ཐའེ་ཝན་ཆིན་ཧྭ་སློབ་ཆེན་དུ་བོད་དོན་འགྲེལ་བརྗོད་གནང་འདུག

རེས་གཟའ་ཕུར་བུའི་ཉིན་ཐའེ་ཝན་གྱི་ཆིན་ཧྭ་སློབ་གྲྭ་ཆེན་མོའི་བཞུགས་མོལ་ཚོགས་འདུའི་ཐོག་ཐའེ་ཝན་བོད་ཀྱི་དོན་གཅོད་ཟླ་བ་ཚེ་རིང་ལགས་མཉམ་བཞུགས་གནང་ནས་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད་འདུག

སྐབས་དེར་སློབ་གླིང་དེའི་དགེ་སློབ་བརྒྱ་ཕྲག་ལྷག་མཉམ་བཞུགས་གནང་ཡོད་ལ། དེའི་ནང་དུ་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་བའི་སློབ་མ་༣༠ཚོགས་ཞུགས་གནང་ཡོད་པ་དང༌། ཆུ་ཚོད་༢དང་སྐར་མ་༤༠ཙམ་གྱི་རིང་ལ་རྒྱ་ནག་ལ་གནོན་ཤུགས་ཡོད་པའི་མི་སྣ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲི་ལན་གནང་ཡོད་པ་དང༌། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་དེ་ནི་ཆིན་ཧྭ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཝང་ཌན་ལགས་ཀྱིས་གོ་སྒྲིག་གནང་པ་དང༌། ཁོང་ནི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་མང་གཙོའི་ལས་འགུལ་སྣེ་ཁྲིད་མཁན་དང༌། ཨ་རིའི་ཧ་ཝར་མཐོ་སློབ་ཀྱི་ལོ་རྒྱུས་རིག་པའི་འབུམ་རམས་པ་ཐོན་པ་དང༌། ད་ལྟ་ཐའེ་ཝན་ཆིན་ཧྭ་སློབ་གྲྭ་ཆེན་མོ་རུ་ལོ་རྒྱུས་ཀྱི་དགེ་རྒན་གནང་བཞིན་ཡོད་འདུག

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོིན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བཞུགས་མོལ་ཚོགས་འདུའི་ཐོག་༧གོང་ས་མཆོག་གི་མཛད་པ་དང་བོད་ཀྱི་ལོ་རྒྱུས། ཆོས་དང་རིག་གཞུང་སོགས་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཚོགས་ཞུགས་པའི་དྲི་བར་ལན་འདེབས་དང༌། ལྷག་པར་དུ་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་སློབ་མ་ཚོའི་དྲི་བར་ལན་འདེབས་གནང་ནས་ཕན་ཚུན་བསམ་བློ་བརྗེ་རེས་དང་གོ་རྟོགས་སྤེལ་གནང་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༡ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།