བསམ་ཚུལ།

རྣམ་དཔྱོད་ཀུན་གསལ་མཐaའ་ལས་ཡངས་ཤིང་ལྷག་བསམ་གྱི་ཆུ་སྐྱེས་མངོན་པར་དཀར་བ་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས། གུས་རང་བོད་ཡིག་བཀོལ་སྤྱོད་མེད་པར་ལོ་ངོ་དུ་མར་འདས་རིང་ལ་ད་ཆ་ཡི་གེ་གང་ཞིག་བྲིས་ཀྱང་དག་ཆ་ལ་ཐེ་ཚོམ་གྱིས་ཅི་བྱ་བརྟོལ་མེད་དུ་གྱུར་པའི་སྐབས་འདིར་བོད་ཡིག་གི་དྲ་རྒྱ་དེ་དག་གིས་ཕན་ཐོགས་བླ་ན་མེད་པར་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གུས་ནས་དྲན་པ་ཞིག་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་རྒྱ་ཕེབས་སྐབས་སུ་པཎ་ཆེན་བསྟན་པའི་ཉི་མའི་ཡབ་དེ་ཉིད་དབེན་དགོན་བར་དུ་ཕེབས་སྐྱེལ་དུ་བཅར་བས་དམིགས་བསལ་ཐུགས་དགྱེས་ཚོར་ཆེན་པོས་མཇལ་དར་དང་སྲུང་མདུན་གནང་བ་སོགས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་མཛད་དུ་ཡོད། ཁོང་གཞིས་རྩེའི་ཉེ་འགྲམ་པད་ནམ་དུ་འཁྲུངས་པ་ལས་གཟིམ་ཤག་ལྷ་ཀླུར་འཁྲུངས་པ་མིན་པ་གུས་པའི་ཆུང་དུས་ཀྱི་དྲན་ལམ་དུ་གསལ་་གསལ་བ་ལགས། དེ་བཞིན་རྒྱ་དབང་དགུ་པ་ལུང་རྟོགས་རྒྱུ་མཚོ་ཡིན་པ་ནི་ལོ་རྒྱུས་ཡོངས་གྲགས་ལགས།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ལྷ་སའི་རྡོ་རིང་དང༌། ྋརྒྱལ་བའི་ཡབ་གཞིས་ཁག་ངོ་སྤྲོད།"



བརྗོད་གཞི་གཞན་ཁག་ལ་གཟིགས།