རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོར་འབོད་སྐུལ་ཞུ་ན་ཡག་པོ་འདུག

བོད་པ་ཚོས་ལས་འགུལ་སྤེལ་བ་ལས་གོང་དུ་རྒྱ་གར་བ་མང་དག་ཞིག་གིས་ཁ་པར་བཏང་ནས་འབྲེལ་བ་བྱས་པ་བཞིན་ད་ལན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཚོར་འབོད་སྐུལ་ཆེ་ཙམ་ཞུ་ནས་རྒྱ་གར་འབྲེལ་ཡོད་ལས་ཁུངས་ལ་ཞུ་གཏུག་བྱེད་དེ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ་གལ་ཆེན་པོ་རེད། བོད་པ་ཚོས་གློག་བརྙན་ཞིབ་བཤེར་ཚོགས་པར་ངོ་རྒོལ་དང་འབོད་སྐུལ་ཞུས་ཀྱང་གྲུབ་འབྲས་ཐོན་དཀའ་དེ་ལས་རྒྱ་གར་བ་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོར་འགྲོ་སོང་གཏོང་དགོས་ཀྱང་ཚོགས་པ་སྐྱིད་སྡུག་ཁག་གི་འགྲོ་སོང་གཏོང་ནས་ཡར་མར་ཞུ་གཏུག་བྱེད་རོགས་ཞེས་འབོད་སྐུལ་ཞུ་ན་ཡག་ཤོས་རེད།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "རྒྱལ་དར་གཙང་གསུབ་གཏོང་བའི་ཐག་གཅོད་ལ་ངོ་རྒོལ་ཡོད།"བརྗོད་གཞི་གཞན་ཁག་ལ་གཟིགས།