མཐོ་སྒང་བོད་མིའི་ཚོར་བ་སྐོར་གྱི་དཔེ་དེབ་གསར་པ་ཞིག

ཨ་རིའི་རྩོམ་པ་པོ་དང་པར་པ་ཞིག་གིས་བརྩམས་གནང་བའི་མཐོ་སྒང་བོད་མིའི་ཁོར་ཡུག་རིག་གཞུང་སོཌ་ཀྱི་གནས་སྟངས་སྐོར་མཐོ་སྒང་བོད་མིའི་ཚོར་བ་སྐོར་གྱི་དཔེ་དེབ་གསར་པ་ཞིག་ཅེས་པའི་དཔེ་དེབ་གསར་པ་ཞིག་ཐོན་ཡོད་འདུག་པ་དེ་ད་ལྟ་གློག་པ་པོ་ཚོས་གཟིགས་ཆོག་ཆོག་རེད་འདུག

རྩོམ་པ་པོ་Phil Borgesཕེལ་བྷོར་ཇེ་སི་ལགས་ཀྱི་དཔེ་དེབ་དེའི་ནང་བོད་ནི་ཨེ་ཤ་ཡའི་རྒྱལ་ཁབ་སྟེ་རྒྱ་གར་དང༌། པཱ་ཀི་སི་ཐན། རྒྱ་ནག་སོགས་ཀྱི་ཆུ་བོ་མང་ཆེ་བའི་འབྱུང་ཁུངས་སྟེ། མི་འབོར་ཐེར་འབུམ་༢ཙམ་གྱིས་འཚོ་རྟེན་བྱས་ཡོད་པ་དང༌། ད་ལྟའི་ཆར་ཁོར་ཡུག་གཏོར་བཤིགས་དང་གོ་ལ་ཚ་དྲོད་ཀྱིས་རྐྱེན་པས། གངས་རི་རྣམས་རིམ་བཞིན་ཞུ་བཞིན་པའི་གནས་སྟངས་འོག མ་འོངས་པར་བོད་ཀྱི་ཆུ་བོ་ཁག་ལ་འཚོ་རྟེན་བྱས་ཡོད་པའི་མི་མང་རྣམས་ལ་དཀའ་ངལ་ཤུགས་ཆེ་འཕྲད་སྲིད་སྐོར་གསུངས་ཡོད་འདུག

གཞན་ཡང་རྒྱ་ནག་གཞུང་གིས་བོད་ནང་དུ་ལམ་ཁ་གསར་རྒྱག་དང༌། མེ་འཁོར་ལྕགས་ལམ་འཛུགས་སྐྲུན། ཆུ་མཛོད་གསར་རྒྱག་བཅས་ཀྱིས་རྐྱེན་པས་མཐོ་སྒང་བོད་མིའི་ཁོར་ཡུག་ལ་གཏོར་སྐྱོན་ཤུགས་ཆེ་ཐེབས་བཞིན་ཡོད་པ་དང་། དེང་དུས་ཚན་རིག་དང་སྤྱི་ཚོགས་ཡར་རྒྱས་ལ་ཁ་གཡར་བའི་བཅོས་སྒྱུར་དེས། བོད་མི་ཞིང་འབྲོག་དང༌། གྲྭ་བཙུན་རྣམས་ཀྱི་ཚོར་བར་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་སྐོར་བཅས་བརྗོད་ཡོད་འདུག གནས་ཚུལ་ཞིབ་ཕྲ་དྲ་ཐག་འདི་ནས་གཟིགས་གནང་ཡོད་པ་ཞུ། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༡༨ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།