སྐུའི་འཁྲུངས་སྐར་སྐབས་བལ་གཞུང་གིས་དམིགས་བསལ་དམ་དྲག

༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྐབས་དང༌༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཚེས་ལ་ཉེ་བའི་དུས་འདིར་བལ་ཡུལ་གཞུང་གིས་བོད་མིའི་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པས་མ་ཚད་ཉེས་མེད་བོད་མི་༣༩ཙམ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ལྷག་པར་རྒྱ་ནག་གཞུང་གིས་བལ་ཡུལ་དུ་གཏན་སྡོད་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཆིའུ་གོ་ཧོང་གཞུང་ཚབ་ཁང་གི་ལས་འཁུར་དུས་ཚོད་མ་རྫོགས་གོང་རྒྱ་ནག་ཏུ་ཆེད་འགུག་བྱས་ཡོད་འདུག་ལ། འདི་ནི་སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ཕྱོགས་ནས་བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར། དམ་དྲག་དང་སྟངས་འཛིན་བྱེད་ཕྱོགས་ཐད་འདོད་བློ་མི་ཁེངས་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད་ཅེས་བརྗོད་འདུག

རྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་གཞུང་གིས་ད་ལྟའི་ཆར་ཁྱོན་བོད་མི་༤༧ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ལ། བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན་བོད་མི་ཚོས་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་སྐབས། བལ་གཞུང་གིས་བོད་མི་ཁག་ཅིག་འཛིན་བཟུང་དང་། ༧གོང་ས་མཆོག་དང་ཀརྨ་པའི་སྐུ་པར་དང༌། བོད་ཀྱི་རྒྱལ་དར་སོགས་ཀྱང་སྒྲེང་འཛུགས་བྱེད་མི་ཆོག་པའི་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༤ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།