དབྱི་ཊ་ལའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་རམ་ས་ལར་འབྱོར་བ།

གྲོས་ཚོགས་འཐུས་མི་སོགས་མི་༥ལས་གྲུབ་པའི་དབྱི་ཊ་ལའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་རམ་ས་ལར་ཕེབས་ནས་ཕྱི་ཟླ་༩པའི་ཚེས་༣༠ནས་ཕྱི་ཟླ་༡༠པའི་ཚེས་༣བར་ཁྱོན་ཉིན་གྲངས་༤ཙམ་རིང་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སོགས་སུ་གཟིགས་སྐོར་གནང་ཡོད་འདུག

ཕྱི་ཟླ་༡༠པའི་ཚེས་༡ཉིན་ཁོང་ཚོས་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་༢པའི་མཇུག་སྡོམ་ཚོགས་འདུ་ཐོག་མཉམ་ཞུགས་གནང་བས་མ་ཚད། དེ་ཉིན་དམིགས་བསལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་ཆུང་མཇལ་ཁ་ཡང་ཞུས་ཡོད་འདུག ཕྱི་དྲོར་ཁོང་ཚོས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་དང་དེ་རྗེས་དབུས་སྣེ་ལེན་ཁང་སོགས་སུ་གཟིགས་སྐོར་གནང་ཡོད་འདུག

ཕྱི་ཚེས་༢ཉིན་གྱི་དགོང་མོར་ཚོགས་དྲུང་ལས་ཁུངས་ཀྱིས་གོ་སྒྲིག་འོག་གངས་སྐྱིད་སྤྱི་ཐབས་ནང༌། དབྱི་ཊ་ལིའི་སྐུ་ཚབ་རྣམ་པ་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་དུ་དགོང་ཟས་ཤིག་གོ་སྒྲིག་ཞུས་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༤ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།