ཆཱ་ཁའོ་སའི་ལོ་ཝ་ཁེ་ཡའི་སྐུ་ཚབ་དོན་གཅོད་རྡ་སར་འབྱོར།

ཟླ་འདིའི་༡༦ཉིན། ཆཱ་ཁའོ་སའི་ལོ་ཝ་ཁེ་ཡའི་སྐུ་ཚབ་དོན་གཅོད་བཞུགས་སྒར་རྡ་རམ་ས་ལར་འབྱོར་ཡོད་པ་དང༌། མ་འོངས་པར་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག

ཁོང་གྷ་གྷུལ་གནམ་ཐང་དུ་འབྱོར་སྐབས་བཙན་བྱོལ་བོད་མི་ཚོས་ཕེབས་བསུ་དང་མཇལ་དར་ཕུལ་ཡོད་པ་དང༌། སྐབས་དེར་ཁོང་གིས་ང་རང་གཟའ་པ་སངས་བར་དུ་འདི་རུ་འདུག་རྒྱུ་ཡིན་ལ། འདི་ནི་གཞུང་འབྲེལ་གྱི་ལྟ་སྐོར་ཞིག་མིན་པས་ཚོགས་འདུ་བསྡུ་སྐོང་བྱ་རྒྱུའི་ཐོག་ད་ལྟ་ང་ལ་གང་ཡང་བཤད་རྒྱུ་མེད་ཅེས་བརྗོད་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༡༨ཉིན

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།