༧མགོན་པོ་གང་གི་དཔེ་དེབ་གསར་པ་ཞིག་འགྲེམས་སྤེལ།

༸གོང་ས་༸སྐྱབས་མགོན་ཆེན་ པོ་མཆོག་གིས་ཆོས་ལུགས་ལ་གཞི་མ་བཅོལ་བའི་ཐོག་ནས་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་ཀྱི་སྐོར་ལྗགས་རྩོམ་གནང་བའི་དཔེ་དེབ་གསར་པ་འགྲེམས་སྤེལ་གནང་འདུག

དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ནང་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ལ་གཞི་མ་བཅོལ་བའི་ཐོག་ནས་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་ཀྱི་དཔེ་དེབ་གསར་པ་(Beyond Religion:Ethics For a Whole World)ལྗགས་རྩོམ་མཛད་པ་དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༦ ཉིན་རྒྱལ་སྤྱིའི་ཁྲོམ་རྭའི་ནང་ཐོན་ཡོད། དཔེ་དེབ་དེ་བཞིན་ཨ་རིའི་བྷོ་སི་ཊོན་དུ་རྟེན་གཞི་བྱས་པའི་ཧུ་ཊོན་མི་ཕི་ལིན་ཧར་ཀོ་ཊི་(Houghton Mifflin Harcourt) ཞེས་པའི་དཔེ་དེབ་པར་སྐྲུན་ཁང་ནས་འགྲེམས་སྤེལ་ཞུས་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༧ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།