རྒྱལ་དར་གསུབ་ཐབས་ལས་འཕྲོ་བའི་གླེང་སློང་དུམ་བུ་ཞིག

༡༽རྒྱ་གར་གྱི་ལག་ཏུ་ཤ་དམར་དྲི་བྲོ་བ་ཞིག་ཡོད་ན་རྒྱ་ནག་ཁྱི་སྤྱང་གི་སྔོན་དུ་ག་རེ་འཁྲབ་ན་ཕན་བགྱི་མ་རེད། ཉིན་ཞིག་ཤ་དེ་ཁྱི་ལ་ཤོར་འགྲོ་གི་རེད། ༢༽དེས་ལས་སོ་སོའི་ཡུལ་གྲུ་འདི་ཚགས་ཇེ་ཚུགས་དང་གོང་འཕེལ་གང་མྱུར་དུ་བཏང་སྟེ་ཨ་རི་དང་ཡོ་རོབ་སོགས་སྟོབས་ཆེན་རྒྱལ་ཁབ་རྣམས་སོ་སོའི་ཕྱོགས་སུ་འགུགས་ཐབས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་ནང་དུའང་མགྱོགས་ནས་མྱུར་དུ་ཞུགས་ཐབས་བྱེད་དགོས།༣༽ རྒྱ་གར་མང་གཙོའི་རྒྱལ་ཁབ་ཆེན་པོ་འདི་ལྟ་བུ་ཞིག་ག་རེ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་ནང་དུ་མ་ཚུད་པ་རེད། ག་རེ་བྱས་ནས་རྒྱ་ནག་ལྟ་བུ་དུས་རབས་ཉེར་གཅིག་ནང་དུའང་དམར་ཤོག་གི་ལམ་ལུགས་འཛིན་ནས་སོ་སོའི་མི་མང་ལ་མེ་མདའ་རྒྱག་ཕོད་མཁན་གྱི་སྲིད་གཞུང་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་ནང་དུ་སླེབས་སོང་བ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་རྩའི་ལྟ་གྲུབ་དེ་དམར་ཤོག་ཡིན་ནམ་མང་གཚོའི་ལམ་ལུགས་རེད་ཅེས་སོ་སོར་དྲི་བ་གཏོང་དགོས། ༤༽རྒྱ་ནག་གི་དཔོན་རིགས་རྣམས་མང་གཙོའི་ལམ་ཡང་དག་པ་ལ་འཁྲིད་ཐབས་དང་།༥༽ རྒྱ་ནག་གི་མི་མང་ནང་དུའང་མང་གཙོའི་ཤེས་བྱ་ཡང་དག་པ་སྤེལ་ཐབས་བྱེད་དགོས། ༦༽དེ་བཞིན་བོད་དོན་ལའང་རྒྱབ་སྐྱོར་བྱེད་ན་ཕན་ཐོགས་མང་བར་ཡོད་སྙམས། རྒྱ་ལ་སྐྲག་ནས་ག་དུས་བར་སྡོད་དགོས་རེད། ས་ཡི་གོ་ལ་འདི་མེད་པར་མ་གྱུར་བར་རྒྱ་ནག་ལ་ངོ་སྲུང་བྱེད་རྒྱུ་འདྲ་ཡིན་ན།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "རྒྱལ་དར་གཙང་གསུབ་གཏོང་བའི་ཐག་གཅོད་ལ་ངོ་རྒོལ་ཡོད།"



བརྗོད་གཞི་གཞན་ཁག་ལ་གཟིགས།