བོད་ཀྱི་བཀའ་ཁྲི་མཆོག་

ཁང་གསར་རྡོ་རྗེ་ལགས། སྤྱིར་གཏང་བྱས་ན་ང་ཚོ་བོད་པ་ཟེར་མཁན་འདི་མི་རིགས་སྡུག་པོ་ཞིག་རེད་འདུག་གང་ལགས་ཞེ་ན་བོད་མི་གཅིག་ཡག་པོ་བྱུང་ན་དེ་ལ་ཕྲག་དོག་དང་འགྲན་སེམས་ཁོ་ན་ལས་སྤྱི་ཚོགས་ཐོག་ཕན་པའི་ལས་སྣེ་གཅིག་སྟོན་རྒྱུ་མེད་ཀྱང་གཞན་སྐྱོན་ཁོ་ན་འཚོལ་ནས་འཆལ་གཏམ་སྒྲོགས་པ་ལས་རྩ་དོན་ལ་ཕན་པའི་བྱ་བ་སྣེ་གཅིག་སྟོན་རྒྱུ་ཡོད་མ་རེད དཔེར་ན་ཁང་གསར་རྡོ་རྗེ་ལྟར་བུ་། ཁང་གསར་རྡོ་རྗེ་ལགསཁྱེད་ལ་ཁ་བདེ་བོ་དང་ལྕེ་རྣོན་པོ་ཡོད་ཚོད་འདུག་ད་འོ་ན་བོད་ཀྱི་བཀའ་ཁྲི་མཆོག་རྒྱ་དགའ་རེད་ཟེར་གི་འདུག་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་ཐོག་བོད་ལ་ཕེབས་རེད་ཟེར་གི་འདུག།དེས་གནས་ཚུལ་དེ་བཀའ་ཁྲིའི་སྐབས་སུ་རེད་ཡང་ན་སྔོན་མ་བཀའ་ཁྲི་མིན་པའི་སྐབས་སུ་རེད། བོད་མི་བོད་ལ་འགྲོ་དུས་རྒྱ་དགའ་རེད་ཟེར་ན་འགྲིགས་གི་རེད་བས ཡང་ན་ཁྱེད་ཀྱི་མངོན་སུམ་དུ་མཐོང་ནས་བཀའ་ཁྲི་མཆོག་རྒྱ་དགའ་ཡིན་པའི་དཔང་རྟགས་སྟོན་ཤོག་དེ་མིན་ན་སྡུག་ཁ་བཙུམ་ན་དགའ་གི་རེད། ཁྱེད་ཀྱི་ཟེར་གཏམ་ལ་ལྟས་ན་རྒྱ་དགའ་ཁྱོད་རང་ཡིན་ས་རེད། བཀའ་ཁྲི་མཆོག་ཁྲི་ལ་མཁོད་ནས་དུས་ཡུན་རིང་པོ་སོང་ཡོད་མ་རེད། བོད་ལ་ཕན་པའི་ལས་སྒྲུབ་ཐུབ་མ་རེད་ཟེར་ན་འགྲིགས་གི་རེད་བས བཀའ་ཁྲི་མཆོག་གི་བོད་ལ་ཕན་པའི་ལས་སྒྲུབ་ཐུབ་གི་མ་རེད་ཟེར་ན་ཁྱོད་ལ་དཔང་རྟགས་ཅི་ཡོད། བཀའ་ཁྲི་མཆོག་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་ཐོག་ནས་བོད་ལ་ཕེབས་རེད་ཟེར་ན་བོད་གཙོང་བ་ཁྱོད་རང་གི་མིག་གི་མཐོང་སོང་བས བོད་པ་བོད་ལ་འགྲོ་སྐབས་ལག་ཁྱེར་འདྲ་མིན་ཐོག་ནས་འགྲོ་དགོས་ཐུག་གི་ཡོད་རེད། ཁྱོད་རོ་མིག་འགགས་མེད་ན་ཡག་པོ་ལྟོས་དང དཔེར་ན་བལ་པོའི་ཡུལ་མིའི་ལག་ཁྱེར རྒྱ་གར་ཡུལ་མིའི་ལག་ཁྱེར ཐ་ན་བོད་ནས་ཚུར་ཡོང་མཁན་དེ་ཚོས་ལག་ཁྱེར་ཡང་རྒྱ་མིའི་ལག་ཁྱེར་རེད་མི་འདུག་བས་དེ་ཚོ་སྡུག་པོ་རེད་ཟེར་ན་འགྲིགས་གི་རེད་བས། དཔེར་ན་སྐྱབས་མགོན་རིན་པོ་ཆེའི།Tibetans are citizen of the world but without passport གསུངས་པ་དེ་ཡང་མཐོང་མ་སོང་བ། ཁང་གསར་རྡོ་རྗེ་ཁྱོད་རང་སྤྱི་ཚོགས་ལ་དཀྲུགས་ཤིང་དང་སྤྱི་ཚོགས་ལ་འཆལ་གཏམ་དང་ཁུང་ལུང་མེད་པའི་གཏམ་མི་ངན་ཁྱོད་འདྲས་བཤད་ན་ཉན་དགོས་པ་མི་འདུག་ཀྱང་བོད་པ་ཞིག་ཡིན་པའི་ཆ་ནས་གསལ་བཤད་བྱས་པ་ཡིན། ད་ཁྱོད་རང་ག་རེ་བྱེད་རྒྱུ་ཡོད་བློ་བཟང་སེངྒེ་བཀའ་བློན་གིས་ཁྲི་ལ་འཁོད་ཚར་སོང། ཁྱོད་མ་དགའ་ན་ཡང་སྡུག་གྱོང་རེད་ཡང་མིན་ན་རང་མེད་བྱོས་དང་ངས་ཁྱོད་ལ་མིང་ཡག་པོ་ཞིག་རག་ཐབས་བྱེད་ཆོག། དེ་མིན་ན་ཚེ་འདི་ལ་ཁྱོད་རང་འདྲ་བའི་མི་ངན་དེ་ཚོ་ལ་མིང་ཡག་པོ་དང་མི་ཡག་པོ་མཐོང་གི་མ་རེད་ བཀའ་ཁྲི་ལ་ནོར་འཁྲུལ་ཡོད་་རེད་ཟེར་ན་ཁྱོད་གི་བོད་ལ་ཕན་པའི་བྱས་རྗེས་ག་རེ་སྟོན་རྒྱུ་ཡོད། གཞན་ལ་ལྟ་བའི་མིག་ཡོད་ཀྱང། རང་ལ་ལྟ་བའི་མེ་ལོང་དགོས་གསུངས་པ་དེ་མཐོང་མ་སོང་བས
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བློ་སེང་གི་རྫབ་ཆེན་པོའི་སྐད་ཆ་དང་བོད་གཞུང་གི་འོས་འགན།"བརྗོད་གཞི་གཞན་ཁག་ལ་གཟིགས།