དྲི་བ་བཞི་ལ་ལན་འདེབས

ཡི་གེ་ལ་འགོ་བརྗོད་མེད་པ་འདི་འགོ་མཇུག་མེད་པའི་མི་ལ་གཏམ་ལན་སྤྲད་པའི་ཆེད་དུ་ཡིན། ལགས་སོ། གོང་ས་མཆོག་དགོངས་ལོ་མཐོན་པོར་འགྲོ་བཞིན་ཡོད་རེད། དེ་ནི་ཁྱོད་གྱི་བཤད་མི་དགོས་པ་སྐྱེ་འགྲོ་སེམས་ཅན་ཐམས་ཅད་སྐྱེས་ནས་རྒས་པ་དེ་ལྡོག་དུ་མེད་པའི་ཆོས་ཉིད་ཀྱི་རང་བཞིན་རེད། ༼ཚད་ཡོད་གི་མི་ཚེའི་ནང་རྗེས་འཇུག་གི་ལས་ལ་མངགས་བཅོལ་བྱ་དགོས་༽པ་དེ་དངོས་གནས་རེད། དེར་བརྟེན་གོང་ས་མཆོག་གི་སྐུའི་ཡང་སྲིད་གི་ཐད་ལ་སེམས་ཁྲལ་གནང་མི་དགོས། བོད་ཀྱི་བདག་པོ་བོད་མི་ཡིན་དུས་སྐུའི་ཡང་སྲིད་ཀྱང་བོད་པས་ཐག་གཅོད་གི་རེད། ཟེར་སྒྲོས་མང་པོ་བཟོ་མཁན་དེ་ཁྱོད་རང་དང་ཁྱོད་རང་འདྲ་བའི་རྒྱུག་ཁྱི་དེ་ཚོས་དངུལ་ལོ་ཁ་ཤས་ཀྱི་ཆེད་དུ་ཕུག་དཀྲུག་མདའ་དཀྲུག་བཟོ་འཆར་ཡོད་པ་ལས། དོན་གྱི་བདག་པོས་སྐུའི་ཡང་སྲིད་ལ་འགལ་ཟླ་མེད་པར་ཆེས་མཐོའི་གསེར་ཁྲིའི་སྟེང་དུ་སྐྱེ་འགྲོ་སེམས་ཅན་ཐམས་ཅད་གྱི་མགོན་དང་དཔལ་དུ་ཕེབས་ངེས་ཡིན་པ་སྨྲོས་མེད་རེད། མ་ཚད་ཁྱོད་རང་ཡང་ཚེ་ཡི་ལྷག་མས་ཟིན་ན། ཡང་སྲིད་སྐུ་ངོ་མའི་ཞལ་རས་གསལ་ལམ་མེ་ཁྱེད་ཀྱི་མིག་ལམ་དུ་མཇལ་བའི་གོ་སྐབས་ཀྱང་ཡོད་སྲིད་པས་སྨོན་ལམ་ཐོབ། ཡང་སྲིད་བསྐོར་ལ་ཚོགས་འདུ་འཚོགས་དགོས་པའི་གནས་སྟངས་ག་དུས་ཀྱང་ཆགས་གི་མ་རེད། ད་ལྟར་གོང་ས་མཆོག་སྐུ་གཟུགས་བདེ་ཐང་ཡིན་དུས་ཡང་སྲིད་གི་དགོས་མཁོ་མི་འདུག། དེས་ཐད་ལ་རྒྱ་མིའི་རྒྱུག་ཁྱི་སྨྱུག་ཐོགས་པ་ཁྱེད་ལ་རྒྱུག་ལུང་རྒྱུག་ག་ཚོད་བྱས་ཀྱང་དོན་མེད་ངལ་བའི་རྒྱུ་ལས་མ་འདས། གལ་སྲིད་སྐུའི་ཡང་སྲིད་དགོས་མཁོ་བྱུང་ན་བརྩོད་འཛིང་མེད་པར་མི་འཇིག་གདོང་ལྔས་བཏེག་པའི་གསེར་ཁྲི་སྟེང་དུ་ཞབས་སོར་འཁོད་ངེས་ཡིན་པ་མ་ཚད། སྐུའི་ཡང་སྲིད་བརྫུན་མ་བཟོ་འཆར་སྟོང་བསམ་ཡོད་རིགས་ལ་བཀའ་ལན་གསལ་པོ་དང་འཇུག་བསྡོམ་ལེགས་པོ་ཞིག་ཀྱང་ཡོད་ངེས་པས་བཀའ་ལན་ལ་རེ་སྒུག་གྱིས་ཅེས་པ་ནི་བསླབ་བྱ་ཡིན། ༼དྲི་བ་དང་པོས་ལན༽༼ཁྱོད་ཀྱི་གསལ་སྒྲགས་ནང་ཡང་སྲིད་སྐྱེས་མིན་ཇི་ལྟར་ཡོང་མིན་གང་འདྲའི་བྱེད་མིན་སོགས་ནི་དོ་བདག་ལས་གཞན་ལ་རེ་མི་དགོས་པ་དེ་ལས་དང་སྨོན་ལམ་ལས་གྲུབ་པ་རེད་༽ཟེར་བ་དེ་བདེན་པ་རེད། གདུག་རྩུབ་ཅན་གྱིས་སྒེར་བཅོད་རིང་ལུགས་པ་ལ་རེ་མི་དགོས་པ་དེ་བོད་གྱི་བདག་པོ་བོད་མི་ཡིན་པའི་དབང་ལས་གཞན་ཅི། ༼ཁྱོད་ལྷ་རེད་༽ཟེར་བ་དེ་ཡང་བདེན་པ་རེད།་སྤྱན་རས་གཟིགས་གི་སྐུའི་སྤྲུལ་པ་ཡིན་པ་ཁྱོད་ཀྱི་ཀྱང་ཧ་གོ་འདུག། དེ་ནི་ཁྱོད་རང་བསོད་ནམས་མེད་པའི་ཚད་ལས་ཡོད་པ་རེད། ༼ཁྱོད་ཀྱི་ཅི་བཤད་རེད་༽ཟེར་བ་དེ་ཡང་བདེན་པ་རེད། ལས་དང་སྨོན་ལམ་གྱི་དབང་གིས་སྐུའི་ཡང་སྲིད་གྱི་ངོས་འཛིན་ཕྱོགས་གི་ཐད་ལ་གོང་ས་མཆོག་མ་གཏོག་ཐག་བཅོད་པའི་ལས་བསྐལ་དུད་འགྲོ་ཇག་ཚོགས་དམར་པོ་དང་དེས་རྒྱུ་ཁྱི་དེ་ཚོར་ལ་མེད་པར་དེ་བོད་མིའི་བསོད་ནམས་རེད། ༼ཡང་ནས་བསྐྱར་དུ་༽དྲི་དགོས་མཁན་དང་བརྫུན་བཏམ་སྒྲགས་དགོས་མཁན་དེ་དུད་འགྲོ་དམར་པོས་ཚོགས་པ་དང་བོད་པའི་ལ་རྒྱའི་དྲི་ཙམ་ཡང་མི་ལྡན་པའི་བོད་གཟུགས་ཅན་དེ་ཚོའི་དགོས་མཁོ་ལས། དོན་དངོས་ཐོག་ཡང་ནས་ཡང་དུ་གསུངས་དགོས་མ་རེད་ལ་གསུངས་དོན་ཡང་ཡོད་མ་རེད་གསུངས་ཡང་ཡོད་མ་རེད། ༼སྐུའི་ཡང་སྲིད་དགོས་མིན་དེ་བོད་མི་མང་ལ་དབང་ཆ་ཡོད་གསུངས་པ་དེ་བདེན་པ་རེད།༽ རྒྱུ་མཚན་ནི་གོང་ས་མཆོག་ཆོས་ཕྱོགས་གྱི་དབུ་ཁྲིད་ཙམ་ལས་སྲིད་དབང་གཞེས་གི་མེད་དུས་ནང་པ་སངས་རྒྱས་པའི་ཆོས་ལུགས་པ་ལ་ཆོས་ཀྱི་དབུ་ཁྲིད་དགོས་མིན་གསུངས་པ་ལས་སྲིད་ཀྱི་དབུ་ཁྲིད་དགོས་མིན་གསུངས་མེད་པ་རེད། ཁྱོད་ཀྱི་ཟེར་བ་ཇི་བཞིན་གོང་ས་མཆོག་ལྷ་ཡིན་དུས་རང་གཅིག་པུ་སངས་རྒྱས་ཀྱི་སར་མ་གཟིགས་པར་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕོང་ཐོབ་དགོས་པ་འདྲ་མཚུངས་ཡིན་པ་དང། ཆོས་བྱེད་རྒྱུར་མི་ཚང་མའི་འགན་འཁྲི་ཡིན་དུས་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཆོས་བཤད་མཁན་འམ་ཆོས་ཁྲིད་མཁན་ཟེར་ན་འདྲ་སངས་རྒྱས་ཀྱི་སར་ཁྲིད་མཁན་གིས་དབུ་ཁྲིད་ཟེར་ན་འདྲ་ལམ་སྟོན་པ་སྐུའི་ཡང་སྲིད་དེ་དགོས་མིན་མི་མང་ལ་དབང་ཆ་ཡོད་དུས་མི་མང་ལ་གདམ་ཁ་སྤྲད་པ་ལས། མི་མང་ལ་དབང་ཆ་ཡོད་གསུངས་པ་དེས་སྐུའི་ཡང་སྲིད་ཡོད་མེད་གི་ཐད་ལ་དོག་པ་མི་དགོས་པ་སྐུའི་ཡང་སྲིད་ཡོད་ངེས་པར་ནི་ངེས་གཏན་རེད་ཞལ་གཞེས་ཐོབ་ལ་ལྟོས། དེ་མིན་དོན་གྱིས་བདག་པོ་ཡག་པོ་མིན་པའི་སྒྲུབ་བྱེད་སྟོང་གསུམ་བསྐོར་ཡང་བརྙེད་རེ་སྐན། རྒྱུ་མཚན་དེས་ན་དོན་གྱི་བདག་པོ་གོང་ས་མཆོག་མི་ཐབ་ཆག་ཇག་པ་དམར་པོའི་ཚོགས་པ་དང་དེས་རྒྱུག་ཁྱི་འདྲེ་གདོན་ལྟར་བུ་མིན་པ་མངོན་པར་གསལ།  ༼གཉིས་པའི་ལན༽༼ཡང་སྲིད་ཕྱོགས་གང་དུ་འབྱུང་དགོས་མིན་དང ། དེས་ནང་གལ་ཆེ་ཤོས་སྐུ་གོང་མའི་འདའ་ཁའི་ཁ་ཆེམས་ལམ་སྟོན་ཡང་དམིགས་གསལ་གྱི་རྟགས་མཚན་༽ཟེར་བ་དེ་བདེན་པ་རེད། ནང་པ་སངས་རྒྱས་པའི་ལུགས་ལ་སྤྲུལ་སྐུ་ལམ་ལུགས་ཡང་སྲིད་ངོས་འཛིན་བྱེད་སྟངས་མང་པོ་ཡོད། ལྷ་དང་བླ་མའི་བཀའ་ཕྱག་དགོངས་གསུམ་དང་མ་འདས་སྤྲུལ་སྐུ་ལ་སོགས་པ་མང་པོ་ཡོད་རེད། དོན་དག་གཙོ་བོ་དེ་སྐུའི་ཡང་སྲིད་དགོས་མིན་དེ་བོད་རྒྱ་ཆེའི་མི་མང་གི་འདོད་མོས་ལས། ཁྲེལ་དང་ངོ་ཚ་མེད་པའི་མཐའ་མི་ཀྲུང་གོ་ཇག་པ་དམར་པོ་ལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་བྱུས་ཏོག་དང་ཐོབ་ཐང་རྐང་གཅིག་མེད་པར་དེ་དུས་དང་རྣམ་པར་ཀུན་ཏུ་ཧ་གོ་བར་གྱིས་ཤིག།  ༼དྲི་བ་གསུམ་པའི་ལན༽གོང་གི་ལན་དེས་མཐུས་ཀྱང་ཏིག་ཙམ་བཤད་ན་སྐུའི་ཡང་སྲིད་ངོས་འཛིན་ཕྱོགས་ཐད་གོང་ས་མཆོག་གིས་གང་གཞེད་པའི་ཐུགས་བསམ་ལས་རྒྱ་ནག་དམར་ཤོག་ཚོགས་པ་ལ་བྱུས་ཏོག་ཡོད་མ་རེད་ཅེས་པ་དེ་ཡིན།  ༼དྲི་བ་བཞི་པའི་ལན༽༼སྐུའི་ཡང་སྲིད་ནམ་འཚོལ་དང་ནམ་དགོས་༽དེ་རྒྱ་ནག་དམར་ཤོག་ཚོགས་པ་ལ་བཀའ་འདྲི་བསྐོར་མི་དགོས་ལ་ཁྱེད་ཚོས་སློབ་སྟོན་ཡང་དེ་ལས་ཀྱང་མི་དགོས། བོད་ཀྱི་བདག་པོ་བོད་མི་ཡིན་དུས་བོད་ལ་ཕན་པའི་བྱ་བ་གང་དགོས་ང་ཚོས་བལྟ་བ་ལས་དུད་འགྲོ་ཁྱོད་ཚོར་བྱུས་ཏོག་བྱེད་པའི་དབང་ཆ་སུས་སྤྲད་པ་རེད། ། མ་ཚད་བོད་དེ་ཀྲུང་གོའི་ཁོངས་གཏོགས་མ་རེད་མིན་པའི་རྒྱུ་མཚན་ཧ་གོ་དགོས་ན་རྒྱལ་རབས་གསལ་བའི་མེ་ལོང་སོགས་རྒྱལ་རབས་རྒྱ་ནག་དམར་ཤོག་གི་མ་བསྒྱུར་བ་བོད་ཀྱི་མཁས་དབང་ཚོས་རང་དབང་གི་ཐོག་ནས་བརྩོམ་པའི་རྒྱལ་རབས་དེ་ཚོ་ཀློག་དང་ཧ་གོ་ངེས་ལས་འགྲེལ་བཤད་བྱེད་ཚོད་མེད། ཏ་ལའི་ཞེས་པའི་མཚན་དེ་ཡང་རྒྱ་ནག་གིས་ཕུལ་བ་མ་ཡིན་པར་སོག་པོ་རྒྱལ་པོའི་མཚན་གནས་ཕུལ་བ་དེ་ཡང་སོག་པོ་རྒྱལ་པོས་རྒྱལ་རབས་ལ་ལྟོས་དང་གསལ་ངེས་ལས་འགྲེལ་བཤད་བྱེད་ཚོད་མེད།  མ་ཚད་གོང་ས་མཆོག་གི་སྐུའི་ཡང་སྲིད་རྒྱུད་མཐུད་དགོས་མིན་དེ་བོད་རྒྱ་ཆེའི་མི་མང་གི་འདོད་མོས་ལས་དུད་འགྲོ་ཁྱོད་ཚོར་བྱུས་ཏོག་མེད་པར་ཧ་གོ་བ་བྱོས། ད་དུང་གཞན་པ་ཞིག་ལ་བོད་ཟེར་མཁན་འདི་རང་བཙན་ཅན་གྱི་རྒྱལ་ཁབ་ཡིན་མིན་བོད་རྒྱལ་བཙན་པོ་ཚོའི་དམག་རྒྱབ་ནས་རྒྱ་ནག་གིས་རྒྱལ་ཁབ་བཟུང་བའི་ལོ་རྒྱུས་ཀྱང་མི་ཉུང་བ་ཞིག་མཇལ་རྒྱུ་འདུག་པས་ཞིབ་འཇུག་ཡག་པོ་བྱོས། གོ་མིང་ཏང་གིས་ཀྲུང་གོ་ལ་གང་བྱས་དེ་ལས་སྡུག་པ་ཀྲུང་གོའི་བོད་ལ་མནར་གཅོད་གཏོང་བ་དེ་བོད་ཆེན་པོ་འདི་རྩ་མེད་མ་སོང་བར་དགྲ་ཤ་ལེན་ངེས་པས།  རྒྱུག་ཁྱི་ལགས། བློ་བདེ་མོ་གྱིས། ཉི་མ་གཅིག་ཁྱེད་རང་ཡང་བོད་པ་གཞན་པ་ཚོར་མྱོང་བཞིན་པའི་མནར་གཅོད་གྱི་བྲོ་བ་དེ་ཡག་པོ་ཞིག་མྱོང་པའི་སྨོན་ལམ་རྩེ་གཅིག་ཏུ་འདེབས་གི་ཡོད་ཡ།  རྒྱུག་ཁྱི་དུད་འགྲོའི་བུ། དྲིན་ཅན་ལག་པ་འཆའ། རྒྱུག་ཁྱི་དུད་འགྲོའི་བུ། སྐྱག་པ་ཉལ་སར་གཏོང། རྒྱུག་ཁྱི་དུད་འགྲོའི་བུ། སྐྱག་པའི་དྲི་མ་སྒྲུབ། ཁྱེད་ལ་དེ་ཙམ་ལས་ཐོབ་བསྐལ་མེད་པ་འདྲ། བོད་རྒྱལ་ལོ།།།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ཏཱ་ལའི་བླ་མར་དྲི་བ་བཞི་འགོད་པ།"



བརྗོད་གཞི་གཞན་ཁག་ལ་གཟིགས།