ལི་བྷ་ཡའི་བརྙན་འཕྲིན་ཁང་གཏོར་བཤིགས་བཏང་བ།

ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ཉེ་ཆར་ཕྱི་ཟླ་༧པའི་ཚེས་༢༩དང་༣༠ཉིན་༢ནང༌བྱང་ཆིངས་དོན་སྒྲིག་འཛུགས་ NATO ཀྱི་དམག་དཔུང་གིས་བར་སྣང་ནས་འཇག་རྒོལ་བྱས་ཏེ། ལི་བྷ་ཡའི་སྲིད་འཛིན་གྷ་དྷ་ཕི་སྲིད་གཞུང་གི་བརྙན་འཕྲིན་ཁང་ཞིག་ལ་གཏོར་བཤིགས་ཚབ་ཆེན་བཏང་ཡོད་འདུག

ལི་བྷ་ཡའི་ནང་གནས་སྡོད་བྱས་ཡོད་པའི་བྱང་ཆིངས་དོན་སྒྲིག་འཛུགས་ཀྱི་དམག་གི་དམག་དོན་མགྲིན་ཚབ་པ་ལའེ་སྦ་ཡིས། བྱང་ཆིངས་དམག་གི་འཐབ་འཛིང་གནམ་གྲུས་ཉིན་དེར་ལི་བྷ་ཡན་གྱི་རྒྱལ་ཁབ་ཀྱི་བརྙན་འཕྲིན་ཁང་ལ་འབར་རྫས་གཡུགས་ཏེ། ལེ་བྷ་ཡན་གྷ་དྷ་ཕི་སྲིད་གཞུང་གི་བརྙན་འཕྲིན་གྱི་འཁོར་སྐར་གནམ་སྐུད་གསུམ་གཏོར་སྐྱོན་བཏང་ཡོད་ཅེས་བརྗོད་ཡོད་འདུག

འོན་ཀྱང་ཕྱི་ཚེས་༣༠ཉིན་ལེ་བྷ་ཡའི་གྷ་དྷ་ཕི་སྲིད་གཞུང་གིས་མུ་མཐུད་ནས་ཕྱི་ཕྱོགས་སུ་བརྙན་འཕྲིན་ལེ་ཚན་ཞིག་གཏོང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༨ཚེས་༢ཉིན། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།