ཨ་སྒོར་ས་ཡ་༢རོགས་རམ་གནང་རྒྱུ་ཡིན་འདུག

ཨ་རིའི་ཨོ་བྷ་མའི་འཛིན་སྐྱོང་ལས་ཁུངས་ནས་ལས་བྱེད་པ་ཞིག་གིས་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་རོགས་སྐྱོ་ལས་ཁུངས་ཀྱི་ངོས་ནས་རྒྱ་གར་ནང་ཡོད་པའི་ཆེད་གཉེར་དོན་གཅོད་བརྒྱུད་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཡར་རྒྱས་ཆེད་ཨ་སྒོར་ས་ཡ་༢རོགས་རམ་གནང་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མཱ་རོ་ཨོ་ཊི་རོ་མཆོག་གིས། དངུལ་དེ་རྒྱ་གར་དང་བལ་ཡུལ་འབྲུག་བཅས་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ལ་ལོ་གཉིས་ཀྱི་རོགས་རམ་ལས་རིམ་ནང་བགོ་བཤའ་རྒྱག་ནས་སྤྲོད་རྒྱུ་དང༌། མ་འོངས་ཞིང་ལས་དང་ལག་ཤེས་སྦྱོང་བརྡར་རིགས་ལས་རིམ་གསར་པ་འདིའི་ཁུངས་སུ་གཏོགས་རྒྱུ་དང༌། ལས་རིམ་འདི་ནི་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་དང༌། གཞན་ཡང་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་སྲུང་སྐྱོབ་ཡར་རྒྱས་གཏོང་ཆེད་ཡིན་པ་རེད་ཅེས་གསུངས་འདུག

ཨ་རིའི་ཨོ་བྷ་མའི་འཛིན་སྐྱོང་གི་མགྲིན་ཚབ་པ་ཞིག་གིས། ཨ་རིས་རྒྱུད་དུ་བོད་ཕྱི་ནང་གཉིས་ཀའི་ནང་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་རོགས་རམ་བྱེད་བཞིན་པ་དང༌། བོད་མིའི་རིག་གཞུང་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད། ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་རོགས་སྐྱོ་ལས་ཁུངས་ཀྱི་ངོས་ནས་མ་འོངས་མུ་མཐུད་ནས་རོགས་རམ་བྱ་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༡༦ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
སེམས་འཕྲལ་མེད་པར་སེམས་འཕྲལ། རི་བོང་གནམ་རྡིབ་ཀྱི་སེམས་འཕྲལ། །དང་པོ་དངུལ་དེ་སྐྱབས་བཅོལ་བོད་མིའི་ལག་ཏུ་འབྱོར་བཅུག དེ་ནས་ཀརྨ་ཡེ་ཤེས་ཁྱེད་ཀྱི་སྨོན་ལམ་འདེབས་ནའང་ཕྱི་གྲབས་ཀྱི་མ་རེད།
སྦྱིན་བདག་ནས་དངུལ་གནང་བ་ཧ་ཅང་ཐུགས་རྗེ་ཆེ་ཞུ། དངུལ་དེ་གཏམ་དཔེར། ནམ་མཁའ་ནས་བབས་དུས་བྱ་རོ་ཙམ། བར་སྣང་ལ་སླེབས་དུས་བྱིའུ་རོ་ཙམ། ས་ཐོག་ལ་འབྱོར་དུས་འབུ་རོ་ཙམ་དུ་མ་གྱུར་བར་ཉམས་ཆུང་བོད་རིགས་སྐྱབས་བཅོལ་བ་སྐྱོ་བོ་རྣམས་ལ་མིག་སྨན་མིག་ཐོག་གི་དཔེ་ལྟར་ཡོངས་བའི་སྨོན་ལམ་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།