སྤྱི་འཐུས་ཚོགས་གཙོ་མཆོག་གི་གཞུང་འབྲེལ་ཕྱོགས་སྐྱོད།

ཚོགས་འདུ་དེ་ཨི་ཊ་ལི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷན་ནའི་ཝར་ནའི་ཊའི་ཡི་ཨེ་ལེན་སུ་མང་གཙོ་ཚོགས་པས་བཀོད་སྒྲིག་བྱས་པ་ཡིན་ལ། སྐབས་དེར་ཆབ་སྲིད་ཀྱི་དབུ་ཁྲིད་དང་མང་གཙོའི་ལས་འགུལ་བ། ཆབ་སྲིད་གཏན་འབེབས་པ། ཆེད་ལས་ཤེས་ཡོན་པ་སོགས་འདུ་འཛོམས་གནང་རྒྱུ་ཡིན་པ་དང༌། ཚོགས་གཙོ་མཆོག་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཡར་སྐུལ་བྱེད་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག

ཕྱི་ཚེས་༡༢ཉིན་གྱི་ཕྱི་དྲོར་ཚོགས་གཙོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཕེབས་ཐོན་གནང་ཏེ་ཕྱི་ཚེས་༡༤ ཉིན་བཞུགས་སྒར་དུ་འབྱོར་རྒྱུ་ཡིན་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༩ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།