འགྲོ་བ་མིའི་ཐོབ་ཐང་གླེང་བ་དགའ་པོ་བྱུང༌སོང་།

ཟླ་འདིའི་ཚེས་༢༨ཉིན་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་ཇར་མན་ནིང་དུ་འབྱོར་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ལྒང་ཕུག་ནག་པོ་ནམ་མཁར་བཏང་ནས་ངོ་རྒོལ་དང༌། ཇར་མན་ནིང་སྲིད་འཛིན་མཆོག་གིས་ཁོང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་ལུགས་སོགས་གསུངས་འདུག

དེ་ཡང་ཟླ་འདིའི་ཚེས་༢༨ཉིན་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་ཇར་མན་ནིང་གི་རྒྱལ་ས་བྷར་ལིང་དུ་འབྱོར་སྐབས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ལྒང་ཕུག་ནག་པོ་༣༠༠ནམ་མཁར་བཏང་ནས་ངོ་རྒོལ་བྱས་ཡོད་པ་དང༌། དེའི་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༡ཟླ་༣པ་ནས་བཟུང་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་༣༠༠ལྷག་ཙམ་འཛིན་བཟུང་བྱས་པ་དེ་མཚོན་གྱི་ཡོད་འདུག

ཌོ་ཆི་ལན་ཌིའི་བོད་ཀྱི་དང་བླངས་ལས་འགུལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝོལ་ཧྥོ་གྷར་ཌར་ལགས་ཀྱིས། ཐེངས་འདིར་ཇར་མན་ནིང་གི་སྲིད་འཛིན་མཆོག་ནས། རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་ལ་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་ལུགས་སོགས་གསུངས་འདུག་པར་ཧ་ཅང་དགའ་པོ་བྱུང་སོང་ཞེས་གསུངས་འདུག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ལྒང་ཕུག་ནག་པོ་ནམ་མཁར་བཏང་ནས་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་བྱས་པར། ལས་འགུལ་དེ་ཇར་མན་ནིང་གི་ཚགས་པར་སོགས་གསར་འགྱུར་བརྒྱུད་ལམ་ཁག་ ༢༠༠ ཙམ་ནང་ཁྱབ་ཡོད་པའི་གནས་ཚུལ་ཐོན་འདུག

ཌོ་ཆི་ལན་ཌིའི་དང་བླངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཕྱི་ལོ་༡༩༨༩ལོར་གསར་འཛུགས་བྱས་པ་ཞིག་རེད་འདུག ཚོགས་པ་དེ་ནི་བོད་མི་རྣམས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཡིན་པ་དང༌། ད་ལྟའི་ཆར་ཚོགས་པ་དེར་ཇར་མན་ནིང་གི་ས་གནས་ཁག་༦༠ཙམ་ནས་ཁྱོན་ཚོགས་མི་གྲངས་ ༢༠༠༠ ལ་ཉེ་བ་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༡ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།