༧གོང་ས་མཆོག་གིས་ཧིན་སྒོར་འབུམ་༡༠ཞལ་འདེབས་གནང་བ།

ཉེ་ཆར་རྒྱ་གར་ཨོ་རི་ས་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆག་ཕོག་པར་བརྟེན་ཕྱི་ལོ་༢༠༡༡ཟླ་༩ཚེས་༢༩ཉིན་ྋགོང་ས་མཆོག་གིས་ཨོ་རི་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་བརྒྱུད་ཨོ་རི་ས་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཡོད་འདུག

གསུང་འཕྲིན་དེའི་ནང་ཉེ་ཆར་ཨོ་རི་སའི་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆག་ཚབས་ཆེ་བྱུང་རྐྱེན་མི་རྒྱུ་གཉིས་ལ་གནོད་སྐྱོན་ཤུགས་ཆེ་བྱུང་བ་མ་ཟད། མངའ་སྡེའི་མི་གྲངས་ས་ཡ་མང་པོར་བརྡབ་གསིག་ཧ་ཅང་བཟོས་ཡོད་པའི་སྐོར་ཤེས་སྐབས་ངོས་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང༌།  ངོས་ཀྱིས་གོད་ཆག་དེའི་འོག་དཀའ་སྡུག་མྱོང་བཞིན་པའི་ཨོ་རི་ས་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཨོ་རི་སའི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་བཅུ་ཞལ་འདེབས་སྤྲོད་རྒྱུ་ཡིན།

དེ་བཞིན་ཨོ་རི་ས་ཅན་སྡར་གི་རི་གཞིས་ཆགས་སུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་དང་བླངས་ཐོག་ངལ་སེལ་རོགས་སྐྱོབ་རུ་ཁག་བཟོས་ཏེ་ཆུ་ལོག་གིས་གོད་ཆག་ཕོག་ཁུལ་དུ་རོགས་སྐྱོབ་ཆེད་ཐོན་ཟིན་པའི་གནས་ཚུལ་ཡང་ཤེས་རྟོགས་བྱུང་ཞེས་གསུངས་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༡ཉིན།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས་བཏུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།