ཁོང་ཚོས་ངེས་པར་བཙན་བྱོལ་བོད་གཞུང་དང་༸གོང་ས་མཆོག་གི་དགོངས་གཞི་གསལ་ཤེས་ཐུབ་པ་བཟོ་དགོས།

ངའིབསམ་ཙུལ་བྱས་ན་ད་ལན་རྒྱ་རིགས་ཁག་ཅིག་བཞུགས་སྒར་དུ་བཅར་ཏེ་བཙན་བྱོལ་སྤྱི་ཚོགས་ནང་བསྐོར་བསྐྱོད་བྱ་རྒྱུ་དེར་བཟང་ཕྱོགས་ནས་བསམ་བློ་བཏང་ཚེ་ཏན་ཏན་ཕན་ཚུན་ཡིད་ཆེས་དང་རྒྱུས་ལོན་བྱ་རྒྱུར་་ཕན་་ཐོགས་ངེས་ཅན་ཡོད་པའི་གནས་སྟངས་ཤིག་མཐོང་གི་འདུག འོན་ཏེ་ང་ཚོ་བོད་་མི་ཚོས་ག་དུས་ཡིན་ནའང་ཨེ་གསར་བྱ་རྒྱུ་མེད་པར་དགྲ་གཉེན་ངོ་ཤེས་པ་བྱས་ཏེ་སྣེ་ལེན་བྱ་རྒྱུ་དེ་གལ་ཆེན་པོ་རེད། ཁོང་ཚོའི་ཁྲོད་རྒྱ་ནག་འཐབ་ཕྱོགས་གཅིག་་གྱུར་པུའུ་དང་འབྲེལ་བ་ཡོད་པའི་མི་སྣ་ཏན་ཏན་ཡོད་སྲིད་པས་ཁོང་ཚོས་ད་རེས་གོ་སྐབས་འདི་བརྒྱུད་ནས་གནས་ཚུལ་མང་དག་ཞིག་བསྒྲུག་སྟེ་ཕྱིར་ལོག་རྗེས་ཁོང་ཚོར་སྙན་སེང་ཞུ་གཏན་འཁེལ་ཡོད་རེད། ཡིན་ནའང་བཟང་ཕྱོགས་ཁོ་ནས་བསམཚུལ་སྤེལ་ཚེ་ད་རེས་རྒྱ་རིགས་རྒྱ་གར་དུ་ཡོང་སྟེ་བོད་མི་གནས་སྟངས་དངོས་སུ་མཐོང་ཚེ་ཏན་ཏན་ཁོང་ཚོས་ང་ཚོའི་སྒྲིག་འཛུགས་དེར་ཧ་ལས་ཏེ་གྲུབ་འབྲས་དེ་ཚོའི་ཐོག་ནས་བོད་མི་ཚོས་འཐབ་རྩོད་དེ་མི་གཅིག་དང་མི་རབས་གཅིག་ལ་སྤུངས་མེད་པར་མི་རབས་ནས་མི་རབས་སུ་བསམ་བློ་བཏང་སྟེ་སྒྲིག་འཛུགས་སྲ་བརྟན་ཚུགས་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་རེད།།


བརྗོད་གཞི་གཞན་ཁག་ལ་གཟིགས།