མ་ཎི་ཀ་རན་ཁུལ་དུ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

ཤམ་བྷ་ལའི་ཕོ་ཉ། ༢༠༡༡ལོའི་ཟླ་༠༧ཚེས་༠༦ཉིན། འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་གསལ་ལྟར་ན། མ་ཎི་ཀ་རན་གྱི་གསར་འགྱུར་མདོར་བསྡུས་ཙམ་ཞུས་ན། ཀུ་ལུ་རྫོང་གི་མངའ་ཁོངས་མ་ཎི་ཀ་རན་ལ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་བཀྲ་ཤིས་ལགས་ཀྱིས་གཙོ་བོར་གྱུར་པའི་རྒྱ་གར་ཁམས་པ་དང༌། དགའ་ཤར་པ། པུ་ཏི་བ། མུན་ཁུང་པ། ཤར་པ། བཅས་མཉམ་རུབ་ཀྱིས་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྟབས་བདེ་ཞིག་སྲུང་བརྩི་ཞུས་ཏེ་ཞོགས་པ་ཕྱག་ཚོད་༩༽པའི་ཐོག་༧གོང་ས་མཆོག་གི་སྐུ་པར་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་མཇལ་དར་བསྒྲོན་པ་དང༌། དེ་རྗེས་བསངས་གསོལ་དང༌། མང་ཚོགས་ལ་འབྲས་སིལ།་གསོལ་ཇ་འདེགས་འབུལ། བླ་མ་མཆོད་པའི་ཚོགས་འབུལ་བ་དང༌། ཉིན་དགུང་བཞེས་ལག་གང་རྒྱས་དང་རྒྱ་གར་བ་ཚོ་ལ་མངར་ཟས་ལ་ཀྲུག་གོ་སྒྲིག་གནང་འདུག སྐབས་དེའི་དུས་ཆེན་དུ་མཉམ་ཞུགས་གནང་མཁན་་བོད་པ་ཡིན་པ་ནི་བཀྲ་ཤིས་ལགས་ཁོ་རང་དང་སྔགས་འཆང་པ་་སྤོ་བོ་འཕྲིན་ལས་ལགས་གཉིས་རེད་འདུག ཁོ་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་ནས་ལོ་མང་པོ་ཆས་སྐད་འདུག གསར་འགྱུར་མཁོ་སྤྲོད་གནང་མཁན་དགེ་ཚེ་དབང་མཐར་ཕྱིན་ལགས།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཡག་པོ་འདུག ༧གོང་ས་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དོན་དྲུག་འཁོར་བའི་འཁྲུངས་སྐར་ལ་ཕུལ།།



བརྗོད་གཞི་གཞན་ཁག་ལ་གཟིགས།