བདེན་པའི་འབྲས་བུ།

ཉེ་ཆར་༧བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཆེན་པོ་མཆོག་ཨ་རིར་ཚན་རིག་སྔོན་འགྲོའི་ཚོགས་འདུ་དང་། ༧གོང་ས་༧མཆོག་གི་དུས་འཁོར་དབང་ཆེན་ལ་ཆེད་བཅར་ཞུ་གནང་དང་འབྲེལ་ནིའུ་ཡོག་དང་། ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་གཞོན་ནུ། བུ་མེད། ཉིན་སློབ་ཕ་མའི་ཚོགས་ཆུང་སོགས་ཀྱི་གོ་སྒྲིག་གིས་བཀའ་དབང་དང་། གསུང་ཆོས་སོགས་མཛད་རིམ་གེགས་མེད་ལེགས་གྲུབ་བྱུང་སྟེ་འདི་ཟླའི་ཚེས་ལྔ་ཉིན་བཞུགས་སྒར་རྡ་སར་ཞབས་སོར་བདེ་འཁོད་གྲུབ་པར་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་མགོན་པོ་མཆོག་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ། །


བརྗོད་གཞི་གཞན་ཁག་ལ་གཟིགས།