དུས་དྲན།

ཚངས་སར་ཕྲིན་ལས་ལགས་ཀྱིས་དགོངས་པ་ལེགས་པོ་ཞིག་བཞེས་ནས་གསུངས་འདུག་ནའང་། དགེ་རྒན་གྱི་དུས་དྲན་བོད་པའི་སློབ་གྲྭ་ཡོངས་རྫོགས་སུ་བསྲུང་རྩི་ཞུ་ཡི་མེད་པ་མཁྱེན་གནང་མི་འདུག དཔེར་ན། ལོ་མང་པོ་ཞིག་གི་སྔོན་ནས་རྡ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་གཉིས་ཀར་དྲས་དྲན་འདི་ལ་མིང་གཞན་ཞིག་གི་སྒང་ནས་བསྲུང་བརྩི་ཞུ་ཡི་ཡོད་པ་རེད། དེའི་མིང་ལ་ལས་བྱེད་ཀྱི་ཉིན་མོ་ཞེས་བརྗོད་པ་ཡིན། དེ་ནི་སློབ་གྲྭ་ཁག་ཏུ་བོད་ཕྲུག་ཚོར་དགེ་རྒན་གཅིག་པུས་ཞབས་ཞུ་གནང་བ་མིན་པར་དེ་ཚོའི་ནང་གི་ལས་བྱེད་ཚང་མས་ཞབས་འདེགས་འདྲ་མཉམ་ཞུ་ཡི་ཡོད་ཟེར་བའི་རྒྱུ་མཚན་ཡིན། དོན་དངོས་སུ་སློབ་གྲྭ་དེ་དག་གི་དགེ་རྒན་མིན་པའི་ལས་བྱེད་རྣམས་དགེ་རྒན་ཚོར་ཕྲག་དོག་ཆེན་པོ་བྱུང་བའི་རྐྱེན་ཡིན་པ་ལྟ་བུ་སྣང་། སྔོན་མ་སློབ་གྲྭ་དེ་དག་ཏུ་དགེ་རྒན་གྱི་ཉིན་མོ་བསྲུ་བརྩི་ཞུ་སྐབས་སློབ་ཕྲུག་རྣམ་པས་དགེ་རྒན་རྣམས་ལ་བཀྲིན་མཚོན་བྱེད་དུ་གསོལ་སྟོན་བཤམ་པ་དང། ཕྱག་རྟགས་འབུལ་བ་སོགས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པས་ལས་བྱེད་གཞན་རྣམས་ལ་མཐོང་ཆུང་ལྟ་བུའི་ཚོར་སྣང་བྱུང་ནས་མི་དྲན་རྒྱུ་འབོལ་པོ་འགས་ཉིན་མོ་དེ་ལས་བྱེད་ཚང་མར་བཀྲིན་ཚོར་ཤེས་ཀྱི་ཉིན་མོར་བཟོ་དགོས་པའི་བསམ་ཚུལ་ཤུགས་ཆེན་བསླེབས་པར་བརྟེན་དུས་དྲན་གྱི་ཚེས་དང་དུས་དྲན་གྱི་ངོ་བོ་རང་འཇགས་ཐོག་ལས་བྱེད་ཀྱི་་ཉིན་མོ་ཞེས་བསྲུང་བརྩི་ཞུ་སྲོལ་དེ་བྱུང་བ་ཡིན། འོ་ན་དེས་སློབ་ཕྲུག་ཚོའི་བསམ་བློར་ཁྱད་པར་བྱུང་ཐུབ་ཡོད་དམ་ཞེ་ན། འགྱུར་བ་གང་ཡང་བྱུང་མེད། དེས་རྐྱེན་གྱིས་ལས་བྱེད་ཚང་མར་བཀྲིན་མཚོན་ཐུབ་པ་ཕར་བཞག་སྔོན་མར་དགེ་རྒན་ལ་བཀྲིན་གྱི་བསམ་ཤེས་ཆེ་བ་དེ་ཡོངས་སུ་སྟོར་ནས་ད་ཆ་དུས་དྲན་འདི་མིང་ཙམ་ཞིག་གི་སྒང་སྲུང་བརྩི་ཞུ་ཡི་ཡོད་པ་རེད། མདོར་ན་ཕྲག་དོག་ཆེ་བའི་མི་སྣ་ཤུགས་ཆེན་འགའ་ཤས་ཀྱི་མིག་ངོར་ལྟ་མ་ཐུབ་པའི་འཁྲུག་ཆ་དོད་པོ་དེ་མེད་པ་ཏན་ཏན་བཟོ་ཐུབ་པ་བྱུང་ཡོད། གནས་སྟངས་འདི་ཚོར་བལྟས་ན་རང་ཅག་བོད་མི་ཚོས་འཛམ་གླིང་ལ་ཕན་ཐོགས་ཤིག་ཕར་བཞག་རང་སོ་སོའི་མི་རིགས་ལ་ཕན་ཐོགས་ཡོང་ཐབས་ཟད་པ་ཞིག་ཡིན་ན། བསམ་ཡོད་བོད་མི་ཚང་མས་ཐུགས་འཁུར་ཆེན་པོ་བཞེས་པའི་ཐོག་ནས་གྱེལ་བའི་སྟེང་དུ་བརྡོག་རྫི་མིན་པར་གྱེལ་ས་ནས་སློང་ཐབས་ལ་འབད་བརྩོན་གང་ཡོང་གནང་དགོས་པ་གལ་ཆེ་བའོ། །
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "དགེ་རྒན་གྱི་དུས་ཆེན་དང་འབྲེལ་བའི་བསམ་ཚུལ།"



བརྗོད་གཞི་གཞན་ཁག་ལ་གཟིགས།