༧གོང་ས་མཆོག་ཇམ་མུ་ཁུལ་དུ་ཆིབས་བསྒྱུར་བསྐྱངས་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༡༦ཉིན། དེ་རིང་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་རྒྱ་གར་བྱང་ཕྱོགས་ཇམ་མུ་ Jammu ནས་ཀི་ལོ་མི་ཊར་ ༣༠ ཙམ་གྱི་སར་ཡོད་པའི་ཨམ་བྷ་རན་ Ambran ཞེས་པའི་གྲོང་ཚོའི་ནང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད།

བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་བཀོད་གསལ་ལྟར་ན། རྒྱ་གར་གྱི་ས་གཞི་དཔྱད་རིག་ཚན་པས་ཨམ་བྷ་རན་ཁུལ་དེ་ནས་རྙེད་སོན་བྱུང་བའི་རིང་བསྲེལ་དང་ནང་པའི་ལྷ་ཁང་། དགེ་འདུན་པའི་གཟིམ་ཤག དེ་བཞིན་མཚམས་ཁང་སོགས་ཀྱི་དངོས་རྫས་རྣམས་ལ་བརྟག་དཔྱད་བྱེད་སྐབས་ས་གནས་དེར་དེ་སྔ་དུས་རབས་ ༢ ནས་ ༧ བར་ནང་ཆོས་ཤུགས་ཆེ་དར་ཡོད་ཚུལ་བརྗོད་བཞིན་ཡོད།

དེར་བརྟེན་ཕྱི་ཚེས་ ༡༤ རེས་གཟའ་དམིག་དམར་ཉིན་མངའ་སྡེའི་འཕྲོད་བསྟེན་དང་ཡུལ་འཁོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ཤཱམ་ཤར་མ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས།  ས་གནས་དེར་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་སྐོར་དང༌། མང་ཚོགས་རྣམས་ཀྱིས་ཡུན་རིང་ནས་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཕེབས་སྒུག་ཞུ་བཞིན་ཡོད། སྐབས་དེར་གང་ཉིད་ཀྱི་བཀའ་སློབ་དང་གསུང་བཤད་གནང་སྐབས་ཁྱོན་མི་གྲངས་ ༥༠༠༠༠ ཙམ་འདུ་འཛོམས་བྱ་རྒྱུའི་ཚོད་དཔག་བྱེད་ཀྱིན་ཡོད་ཅེས་འགྲེལ་བརྗོད་གནང་འདུག

གཞན་ཡང་༧གོང་ས་མཆོག་གིས་ཨམ་བྷ་རན་ཁུལ་ལ་ཕེབས་ཞོར་དུ་ཇམ་མུའི་གྲོང་ཁྱེར་ནང་པར་རིགས་འགྲེམ་སྟོན་ཞིག་དབུ་འབྱེད་མཛད་རྒྱུ་ཡིན་འདུག དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཨམ་བྷ་རན་གྲོང་ཚོའི་ས་ཁུལ་གྱི་སའི་འོག་ནས་རྙེད་སོན་བྱུང་བའི་རིང་བསྲེལ་ལ་མཇལ་ཁ་ཞུ་གནང་མཛད་རྒྱུ་དང༌། ས་གནས་ Akhnoor ཨ་ཁོ་ནོར་རུ་སློབ་མ་རྣམས་ལའང་བཀའ་སློབ་དང་གསུང་བཤད་གནང་རྒྱུ། ཕྱོགས་མཚུངས་སྐབས་དེར་རྒྱ་གར་སྦི་ཇེ་པི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་བགྲེས་པ་སྐུ་ཞབས་ཨེལ་ཀེ་ཨ་ཌི་ཝ་ནི་L.Kadvani མཆོག་ཀྱང་ཁུལ་དེར་ཕེབས་ཏེ་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།