ཝི་ཊི་ནམ་གྱི་ཆོས་ཞུ་བས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བ།

ཁ་སང་ཕྱི་ཚེས་༢༩གསུང་ཆོས་ཉིན་གཉིས་པའི་ཞོགས་པ་ཆུ་ཚོད་༨དང་ཁྱེད་ཀ་ཐོག་ཝི་ཊི་ནམ་གྱི་དད་ལྡན་ཆོས་ཞུ་བ་༥༠༠ཙམ་གཙོ་བོར་གྱུར་པའི་ཕྱི་ནང་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་༥༥༠༠ལས་བརྒལ་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བསྩལ་གནང་མཛད་པས་མ་ཚད། དེ་རྗེས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་གནང་བཅས་རིམ་པར་གནང་ཡོད།

ཝི་ཊི་ནམ་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་བཀའ་དྲིན་ཞུ་བ་དང་ཆབས་ཅིག མགོན་པོ་གང་ཉིད་འགྲོ་བ་དང་སེམས་ཅན་གྱི་དོན་དུ་སྐུ་ཚེ་ཡུན་རིང་བརྟན་པའི་དར་དཀར་དང་མཆོད་སྤྲིན་མེ་ཏོག་སོགས་ཀྱི་ལམ་ནས་བརྟན་བཞུགས་ཤིག་ཀྱང་འདེགས་འབུལ་ཞུས་ཡོད།

ཁ་སང་ཕྱི་དྲོར་ཝི་ཊི་ནམ་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་རིང་བཀའ་ཆོས་སྩལ་བའི་སྐབས་ཁོང་རྣམས་ནས་གསལ་རྟོགས་མ་བྱུང་བ་དང༌། དོགས་འདྲིའི་རིགས་ལ་བཀའ་ལན་སྩལ་རྒྱུ་ཡིན་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༣༠ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།