བོད་ནང་དམར་གསོད་མཚམས་འཇོག་བྱོས།

རྒྱ་ནག་གཞུང་གིས་མུ་མཐུད་དྲག་གནོན་འོག་བོད་ནང་གི་བོད་མི་མང་པོའི་ཚེ་སྲོག་ཤོར་དང་ཤོར་བཞིན་པར་བརྟེན་དེ་རིང་ཞོགས་པ་ཆུ་ཚོད་༡༠པའི་ཐོག བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བོད་མི་༡༠༠༠ལྷག་ཙམ་ཞིག་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དྲན་རྟེན་རྡོ་རིང་མདུན་ནས། དྷ་ཤོད་ཀཱ་ཅཱ་རི་དབར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་སོང༌།

ངོ་རྒོལ་སྐབས་བོད་མི་ཚང་མས་སྟོད་ཐུང་ནག་པོ་གྱོན་ནས། རང་སྲོག་བློས་གཏོང་གིས་རང་ལུས་མེ་རུ་སྒྲོན་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ཀྱི་སྐུ་པར་ལག་ཏུ་བཟུང་ཞིང༌། བོད་རང་བཙན་གཙང་མ་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། བོད་ནང་དམར་གསོད་མཚམས་འཇོག་བྱོས། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག་ཅེས་སྐད་འབོད་བྱས་སོང༌། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༡༤ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།