ྋགོང་ས་མཆོག་བཞུགས་སྒར་ནས་ཨ་རིར་ཆིབས་སྒྱུར་བསྐྱངས་པ།

ཤམ་བྷ་ལའི་ཕོ་ཉ། ༢༠༡༡ལོའི་ཟླ་ཚེས་༠༥ཉིན། ༄༅། །ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པས་འཛམ་གླིང་ཞི་བདེ་ཡོང་བ་དང༌། བོད་ཀྱི་བསྟན་སྲིད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བ། འཛམ་གླིང་ཁྱོན་ལ་རང་བཞིན་འབྱུང་བའི་གནོད་འཚེའི་རིགས་མི་ཡོང་བ་སོགས་ལེགས་ཚོགས་སྒོ་དུ་མར་དམིགས་ཏེ་བོད་མིའི་འདི་ཕྱི་གཉིས་ཀྱི་ྋསྐྱབས་གནས་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་སྐྱོང་ཡོང་བའི་ཇི་ལྟར་སྔོན་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པར་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༤ ཉིན་གྱི་ཆུ་ཚོད་ ༡༢།༤༠ ཐོག་ྋགོང་ས་མཆོག་རྡ་ས་བཞུགས་སྒར་ཕོ་བྲང་ནས་ཕེབས་འགྲོའི་ཐོག་ག་གྷལ་གནམ་ཐང་དུ་ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་སེར་སྐྱ་མི་མང་སོགས་ནས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད།

དེ་ཡང་མགོན་པོ་གང་ཉིད་མཆོག་ད་རེས ༢༠༡༡ ཟླ་ ༧ ཚེས་ ༤ རེས་གཟའ་ཟླ་བ་ཉིན་ག་གྷལ་གནམ་ཐང་བར་དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་འབྲོང་ཆུང་དངོས་གྲུབ་སོགས་ཀྱིས་ཕེབས་སྐྱེལ་ཞུས་ཡོད། གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལི་དང༌། དེ་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ྋཞབས་སོར་འཁོད་རྗེས་སྔོན་འགྲོའི་བཀའ་ཆོས་དང་འབྲེལ་དེར་འདུས་ཕྱི་ནང་གི་དད་ལྡན་སེར་སྐྱ་སྟོང་འཚོ་མང་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སུམ་ཅུ་སོ་གཅིག་པ་སྩལ་རྒྱུ་ཡིན་འདུག་པ་བཅས། ། བོད་མིའི་སྒྲིག་འཛུགས་དྲ་གནས་ལས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།