ཁེ་ན་ཌ་ཁུལ་དུ་བོད་མི་སྐྱབས་བཅོལ་ཆིག་སྟོང་ལེན་འཆར།

ཤམ་བྷ་ལའི་ཕོ་ཉ། ༢༠༡༡ལོའི་ཟླ་༠༧ཚེས་༡༤ཉིན། འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་གསལ་ལྟར་ན། འདེམས་ཐོན་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་བྱང་ཨ་རི་ཁེ་ན་ཌ་ཡུལ་དུ་རྒྱ་གར་ཨ་རུ་ན་ཅལ་མངའ་ཁུལ་དུ་རྟེན་གཞི་བྱས་ཡོད་པའི་བོད་མིའི་གཞིས་སྒར་ནས་བོད་མི་ཆིག་སྟོང་ཐམ་པ་གཏན་འཇགས་སྐྱབས་བཅོལ་དུ་གནས་སྤོ་གནང་ཕྱོགས་སྐོར་༢༠༡༡ལོའི་ཟླ་༠༧ཚེས་༡༡ཉིན་གསུང་བཤད་གནང་བ་ཞིག་ཁེ་ན་ཌའི་བོད་ཀྱི་མཐུན་ཚོགས་ནས་འདི་ག་གསར་ཁང་དུ་བཏང་བའི་བརྙན་འཕྲིན་གསར་འགྱུར་ཞིག་མདུན་ངོས་སུ་ཡོད་པ་ལ་གཟིགས་རོགས་གནང༌།།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
ཨ་རུ་ན་ཅལ་དུ་བོད་མི་མང་ཆེ་བ་ཞིང་ལས་ཁོ་ནར་བརྟེན་ནས་འཚོ་བ་བཞིན་བོད་ནས་འབྱོར་བའི་གསར་འབྱོར་མང་ཆེ་བའི་ནང་མི་ཡང་ཞིང་ལས་ཁོ་ནར་བརྟེན་ནས་དབུལ་འཕོང་གི་འཚོ་བ་གཅིག་མཚུང་རེད་ དེས་མ་ཚད་དབུལ་འཕོང་གསར་འབྱོར་བར་ས་ཞིང་ནི་མེད་ཁང་པ་ནི་མེད་དུས་དཀའ་ངལ་ཆེན་པོ་འདུག་ དགོངས་པ་རྒྱ་ཆེ་ཙམ་དང་མཐོང་རྒྱ་ཡང་ཙམ་བྱས་ཏེ་ ཐག་གཅོད་གནང་རོགས། གལ་ཏེ་གོ་སྐབས་བྱུང་ཚེ་ ཁྲོན་པའི་ནང་གི་སྦལ་པ་མ་བྱེད་རོགས་ཞེས་འབྲེལ་ཡོད་ཚོས་དགོངས་པ་བཞེས་རོགས།
ངའི་བསམ་པར་བོད་ནས་ཕེབས་པ་རྣམས་ལ་གོ་སྐབས་དེ་རག་ན་དྲན་གྱི་འདུག གང་ཡིན་ཟེར་ན་ བོད་ནས་ཡོང་མཁན་རྣམས་རྒྱ་གར་གྱི་སྐད་བརྡ་མི་འཕྲོད་པ་སོགས་ལས་ཀ་རེག་ཀྱང་གཞན་གྱི་དམའ་འབེབས་བྱེད་ཀྱི་འདུག་ དཔེ་ན་རྒྱ་གར་སྐད་དུ་"ཀ་ཅ་"ཞེས་གཞིས་ཆགས་ཕོན་ཆེ་བས་ཐུབ་ཚོད་གཏོང་གི་འདུག་ བོད་དུ་ལོག་པ་ནི་མི་ཐུབ་པའི་བྱ་བ་ཞིག་རེད་ཆབ་སྲིད་ཀྱི་འཕོ་འགྱུར་དེས་རྐྱེན་ ཕྱི་རྒྱལ་དུ་ནི་གོ་སྐབས་བརྒྱ་ཆ་བརྒྱད་བཅུ་གཞིས་ཆགས་ལ་སྤྲོད་ཀྱི་འདུག དེ་འདྲ་མུད་མཐུད་བྱས་ན་དྲང་པོ་མ་རེད་ གསར་འབྱོར་ལ་གང་ཡང་ཡོད་མ་རེད་ དེ་དགོངས་པ་བཞེས་རོགས་ ལྟོ་གྲོད་པས་ནུན་པ་ཞིག་དང་གོས་ལུས་འཐུམ་ཙམ་ལས་ཡོད་མ་རེད་ ད་དུང་བོད་དོན་ཐོག་ཨང་དང་པོར་ཡོང་གི་རེད་ ལས་བྱེད་པས་དྲང་པོ་མ་བྱས་ན་བོད་སྤྱི་ལ་གནོད་ཀྱི་རེད་ བོད་སྤྱི་ལ་བསམ་ནས་ལས་འགོ་བཙུགས་རོགས་བྱ་བ་གང་སྒྲུབ་དུས་ བོད་པ་ཡིན་ནས་བཤད་ཡིན་ བསམ་བློ་གཏོང་རོགས།
4 ༢༦༢༠༡༢༡༧༠༤
དེ་འདྲའིི་གོ་སྐབས་ཡག་པོ་ཐོབ་དུས་གཞུང་བྱེད་དང་གཞིས་ཆགས་ངོ་ཆེན་དང་རྒྱུསཆེན་མང་པོ་ཞིག་འགྲོ་རྒྱུ་རེ་བ་ཆེན་པོ་བྱེད་བཞིན་པ་ཡིན་།
3 ༡༥༢༠༡༡༠༠༠༠
ཨ་རི་ནས་གོང་མཆོག་གི་དུས་དབང་སྐབས་གཞོན་ནུའི་སྟོད་གོས་ལ་བོད་གཞུང་ཡོད་པའི་རྟག་ས་་དེ་ལ་དུས་དབང་གོ་སྒྲིགས་ཚོགས་ཆུང་གི་མི་སྣ་ཞིག་གི་དེ་ལ་ངོ་རྒོད་བྱས་པ་དེ་ནི་ཡིད་སྐྱོ་དགོ་བའི་གནས་ཚུལ་ཞིག་རེད། བར་ཅིག་ལ་བོད་ཀྱི་རྒྱལ་དར་ཡང་བཤམ་མི་ཆོག་པ་ཐག་ཆོད་རེད། འདི་འདྲ་བྱས་ནས་བོད་ཀྱི་ཆ་ལུགས་ཡོས་སུ་རྫོགས་མཉམ་རྒྱུ་ཡིན་པ་སྨོས་མེད་རེད།་ བཀྲ་ཤིས་བདེ་ལེགས།
2 ༡༤༢༠༡༡༢༣༢༤
བཀའ་ཁྲི་མཆོག་སྐུ་མཁྱེན་གཞི་ཆག་གཅིག་པོ་མ་ཡིན་པར་སྐལ་ངལ་འཕྲད་བཞིན་པའི་གསར་འབྱོར་བ་རྣམས་ཡང་གཏོང་རོགས་བྱས་ཟེར་ནས་འབོད་བསྐུལ་ཞུ་བཞིན་ཡོད།
1 ༡༤༢༠༡༡༢༣༡༨
བཀའ་ཁྲི་མཆོག་སྐུ་མཁྱེན་གཞི་ཆག་གཅིག་པོ་མ་ཡིན་པར་སྐལ་ངལ་ཕྲད་བཞིན་པའི་གསར་འབྱོར་རྣམས་ཡང་གཏོང་ཐབས་བྱས་རོགས་ཟེར་ནས་འབོད་བསྐུལ་ཞུ་བཞིན་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།