ཨོ་སི་ཊོ་ལི་ཡའི་ནང་བོད་དོན་གོམ་བགྲོད་གནང་འཆར།

དེ་རིང་ཕྱི་ཚེས་༢༣ཉིན་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཝི་ཊི་ནམ་མི་རིགས་བཅས་ནས། རྒྱ་ནག་གི་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་༦༠འཁོར་བ་ཟེར་བའི་བྱེད་སྒོ་དེར་ངོ་རྒོལ་དང༌། སྐུའི་ཚ་བོ་སྲས་འཇིགས་མེད་ནོར་བུ་ལགས་དྲན་གསོ་བཅས་ཀྱི་ཆེད་༼བོད་དོན་གོམ་བགྲོིད་༽ཀྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་འདུག སྐབས་དེར་རྒྱལ་ཚོགས་ཀྱི་བོད་རང་བཙན་ཚོགས་པ་དང༌། བོད་མི། བོད་དོན་རྒྱབ་སྐྱོར་བ། ཝིད་ཊི་ནམ་མི་རིགས་བཅས་ནས། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་བྷེར་སི་བྷ་ནིང་དང༌། མེལ་བྷུར་ནིང༌། སི་ཊི་ནིང༌། ཨ་ཌེ་ལའེ་ཌི་བཅས་གྲོང་ཁྱེར་ཁག་༤ཙམ་བརྒྱུད་ནས་ཞི་བའི་གོམ་བགྲོད་གནང་འཆར་ཡོད་པ་ཞིག་རེད་འདུག

༧གོང་ས་མཆོག་གི་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ནི་འདི་ལོར་དགུང་ལོ༤༥ ཡིན། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་འདི་ལོ་ཕྱི་ཟླ་༢པའི་ཚེས་༡༤ཉིན་བོད་དོན་གོམ་བགྲོད་ཆེད་དུ་གཞུང་ལམ་ཐོག་རྐང་ཐང་དུ་འགྲོ་བའི་སྐབས་སུ་རླངས་འཁོར་ཞིག་གིས་བརྡུངས་ནས་སྐུ་སྲོག་ཤོར་ཡོད། སྐབས་དེར་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་འདི་ལོ་ཕྱི་ཟླ་༢པའི་ཚེས་༡༤ནས་འགོ་འཛུགས་ཀྱིས་ཧྥི་ལོ་རི་ཌའི་མཚོ་འགྲམ་གྲོང་ཁྱེར་ཁག་བརྒྱུད་ནས་མི་ཊར་ ༤༨༠ ཙམ་ལ་གོམ་བགྲོད་གནང་རྒྱུའི་འཆར་གཞི་ཡོད་པ་ཞིག་རེད་འདུག

ཁོང་ནི་རྒྱུན་དུ་བོད་དོན་ལ་ཐུགས་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཚད། ཡབ་དམ་པ་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་དགོངས་པ་ལྟར། བོད་རང་བཙན་ཆེད་གོམ་བགྲོད་ཐེངས་མང་གནང་མྱོང་ཡོད་པའི་ནང་། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༢༣ཉིན། ལོ་སྔོན་མའི་ནང་དུ་ཐའེ་ཝན་གྱི་ས་ཆ་མང་པོ་ཞིག་ཏུ་རྒྱང་ཐག་མི་ཊར་༤༨༠ ཙམ་གྱི་ས་ཆར་བོད་དོན་ཆེད་ཞི་བའི་གོམ་བགྲོད་གནང་ནས། ཐའེ་ཝན་ཁུལ་གྱི་རྒྱ་མི་རིགས་མང་པོ་ལ་བོད་དོན་དྲིལ་བསྒྲགས་ཤུགས་ཆེ་བྱས་ཡོད།

རྒྱ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།