐབས་ལམ་བེད་སྤྱོད་བྱས་ནས་ནེའུ་ཡོག་རྒྱ་གར་གཞུང་ཚབ་ཁང་ལ་དོན་གཅོད་ཀྱིས་རྒྱབ་ནོན་མེད་ན་མཐོང་མཆན་མ་སྤྲོད་ཞུས་པས་མ་ཚད་ཡུལ་བསྐོར་མཐོང་མཆན་ཟླ་དྲུག་ཡོད་པ་དེའང་བོད་མི་ཚོ་ལ་ཟླ་གསུམ་མ་ག�%


བརྗོད་གཞི་གཞན་ཁག་ལ་གཟིགས།