སྤྱི་འཐུས་ཚོགས་གཞོན་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད།

ཤམ་བྷ་ལའི་ཕོ་ཉ། ༢༠༡༡ལོའི་ཟླ་༠༨ཚེས་༠༦ཉིན། ༢༠༡༡ ཟླ་ ༨ ཚེས་ ༥ ཉིན་གནས་ཚུལ་སྤེལ་བ་ལྟར་ན། མ་ན་ལི་སྤང་སྒང་རི་ཁྲོད་ཐུབ་བསྟན་བཤད་སྒྲུབ་བསམ་གཏན་ཆོས་འཁོར་གླིང་དགོན་པའི་མཁན་རིན་པོ་ཆེ་ཐུབ་བསྟན་འོད་ཟེར་མཆོག་གི་ཡང་སྲིད་ལྔ་འགྱུར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་བའི་མཆོག་སྤྲུལ་འཇིག་མེད་བསྟན་འཛིན་འགྱུར་མེད་མཆོག་གི་ཆེད་འདི་ཟླའི་ཚེས་ ༤ ཉིན་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་ཡུན་གནས་ཆེད་གསོལ་འདེབས་སྨོན་འདུན་དང་བཅས་ཁྲི་འདོན་གནང་རྒྱུ་ཡིན་འདུག་པའི་སྐབས་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཞུང་འབྲེལ་མགྲོན་འབོད་གནང་བ་ལྟར་ཕྱི་ལོ་ ༢༠༡༡།༨།༣ ཉིན་ཚོགས་གཞོན་མཆོག་སྔ་དྲོ་རྡ་ས་ནས་ཕེབས་ཐོན་གནང་སྟེ་མ་ན་ལིར་ཕེབས་འབྱོར་གནང་ཡོད། ཕྱི་ཚེས་ ༤ དང་ ༥ བཅས་ཉིན་གཉིས་རིང་མཛད་སྒོར་མཉམ་ཞུགས་གནང་རྒྱུ་དང༌། ཕྱི་ཚེས་ ༦ ཉིན་མ་ན་ལི་ནས་ཕྱི་དྲོ་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།